༄༅།། གད་སྙིགས་འཐུ་མཁན། 捡垃圾的人

 ༄༅།། གད་སྙིགས་འཐུ་མཁན། 捡垃圾的人


དེ་རིང་ངས་གད་སྙིགས་མཐོང་སྟེ། གད་སྙིགས་ཡིན་པ་ཚོར་ནས་དེ་དག་བཏུས་ཤིང་སྙིགས་སྣོད་ནང་དུ་གཡུགས་ཡིན། ཉིན་ཞིག ང་རང་ཉིད་ཀྱང་སའི་གོ་ལ་འདིའི་གད་སྙིགས་སུ་འགྱུར་པའི་དུས་ཤིག་ལ་བསླེབ་སྲིད། དེ་དུས་ངའམ་ངའི་ལུས་སམ་བེམ་པོ་དེ་ལ་ངས་དེ་རིང་བཏུས་པའི་གད་སྙིགས་དེ་དག་གི་རིན་གོང་ཙམ་ཡང་ཡོད་རྒྱུ་མ་རེད་འདོད། ལུས་ཀྱི་ཆ་ཤས་མང་བོ་ཞིག་བེད་སྤྱོད་བྱེད་ཡུན་རིང་བས་ན། གཞན་ལ་ཕན་ཐོགས་པའི་རིགས་གང་ཡང་ཡོད་རྒྱུ་མ་རེད་འདོད། ལྷག་ཏུ་ང་ནི་ཐ་མག་འཐེན་མཁན་དེ་འདྲ་ཡིན་པས། གློ་དང་མཆིན་པ་བཅས་ནག་དྲེག་གིས་བཟུང་ཡོད་རྒྱུ་རེད་སྙམ། དེ་བས་ན། ང་རང་སའི་གོ་ལ་འདིའི་གད་སྙིགས་སུ་གྱུར་པའི་ཉིན་དེ་ནས་བཟུང་། ས་ནང་དུ་འཇུག་མི་དགོས། སྒམ་དེའི་ནང་དང་ཕྱི་གང་འདྲ་མཛེས་ཤིང་དེ་ལ་རིན་གོང་ཇི་འདྲ་ཆེའང་། དེ་ནི་སྙིགས་སྣོད་ཅིག དེ་ནས་བཟུང་ངའི་ལུས་སམ་བེམ་པོ་དེ་སའི་གོ་ལའི་གད་སྙིགས་སུ་ཆགས་ཚར་རེད། ཆུ་ནང་དུ་བསྐྱུར་མི་དགོས། སྲོལ་རྒྱུན་ལ་དེ་འདྲ་ཡོད་མོད། དེ་ནི་དོར་དགོས་པའི་གོམས་སྲོལ་རིགས། ཡག་ཤོས་དེ་ནི་མེ་ལ་བསྲེག་ནས་ཐལ་རྡུལ་དུ་གཏོང་བ་དེ་ཡིན་ནོ། འདྲེ་ཐོ་ཐོས།25.06.2023 

 

评论

此博客中的热门博文

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

༄༅།། བུ་མོ་ལཱེས་ལཱེས་ལ་བྲིས།

If I were Trump, I would say something like this: