博文

目前显示的是 六月, 2023的博文

不要记恨

  记恨是自己给自己的心头上砍了一刀一样,只要往这个方向思考,你就觉得疼痛难忍,坐立不安。所以设法在你记忆里的那些不快乐的事全给它忘了,不要再去想它们,就像是去删除掉电脑磁盘上的那些不想看到的媒体那样。雪山浪子

༄༅།། བརྙན་དང་སེམས་ཚོར།

  གོང་གི་བརྙན་དེའི་གཞིག་ཤོས་ཀྱི་ཚན་པ་གཅིག་དེ་ནི་རྒྱ་གར་གྱི་ཁུངས་སུ་བཅུག་པའི་ཤེས་ལོངས་སམ་ཤེ་ལོང་ཞེས་འབོད་པའི་ས་ཆ་དེ་རེད་ལགས།   དེ་ན་བོད་པ་ཚང་གིས་གཞི་ཆགས་ཡོད་ཅིང་དབྱིན་ཡིག་ནང་དུ་ Shillong  ཞེས་བྲིས་ཡོད། གོང་གི་བརྙན་ཐུང་དེ་ནི་མི་རིགས་གཞན་པ་དེ་ཚོའི་དེང་སང་གི་འདོད་ཚུལ་དང་བཤད་ཚུལ་ལྟར་ན་ཡུལ་མི་འདྲ་བ་གཉིས་མཉམ་དུ་བསྒྲིགས་ཏེ་བཟོས་པ་ཞིག   རྒྱས་དབང་བསྒྱུར་པའི་བོད་ཁམས་ཀྱི་ས་ཆ་འགའ་ཞིག་དང་རྒྱ་གར་པས་བདག་བཟུང་བྱས་པའི་བོད་ཀྱི་ས་ཡིན་པ་ཞིག་མཉམ་དུ་བསྒྲིགས་པའི་བརྙན་ཐུང་ཞིག   གང་ལྟར་ཡུལ་དེར་ཕེབས་མཁན་གྱི་ངའི་དྲྭ་གྲོགས་ཤིག་གིས   “   ་་་ང་་་་ས་མཚམས་ལ་བསླེབས་ཡོད་་ ”   ཅེས་སྨྲས་པར་ཐོས་པས་ང་ལ་ཚོར་བ་སྣ་ཚོགས་ཤིག་ཐོན་བྱུང་དང་།   གཅིག་དེ་ནི།   སེམས་ནི་སྐད་ཅིག་ཉིད་དུ་འབྱོར་ནུས་ཀྱང་།། ལུས་པོ་དངོས་སུ་བསླེབ་པར་བཀག་པའི་རྐྱེན།། སེམས་ཐག་ཤིན་ཏུ་ཉེ་སའི་ཕ་ཡུལ་གྱི།།   རྒྱལ་མཚམས་འགྲིམས་པའི་ཚོར་བ་ངས་ཀྱང་མྱངས།།   ཞེས་དང་།   གཉིས་དེ་ནི། ༄༅།།   གཅིག་ས་གཉིས་ཀྱིས་བགོ་བཤའ་བརྒྱབ།              1  ➗ 2 གཅིག་སར་གཉིས་ཀྱིས་ཐེ་ཇུས་དང་།། ...

前一代人为未来而战,中间一代人创建未来,后一代人享受结果!

 前一代人为未来而战,中间一代人创建未来,后一代人享受结果!在你出生的地方,在你居住过的地方,如果你的祖先们曾经因为他国的侵略而流过鲜血,奉献过生命,那么你更应该懂得流血和生命的价值,更应该明白什么是可怕的杀戮和什么是被统治的结果。所以我们更应该站在乌克兰的立场和反对俄罗斯对乌克兰的侵略。雪山浪子

༄༅ སྐུ་མགྲོན་དུ་ཕེབས་པའི་བྱམས་དཀར་ཚང་།

  བྱམས་བརྩེ་ཐུགས་ན་ཡོད་རྐྱེན།། ཤ་མདངས་དུང་ལྟར་དཀར་ཅེས།། བྱམས་པ་དཀར་ཐོའི་མཚན་ཅན།། གནས་འདིར་བྱོན་པར་དགའ་བསུ།། ཆུང་མ་བདག་མར་འཁྲུངས་པའི།། ལྷ་མོ་གཡང་འཛོམས་མཛེས་སོང་།། བྷན་ནི་ཕོ་གསར་རྫིག་པོ།། ཆུང་དུས་ཨ་ཕར་འདྲ་འདུག། རྒྱ་བོད་མཛའ་མཐུན་ཡོང་བར།། འབྲུག་དང་སེང་གེས་མཚོན་མྱོང་།། ཁྲེལ་མེད་མང་མང་བགྱིས་རྐྱེན།། གངས་བུ་འབྲུག་རྒྱལ་བྱུང་སོང་།། ཆུང་མ་བདག་གི་རྒྱལ་མོར།། སྲིད་ལ་དོ་སྣང་མི་འདུག། བཟའ་ཚང་སྐྱིད་ཅིང་བདེ་བ།། མོ་ཡི་ཚེ་འདིའི་དམིགས་བྱ།། ཐོ་ཐོ་ང་རང་སྐོར་དེ།། བྲིས་ཀྱང་མ་བྲིས་ཀྱང་ནི།། འབྲི་མཁན་ང་རང་ཡིན་པས།། རང་གིས་གང་བསམ་བྲིས་ཆོག། ཐཽས།  14.06.2023

དྲི་བ་ཞིག

  ང་ཚོས་རྒྱའི་སྐད་ཆ་དང་རྒྱའི་ཡི་གེ་གཉིས་ཤེས་དགོས་སམ།  ང་ཚོས་རང་གི་སྤྱི་ཚོགས་སུ་མཁོ་བ་དག་ང་ཚོ་རང་གིས་བཟོ་སྐྲུན་བྱེད་ཐུབ་ན།   མི་རིགས་གཞན་ལ་མི་རིགས་གཞན་གྱི་སྐད་ཡིག་སྤེད་སྤྱད་དེ་འབྲེལ་བ་འཛིན་དགོས་སམ།   ཐཽས།

༄༅།། རྒྱལ་མཚམས།

 ༄༅།། རྒྱལ་མཚམས། སེམས་ནི་སྐད་ཅིག་ཉིད་དུ་འབྱོར་ནུས་ཀྱང་།། ལུས་པོ་དངོས་སུ་བསླེབ་པར་བཀག་པའི་རྐྱེན།། སེམས་ཐག་ཤིན་ཏུ་ཉེ་སའི་ཕ་ཡུལ་གྱི།།   རྒྱལ་མཚམས་འགྲིམས་པའི་ཚོར་བ་ངས་ཀྱང་མྱངས།། ཐཽས།

༄༅།། ཡིག་གཟུགས།

  ༄༅།།   ཡིག་གཟུགས། ཡིག་གཟུགས།  = སྐྱེ་གཟུགས།   རྣམ་པ། དོན་སྙིང་།  =  མི་སེམས། གཤིས་ཀ གཟུངས།  =  འདུན་པ། བདག་དབང་། ལུས་རྟེན་འདྲ་མིན་ཡི་གེའི་གཟུགས་ལྟ་བུ།། མི་སེམས་འདྲ་མིན་དེ་དག་དོན་ལྟ་བུ།། སྨྱུག་ཁའི་ཡི་གེར་སེམས་ཀྱིས་མཐུ་སྦྱར་ཏེ།། ཡི་གེའི་ཚོགས་ཀྱིས་སྡོང་གྲོགས་མཛོད་ཅིག་གསོལ།། ཐཽས།

༄༅།། ཕུང་བོ་དང་རྣམ་ཤེས།

  ༄༅།།   ཕུང་བོ་དང་རྣམ་ཤེས།   ༼འབྲི་སྟངས་དང་པོ།༽ མིའི་ཕུང་བོ་རེ་རེ་ནི་རྣམ་ཤེས་གཅིག་ཁོ་ནར་བསྐྲུན་པའམ་རྣམ་ཤེས་གཅིག་ཁོ་ན་བརྟེན་ནས་འཚོ་བ་སྐྱེལ་སའི་ཁང་བ་གཅིག་པུ་ཁོ་ན་དེ་ལྟ་བུ་ཡིན་ནོ།    གལ་ཏེ་ང་ཚོས་ཁང་པའམ་ཡང་ན་ང་ཚོ་རང་གི་ཕུང་བོ་དེར་བདག་སྐྱོང་ཡག་པོ་མི་རྒྱག་པ་དང་།   དེ་ལ་གཟབ་གཟབ་ངང་དོ་སྣང་མ་བྱས་ཚེ།   ཉིན་ཞིག་ང་ཚོའི་མགྲོན་པོ་ལྟ་བུའི་རྣམ་ཤེས་དེ་ལ་སྡོད་གནས་མེད་པར་ཆགས་སྲིད་དེ།   མུ་མཐུད་དུ་འཚོ་ཐུབ་པར་སྡོད་གནས་གཞན་ཞིག་འཚོལ་དགོས་པར་ཆགས། འོན་ཀྱང་རྣམ་ཤེས་རེ་ལ་ཕུང་བོ་རེ།   ཕུང་བོ་རེ་ལ་རྣམ་ཤེས་རེ་ཁོ་ན་ལས་ད་ལྟའི་ཚན་རིག་གིས་མིའི་རྣམ་ཤེས་ལོགས་སུ་བཀར་ཏེ་དེ་ལ་མིའི་ཕུང་བོ་ཞིག་བཟོ་སྐྲུན་བྱེད་མི་ཐུབ་པས་ན།   ང་ཚོའི་རྣམ་ཤེས་དེ་ལ་འགྲོ་ས་གཞན་གང་ཡང་མེད།   མཐར་འགྲོ་ས་གཅིག་ཡོད་པ་ནི་ང་ཚོས་ཡོངས་གྲགས་སུ་འཆད་ཀྱིན་པའི་འཇིག་རྟེན་གཞན་ཞིག་ཏུ་ཟེར་བ་དེ་རེད། དེའི་ཕྱིར་ཁྱེད་ཀྱི་ཕུང་བོ་ནི་ཁྱེད་ཀྱི་རྣམ་ཤེས་གནས་སའི་ཁང་ཁྱིམ་སྟེ།   ཁང་པ་དེར་གས་སྲུབས་མི་འབྱུང་བའི་ཕྱིར།   ཁྱེད་ཀྱིས་རང་གི་ལུས་པོ་ལ་དོ་སྣང་ཡག་པོ་གནང་རོགས་ཞུ།   ཐཽས།   ༡༩ - ༠༦ - ༢༠༢༣   ལ་བྲིས། ༄༅...

༄༅།། གད་སྙིགས་འཐུ་མཁན། 捡垃圾的人

  ༄༅།།   གད་སྙིགས་འཐུ་མཁན།   捡垃圾的人 དེ་རིང་ངས་གད་སྙིགས་མཐོང་སྟེ།   གད་སྙིགས་ཡིན་པ་ཚོར་ནས་དེ་དག་བཏུས་ཤིང་སྙིགས་སྣོད་ནང་དུ་གཡུགས་ཡིན།   ཉིན་ཞིག   ང་རང་ཉིད་ཀྱང་སའི་གོ་ལ་འདིའི་གད་སྙིགས་སུ་འགྱུར་པའི་དུས་ཤིག་ལ་བསླེབ་སྲིད།   དེ་དུས་ངའམ་ངའི་ལུས་སམ་བེམ་པོ་དེ་ལ་ངས་དེ་རིང་བཏུས་པའི་གད་སྙིགས་དེ་དག་གི་རིན་གོང་ཙམ་ཡང་ཡོད་རྒྱུ་མ་རེད་འདོད།   ལུས་ཀྱི་ཆ་ཤས་མང་བོ་ཞིག་བེད་སྤྱོད་བྱེད་ཡུན་རིང་བས་ན།   གཞན་ལ་ཕན་ཐོགས་པའི་རིགས་གང་ཡང་ཡོད་རྒྱུ་མ་རེད་འདོད།   ལྷག་ཏུ་ང་ནི་ཐ་མག་འཐེན་མཁན་དེ་འདྲ་ཡིན་པས།   གློ་དང་མཆིན་པ་བཅས་ནག་དྲེག་གིས་བཟུང་ཡོད་རྒྱུ་རེད་སྙམ།   དེ་བས་ན།   ང་རང་སའི་གོ་ལ་འདིའི་གད་སྙིགས་སུ་གྱུར་པའི་ཉིན་དེ་ནས་བཟུང་།   ས་ནང་དུ་འཇུག་མི་དགོས།   སྒམ་དེའི་ནང་དང་ཕྱི་གང་འདྲ་མཛེས་ཤིང་དེ་ལ་རིན་གོང་ཇི་འདྲ་ཆེའང་།   དེ་ནི་སྙིགས་སྣོད་ཅིག   དེ་ནས་བཟུང་ངའི་ལུས་སམ་བེམ་པོ་དེ་སའི་གོ་ལའི་གད་སྙིགས་སུ་ཆགས་ཚར་རེད།   ཆུ་ནང་དུ་བསྐྱུར་མི་དགོས།   སྲོལ་རྒྱུན་ལ་དེ་འདྲ་ཡོད་མོད།   དེ་ནི་དོར་དགོས་པའི་གོམས་སྲོལ་རིགས།   ཡག་ཤོས་དེ་ནི་མེ་ལ་བསྲ...

1 ➗2

  ༄༅།།   གཅིག་ས་གཉིས་ཀྱིས་བགོ་བཤའ་བརྒྱབ།              1  ➗ 2 གཅིག་སར་གཉིས་ཀྱིས་ཐེ་ཇུས་དང་།། གཅིག་དེས་དངོས་སུ་བཙན་འཛུལ་དང་།། གཅིག་དེས་དེ་ལ་རྒྱབ་སྐྱོར་མཐར།། གཅིག་ས་གཉིས་ཀྱིས་བགོ་བཤའ་བརྒྱབ།   ཁམས་དེར་བོད་ཁམས་མིང་ཙམ་ལགས།། དཀར་ནག་གཉིས་ཀའི་གཡོ་སྒྱུའི་འོག། དཀར་པོའི་མིན་པ་གར་པོའི་ཆགས། ནག་པོའི་མིན་པ་དམར་པོར་བསྒྱུར།། དེང་སང་གི་བོད་ཁམས་ཏེ་བོད་མི་མང་ཕྱོགས་སམ་ལྔ་བརྒྱད་དང་ལྔ་དགུའི་ལོར་ཚེ་ལས་ཐར་བ་དག་གི་བུ་རབས་ཚ་རྒྱུད་འཚོ་སྡོད་བྱས་ཡོད་སའི་བོད་ཀྱི་ས་ཡིན་པ་གང་ཞིག་བོད་མིར་མི་དབང་བ།   དེ་ནས་སྔར་བོད་ཀྱི་ས་ཡིན་པ་གང་ཞིག་ད་ལྟ་རྒྱ་གར་བས་བདག་པོ་བརྒྱབ་ཡོད་ཅིང་ཡུལ་དེར་ཁྲེལ་མེད་པའི་རྒྱལ་ཁབ་གཉིས་ནས་ཏེ།   རྒྱ་གར་ནག་གམ་དཀར་དམར་གཉིས་ཀྱིས་རྒྱ་གར་ནག་གི་ས་མཚམས་ཞེས་ལོ་རྒྱུས་རྫུན་བཟོ་དང་འཁྱོག་བརྗོད་བྱས་ཏེ།   གནས་ལུགས་དང་དྲང་བདེན་ཟེར་བ་ཁ་ནས་བཤད་ཀྱིན་ཡོད་པ་ཙམ་ལས།   དེ་དག་ལ་བརྩི་སྲིང་མི་བྱེད་པ།   རྒྱལ་ཁབ་ཞིག་གི་བདག་དབང་ལ་གནོད་འཚེ་གཏོང་མི་རུང་ངམ་ཐེ་ཇུས་བྱེད་མི་ཆོག་ཅེས་ཆབ་སྲིད་ཀྱི་གར་སྟེགས་སུ་སྐད་རྫིག་པོས་ཚིག་སྙན་པོ་བཤད་ཀྱང་རུང་།   བོད་མིའི་རྒྱལ...

《蒸熟的包子》

    《蒸熟的包子》 饭店是开了 下午五点正 一切都准备好了   只要有用餐的客户 蒸包子的开水在锅里滚 肉包子   菜包子   奶酪包子 样样都准备好了 辣椒酱   酸奶辣椒 都已齐全 唯一缺的就是前来用餐的客人 已经是下午六点多钟了 一个多小时过去了 饭店外   很是安静   没有车辆   没有自行车   没有人影 突然一场大雨 更是没有人走动 偶尔看见 pizza  店送外卖的 那辆红色的小汽车 雨里来回一两次 饭店里依然是无人影 除了几个厨师和卖酒水的胖子 外面的雨突然停了 然后又是太阳 雨水在地上烹饪 到头来 我自己成了被蒸熟的包子 七点三十二分左右 来了一个想吃 Momo 的顾客 接下来的生意 会是怎样 无可奉告 2023.06.19    浪子 《 steamed Momo 》 Restaurant is open five clock afternoon everything is ready   Boiling water for steame Momo boils in a pot Meat Momo, vegetable Momo, cheese Momo everything is ready chili sauce Yoghurt Chili everything is complete The only thing missing is the guests who come to dine It's already past six in the afternoon over an hour has passed outside the restaurant very quiet no vehicle no bicycle no one Suddenly a heavy rain see occasionally Pizza Delivery the red car back and forth once or twice in the rain There is still nobody in the restaurant Except for a couple of cooks and a ma...