འབྲོང་གི་ཕ་སའི་ཁ་བའི་སྲས་མོ་དང་དཔྱིད་དཔལ། ཁ་བའི་བུ་མོ།

 

 འབྲོང་གི་ཕ་སའི་ཁ་བའི་སྲས་མོ་དང་དཔྱིད་དཔལ། ཁ་བའི་བུ་མོ།

 

འབྲོང་གཡག་གི་ཕ་ས་དེའི།

འབྲོང་རྒོད་དང་འབྲོང་མ་ཡི།

ལྷང་ལྷང་གི་ངུར་སྒྲས་ཕ་ས་ཡོངས་ཁེངས་བཅུག་འབྲུག་སྐད་ལ་འགྲན་ཡ་བྱེད།

རྩི་ཤིང་དག་ལྡེམ་ལྡེམ་གཡོ།

མེ་ཏོག་ཡོངས་འཚེར་འཚེར་འབར།

རྟ་མཆོག་དང་ནོར་ལུག་ཕ་ས་དེའི་རྒྱན་རེད་ཕ་ཡུལ་དེ་ཡང་ཡང་དྲན།

འབྲོང་རྒོད་དང་འབྲོང་མ་ཡི། རཱ་རྩེ་ནི་མདུང་དང་གྲི།

འབྲུག་ལ་ནི་དཔུང་འཇུག་བྱེད། གཡུལ་ས་ནས་རྒྱལ་བར་སྨོན།

སེང་གེ་ཡི་ངར་སྐད་ཡ། འབྲོང་གཡག་གི་དཔུང་རོགས་མཛོད། ཕུ་ནུ་ཡི་རེ་བཞག་ཡོད། མ་འོངས་པའི་ལོ་རྒྱུས་ཡིན།      

 

གསོལ་བ་ནི་འདེབས་ས་མ།

ཞི་མོ་ཁྱེད་ཡིན་འདུག་ལགས། 

སེམས་གཏིང་ནས་ཆགས་སའི་ཞི་མོ་ཁྱེད་བཞུགས་ན་ཐོ་ཐོ་ངའི་སེམས་པ་སྤྲོ།

ཁ་བ་ནི་དཀར་དུང་དུང་། 

སྤང་རི་ནི་སྔོ་ལྗང་ལྗང་།

ཁ་བའི་ནི་སྲས་མོ་གངས་ལྗོངས་ཀྱི་ལྷ་མོ་ཁྱེད་སྐུ་ལ་མཇལ་བར་འདོད།

སྙིང་སྡུག་མ་ཞི་མོ་ཡ། ཁ་བའི་ནི་སྲས་མོ་ཁྱེད། 

ཟ་ན་ནི་འདོད་རྒྱུ་ཡི། ཅེ་རི་ཡི་ཤིང་ཏོག་ཅིག

 

དཔྱིད་དཔལ་ནི་བསླེབས་བསྡད་ཡོད།

ཞི་མོ་ཁྱེད་ལང་ཚོས་སྒེགས།།

སེམས་ནང་གི་ཞི་མོ་ཡུན་རིང་གི་གྲོགས་མོ་ཐོ་ཐོ་ང་དགའ་ས་ཡིན།

མཛུམ་མདངས་ནི་འོད་འཚེར་འཚེར།

སྐད་ངག་ནི་ལྷོད་ཤིག་ཤིག

དཔྱིད་དུས་ཀྱི་བུ་མོ་རྨི་ལམ་ནང་མཇལ་ས་ཁྱེད་སྐུ་ལ་འཐམ་ན་འདོད།

དགའ་ས་མའི་ཞི་མོ་ཡ། དཔྱིད་དཔལ་ལགས་སྙིང་སྡུག་མ།

འགྲོགས་ན་ནི་སྔར་ནས་འདོད། སེམས་པ་ནི་སྔར་ལས་ཤོར།

 

ཁ་བ་ནི་གངས་ཅན་པའི།

བུ་མོ་ཁྱེད་ཕྱག་ན་ནི།

སེར་པོ་ནི་གསེར་གྱི་མདོག་ལྡན་གྱི་ཁ་བཏགས་བསྲིངས་པ་དེར་བཀའ་དྲིན་ཞུ། བསམ་ན་ནི་མི་ཚེ་འདིར།

རྒྱང་རིང་གི་བུ་མོ་ཁྱེད།

མཇལ་རྒྱུ་དང་རེག་རྒྱུའི་སྐལ་བ་དེ་ལྡན་ན་ཁྱེད་སྐུ་ལ་ཁ་བཏགས་གཡོག

རྒྱང་རིང་གི་བུ་མོ་ཡ། ལོ་རྒྱུས་ཀྱི་འཕོ་འགྱུར་དེས།

མི་ཚེ་འདིར་གྱོང་རྒུད་བཟོས། ས་མཐའ་ནས་སྨྲེ་ངག་ཤོར།

 ཐོ་ཐོས།

评论

此博客中的热门博文

**Gyalpo Tamding(笔名“雪山浪子”)**

悲怆的史诗与永恒的守望——评《部落人的迁移探险避难》

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"