༄༅།། ཕུང་བོ་དང་རྣམ་ཤེས།
༄༅།། ཕུང་བོ་དང་རྣམ་ཤེས། ༼འབྲི་སྟངས་དང་པོ།༽
མིའི་ཕུང་བོ་རེ་རེ་ནི་རྣམ་ཤེས་གཅིག་ཁོ་ནར་བསྐྲུན་པའམ་རྣམ་ཤེས་གཅིག་ཁོ་ན་བརྟེན་ནས་འཚོ་བ་སྐྱེལ་སའི་ཁང་བ་གཅིག་པུ་ཁོ་ན་དེ་ལྟ་བུ་ཡིན་ནོ།
གལ་ཏེ་ང་ཚོས་ཁང་པའམ་ཡང་ན་ང་ཚོ་རང་གི་ཕུང་བོ་དེར་བདག་སྐྱོང་ཡག་པོ་མི་རྒྱག་པ་དང་། དེ་ལ་གཟབ་གཟབ་ངང་དོ་སྣང་མ་བྱས་ཚེ། ཉིན་ཞིག་ང་ཚོའི་མགྲོན་པོ་ལྟ་བུའི་རྣམ་ཤེས་དེ་ལ་སྡོད་གནས་མེད་པར་ཆགས་སྲིད་དེ། མུ་མཐུད་དུ་འཚོ་ཐུབ་པར་སྡོད་གནས་གཞན་ཞིག་འཚོལ་དགོས་པར་ཆགས།འོན་ཀྱང་རྣམ་ཤེས་རེ་ལ་ཕུང་བོ་རེ། ཕུང་བོ་རེ་ལ་རྣམ་ཤེས་རེ་ཁོ་ན་ལས་ད་ལྟའི་ཚན་རིག་གིས་མིའི་རྣམ་ཤེས་ལོགས་སུ་བཀར་ཏེ་དེ་ལ་མིའི་ཕུང་བོ་ཞིག་བཟོ་སྐྲུན་བྱེད་མི་ཐུབ་པས་ན། ང་ཚོའི་རྣམ་ཤེས་དེ་ལ་འགྲོ་ས་གཞན་གང་ཡང་མེད། མཐར་འགྲོ་ས་གཅིག་ཡོད་པ་ནི་ང་ཚོས་ཡོངས་གྲགས་སུ་འཆད་ཀྱིན་པའི་འཇིག་རྟེན་གཞན་ཞིག་ཏུ་ཟེར་བ་དེ་རེད།
དེའི་ཕྱིར་ཁྱེད་ཀྱི་ཕུང་བོ་ནི་ཁྱེད་ཀྱི་རྣམ་ཤེས་གནས་སའི་ཁང་ཁྱིམ་སྟེ། ཁང་པ་དེར་གས་སྲུབས་མི་འབྱུང་བའི་ཕྱིར། ཁྱེད་ཀྱིས་རང་གི་ལུས་པོ་ལ་དོ་སྣང་ཡག་པོ་གནང་རོགས་ཞུ། ཐཽས། ༡༩-༠༦-༢༠༢༣ ལ་བྲིས།
༄༅།། ཕུང་བོ་དང་རྣམ་ཤེས། ༼འབྲི་སྟངས་གཉིས་པ།༽
མིའི་ལུས་ཕུང་རེ་རེ་ནི་རྣམ་ཤེས་གཅིག་ཁོ་ནར་བརྟེན་ནས་འཛུགས་སྐྲུན་བྱས་པའམ་ཡང་ན་རྣམ་ཤེས་གཅིག་ཁོ་ནའི་སྡོད་སའི་གནས་ཐུན་མོང་མ་ཡིན་པའི་ཁང་ཁྱིམ་ལྟ་བུར་ཆགས་ཡོད།
གལ་ཏེ་ང་ཚོས་རང་གི་ཁང་བའམ་ལུས་ཕུང་ལ་ལྟ་རྟོག་ཡག་པོ་མ་བྱས་ན། དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ང་ཚོའི་རྣམ་ཤེས་དེ་ལ་འགྲོ་སའི་གནས་མེད་པར་གྱུར་ནས་སྡོད་གནས་གཞན་གང་ཡང་མེད་པ་ཞིག་ཏུ་ཆགས་སྲིད། ད་ལྟའི་བར་དུ་ཚན་རིག་པ་རྣམས་ཀྱིས་མིའི་ལུས་ཕུང་ངོ་མ་ཞིག་གསར་སྐྲུན་བྱེད་མ་ཐུབ་པས། ང་ཚོའི་རྣམ་ཤེས་ལ་འགྲོ་ས་གཞན་གང་ཡང་མེད། མཇུག་མཐར་ང་ཚོ་འགྲོ་སའི་ས་ཆ་ནི་ང་ཚོས་མངོན་གསལ་དུ་གླེང་མོལ་བྱེད་པའི་འཇིག་རྟེན་གཞན་ཞིག་ཟེར་བ་དེ་ཡིན།
དེར་བརྟེན་ཁྱེད་ཀྱི་ལུས་པོ་ནི་ཁྱེད་ཀྱི་རྣམ་ཤེས་སམ་ཚེ་སྲོག་གི་སྡོད་སའི་ཁང་བ་ཡིན་པས་ལས་སླ་པོར་གས་སྲུབས་འབྱུང་དུ་འཇུག་མི་རུང་། ཁྱེད་ཀྱི་ལུས་ཕུང་ལ་མཉམ་འཇོག་བྱོས། རྟ་མགྲིན་རྒྱལ་པོ་ནས། ༡༩-༠༦-༢༠༢༢ ལ་བྲིས།
身体和灵魂
人的每个身体都是为一个灵魂建造或仅由一个灵魂居住的唯一房屋。
如果我们不保护好房子或自己的身体,然后有一天我们的灵魂将无家可归,将没有任何其他地方可以居住。到目前为止,科学家还无法制造出真实的人体,我们的灵魂就无处可去。我们最后要去的地方是我们公开谈论的另一个世界。
所以你的身体就是你灵魂所在的房子,别轻易的让它出现裂缝,请好好注意你的身体!雪山浪子
body and soul
Each human body is a unique house built for or inhabited by only one soul.
If we don't take care of our house or our bodies, then one day our souls will be homeless and there won't be any other place to live. So far, scientists have not been able to create a real human body, and our souls have nowhere to go. The place we end up going is another world that we openly talk about.
So your body is the house where your soul lives, don't let it crack easily, please pay attention to your body! By Gyalpo Tamding 19.06.2023
Körper und Seele
Jeder menschliche Körper ist ein einzigartiges Haus, das für nur eine Seele gebaut oder von dieser bewohnt wird.
Wenn wir uns nicht um unser Haus oder unseren Körper kümmern, werden unsere Seelen eines Tages obdachlos sein und es wird keinen anderen Ort zum Leben mehr geben. Bisher ist es den Wissenschaftlern nicht gelungen, einen echten menschlichen Körper zu erschaffen, und unsere Seelen können nirgendwo hingehen. Der Ort, an den wir gelangen, ist eine andere Welt, über die wir offen sprechen.
Dein Körper ist also das Haus, in dem deine Seele lebt. Lass es nicht so leicht platzen, bitte achte auf deinen Körper! Von Gyalpo Tamding
corpo e anima
Ogni corpo umano è una casa unica costruita o abitata da una sola anima.
Se non ci prendiamo cura della nostra casa o del nostro corpo, allora un giorno le nostre anime saranno senzatetto e non ci sarà nessun altro posto dove vivere. Finora, gli scienziati non sono stati in grado di creare un vero corpo umano e le nostre anime non hanno nessun posto dove andare. Il posto in cui finiamo per andare è un altro mondo di cui parliamo apertamente.
Quindi il tuo corpo è la casa in cui vive la tua anima, non lasciare che si spezzi facilmente, per favore presta attenzione al tuo corpo! Gyalpo Tamding
评论
发表评论