༄༅།། བརྙན་དང་སེམས་ཚོར།

 གོང་གི་བརྙན་དེའི་གཞིག་ཤོས་ཀྱི་ཚན་པ་གཅིག་དེ་ནི་རྒྱ་གར་གྱི་ཁུངས་སུ་བཅུག་པའི་ཤེས་ལོངས་སམ་ཤེ་ལོང་ཞེས་འབོད་པའི་ས་ཆ་དེ་རེད་ལགས། དེ་ན་བོད་པ་ཚང་གིས་གཞི་ཆགས་ཡོད་ཅིང་དབྱིན་ཡིག་ནང་དུ་Shillong ཞེས་བྲིས་ཡོད།

གོང་གི་བརྙན་ཐུང་དེ་ནི་མི་རིགས་གཞན་པ་དེ་ཚོའི་དེང་སང་གི་འདོད་ཚུལ་དང་བཤད་ཚུལ་ལྟར་ན་ཡུལ་མི་འདྲ་བ་གཉིས་མཉམ་དུ་བསྒྲིགས་ཏེ་བཟོས་པ་ཞིག རྒྱས་དབང་བསྒྱུར་པའི་བོད་ཁམས་ཀྱི་ས་ཆ་འགའ་ཞིག་དང་རྒྱ་གར་པས་བདག་བཟུང་བྱས་པའི་བོད་ཀྱི་ས་ཡིན་པ་ཞིག་མཉམ་དུ་བསྒྲིགས་པའི་བརྙན་ཐུང་ཞིག 

གང་ལྟར་ཡུལ་དེར་ཕེབས་མཁན་གྱི་ངའི་དྲྭ་གྲོགས་ཤིག་གིས  ་་་ང་་་་ས་མཚམས་ལ་བསླེབས་ཡོད་་ ཅེས་སྨྲས་པར་ཐོས་པས་ང་ལ་ཚོར་བ་སྣ་ཚོགས་ཤིག་ཐོན་བྱུང་དང་། གཅིག་དེ་ནི། 


སེམས་ནི་སྐད་ཅིག་ཉིད་དུ་འབྱོར་ནུས་ཀྱང་།།

ལུས་པོ་དངོས་སུ་བསླེབ་པར་བཀག་པའི་རྐྱེན།།

སེམས་ཐག་ཤིན་ཏུ་ཉེ་སའི་ཕ་ཡུལ་གྱི།། 

རྒྱལ་མཚམས་འགྲིམས་པའི་ཚོར་བ་ངས་ཀྱང་མྱངས།། 


ཞེས་དང་། གཉིས་དེ་ནི།


༄༅།། གཅིག་ས་གཉིས་ཀྱིས་བགོ་བཤའ་བརྒྱབ།


           2


གཅིག་སར་གཉིས་ཀྱིས་ཐེ་ཇུས་དང་།།

གཅིག་དེས་དངོས་སུ་བཙན་འཛུལ་དང་།།

གཅིག་དེས་དེ་ལ་རྒྱབ་སྐྱོར་མཐར།།

གཅིག་ས་གཉིས་ཀྱིས་བགོ་བཤའ་བརྒྱབ། 


ཁམས་དེར་བོད་ཁམས་མིང་ཙམ་ལགས།།

དཀར་ནག་གཉིས་ཀའི་གཡོ་སྒྱུའི་འོག།

དཀར་པོའི་མིན་པ་གར་པོའི་ཆགས།

ནག་པོའི་མིན་པ་དམར་པོར་བསྒྱུར།།


དེང་སང་གི་བོད་ཁམས་ཏེ་བོད་མི་མང་ཕྱོགས་སམ་ལྔ་བརྒྱད་དང་ལྔ་དགུའི་ལོར་ཚེ་ལས་ཐར་བ་དག་གི་བུ་རབས་ཚ་རྒྱུད་འཚོ་སྡོད་བྱས་ཡོད་སའི་བོད་ཀྱི་ས་ཡིན་པ་གང་ཞིག་བོད་མིར་མི་དབང་བ། དེ་ནས་སྔར་བོད་ཀྱི་ས་ཡིན་པ་གང་ཞིག་ད་ལྟ་རྒྱ་གར་བས་བདག་པོ་བརྒྱབ་ཡོད་ཅིང་ཡུལ་དེར་ཁྲེལ་མེད་པའི་རྒྱལ་ཁབ་གཉིས་ནས་ཏེ། རྒྱ་གར་ནག་གམ་དཀར་དམར་གཉིས་ཀྱིས་རྒྱ་གར་ནག་གི་ས་མཚམས་ཞེས་ལོ་རྒྱུས་རྫུན་བཟོ་དང་འཁྱོག་བརྗོད་བྱས་ཏེ། གནས་ལུགས་དང་དྲང་བདེན་ཟེར་བ་ཁ་ནས་བཤད་ཀྱིན་ཡོད་པ་ཙམ་ལས། དེ་དག་ལ་བརྩི་སྲིང་མི་བྱེད་པ། རྒྱལ་ཁབ་ཞིག་གི་བདག་དབང་ལ་གནོད་འཚེ་གཏོང་མི་རུང་ངམ་ཐེ་ཇུས་བྱེད་མི་ཆོག་ཅེས་ཆབ་སྲིད་ཀྱི་གར་སྟེགས་སུ་སྐད་རྫིག་པོས་ཚིག་སྙན་པོ་བཤད་ཀྱང་རུང་། བོད་མིའི་རྒྱལ་ཁབ་ཀྱི་བདག་དབང་དེ་ལ་རྒྱ་དཀར་པོས་ཐེ་ཇུས་བྱས་ཏེ་དེ་ནི་རྒྱ་ནག་པོའམ་དམར་པོའི་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་ཚུལ་སྨྲས། རྒྱ་དམར་པོས་བཙན་འཛུལ་བྱས་མཐར་འཕྲོགས། འཕྲོགས་ཟིན་པའི་རྒྱ་གར་དང་བོད་ཀྱི་མཐའ་མཚམས་ཀྱི་ཡུལ་ཁམས་ལྷག་མ་དག་རྒྱ་གར་པས་བཟུང་སྟེ། དེ་དག་ལ་ལོངས་སྤྱོད་བྱེད་ཀྱིན་ཡུལ་དེ་དག་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་ཁུངས་ཡིན་པར་བཤད།

སྐུ་ཉིད་སྐྱེས་ས་དང་འཚོ་སྡོད་བྱེད་མྱངས་སའི་ས་ཆ་དེར། གལ་ཏེ་ཁྱོད་ཀྱི་མེས་པོ་རྣམས་ཀྱིས་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་གྱི་དབང་གིས་ཁྲག་བཞུར་མྱོང་བ་དང་། ཚེ་སྲོག་འབུལ་མྱོང་བ་ཡིན་ན། ཁྱོད་ཀྱིས་ཁྲག་དང་ཚེ་སྲོག་གི་རིན་ཐང་དེ། ཤ་གསེང་རུས་གསེང་ནས་ཚོར་དགོས་པ་ཞིག་རེད། བཙན་འཛུལ་ཁྲོད་ཀྱི་འཇིགས་སུ་རུང་བའི་མི་བསད་ཁྲག་སྦྱོར་གྱི་སྤྱོད་ངན་དང་མཐར་དབང་སྒྱུར་བྱས་པའི་རྐྱེན་ལས་བྱུང་དང་འབྱུང་བཞིན་པའི་ཡ་ང་བའི་མཇུག་འབྲས་དེ་དག་དེ་བས་ཀྱང་ཚོར་དགོས་པ་ཞིག་རེད། དེར་བརྟེན་ང་ཚོ་དེ་བས་ཀྱང་ཡཱོཁཱུརེཎ་གྱི་ལངས་ཕྱོགས་སུ་ལངས་དགོས་པ་དང་ཨུ་རུ་སུས་ཡཱོཁཱུརེཎ་ལ་བཙན་འཛུལ་བྱེད་པར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ཐཽས། 26.06.2023 


评论

此博客中的热门博文

悲怆的史诗与永恒的守望——评《部落人的迁移探险避难》

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

《སྒེའུ་ཁུང་ཕྱི་རོལ་གྱི་ཆུང་མ།》 འབྲི་སྟངས་ཅུང་མི་འདྲ་བ་གཉིས་ལས་གང་ཉིད་དེ་བློ་ལ་འབབ།