༄༅ སྐུ་མགྲོན་དུ་ཕེབས་པའི་བྱམས་དཀར་ཚང་།

 བྱམས་བརྩེ་ཐུགས་ན་ཡོད་རྐྱེན།།

ཤ་མདངས་དུང་ལྟར་དཀར་ཅེས།།

བྱམས་པ་དཀར་ཐོའི་མཚན་ཅན།།

གནས་འདིར་བྱོན་པར་དགའ་བསུ།།


ཆུང་མ་བདག་མར་འཁྲུངས་པའི།།

ལྷ་མོ་གཡང་འཛོམས་མཛེས་སོང་།།

བྷན་ནི་ཕོ་གསར་རྫིག་པོ།།

ཆུང་དུས་ཨ་ཕར་འདྲ་འདུག།


རྒྱ་བོད་མཛའ་མཐུན་ཡོང་བར།།

འབྲུག་དང་སེང་གེས་མཚོན་མྱོང་།།

ཁྲེལ་མེད་མང་མང་བགྱིས་རྐྱེན།།

གངས་བུ་འབྲུག་རྒྱལ་བྱུང་སོང་།།


ཆུང་མ་བདག་གི་རྒྱལ་མོར།།

སྲིད་ལ་དོ་སྣང་མི་འདུག།

བཟའ་ཚང་སྐྱིད་ཅིང་བདེ་བ།།

མོ་ཡི་ཚེ་འདིའི་དམིགས་བྱ།།


ཐོ་ཐོ་ང་རང་སྐོར་དེ།།

བྲིས་ཀྱང་མ་བྲིས་ཀྱང་ནི།།

འབྲི་མཁན་ང་རང་ཡིན་པས།།

རང་གིས་གང་བསམ་བྲིས་ཆོག།


ཐཽས། 14.06.2023


评论

此博客中的热门博文

悲怆的史诗与永恒的守望——评《部落人的迁移探险避难》

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

《སྒེའུ་ཁུང་ཕྱི་རོལ་གྱི་ཆུང་མ།》 འབྲི་སྟངས་ཅུང་མི་འདྲ་བ་གཉིས་ལས་གང་ཉིད་དེ་བློ་ལ་འབབ།