"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"
《 看懂了你就不生氣了 》
到了一定的年紀,
看清了很多人,我不再隨意拆穿;
討厭很多人,但也不再輕易翻臉。
因為我懂得了:
老鼠從來不會認為自己吃的東西是偷來的,
蒼蠅也不覺得自己髒,
蝙蝠也不覺得自己有毒,
抽菸的人是聞不到自己身上的煙味,
畢竟在烏鴉的世界裏,天鵝也是有罪。
我們越長大就越要明白,
年紀帶給我們的是通透,
所以很多事到最後,
都不是真解決了,而是算了,
思想不在一個高度,沒必要互相征服,
你不信佛,寺廟裡也從不缺上香的人。
"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"
ལོ་ཚད་ངེས་ཅན་ཞིག་ལ་བསླེབས་ཚར་རྗེས།
མི་མང་པོ་ཞིག་གི་མི་གཤིས་སམ་ཀུན་སྤྱོད་བཅས།
གསལ་པོར་མཐོང་ཐུབ། ཤེས་ཐུབ།
ཡིན་ཡང་ངས་ཁོང་ཚོའི་རིགས་དེའི་སྐྱོན་སྣ་ཚོགས་པ།
གང་བྱུང་དུ་ཕྱིར་མངོན་བྱེད་ཀྱི་མེད།
མ་ཤེས་མདོག མ་ཚོར་མདོག མ་མཐོང་མདོག་བསྡད་ཡོད།
ང་ལ་མི་དགའ་ས་དང་འགྲོགས་མི་འདོད་སའི་མིའང་གང་མང་ཞིག་ཡོད་མོད།
འོན་ཀྱང་ངས་ལས་སླ་བོའི་ངང་ཁོང་ཚོ་ལ་ངའི་སེམས་ཚོར་དེ་བསྟན་མེད།
གང་ཡིན་ཟེར་ན་ངས་གོ་བ་ལེན་ཐུབ་པ་ནི།
བྱི་བ་རྣམས་ཀྱིས་ཁོ་ཚོས་ཟ་བཞིན་པའི་ཟས་ཆས་དག་བརྐུས་པ་རེད་བསམ་གྱི་མེད།
བཤང་གཅི་འདོར་སའི་ཁང་པ་དག་འགྲིམ་བཞིན་པའི་འབུ་ནག་དག་གིས་ཁོང་ཚོ་བཙོག་པའང་མི་ཚོར།
ཕ་ཝང་གིས་ཀྱང་ཁོང་ཚོ་དུག་ལྡན་ཡིན་པར་མི་བསམ།
ཐ་མག་འཐེན་མཁན་གྱི་མི་རྣམས་ཀྱིས་རང་ཉིད་ཀྱི་སྟེང་དུ་དུ་བའི་དྲི་མ་འཕྱུར་པ་ཡང་མྱོང་མི་ཐུབ།
ཁྭ་ཏས་ཀྱང་རང་གི་འཛམ་གླིང་ནང་དུ་ངང་པ་དཀར་པོ་ཡང་ཉེས་ཅན་ཡིན་པར་འདོད།
ང་ཚོ་ལོ་ན་ཆེ་རུ་ཆེ་རུ་སོང་བ་དང་གོ་རྟོགས་ཀྱང་མང་དུ་མང་དུ་འགྲོ།
ལོ་ཚད་ཀྱིས་ང་ཚོར་ཉམས་མྱོང་དང་ཤེས་རྒྱ་བསྐྲུན།
མཐའ་མར་དོན་དག་མང་པོ་ཞིག
ཧ་གོ་ཚར་ཡང་མི་ངོ་དང་ཚིག་ངོ་བྱས་ནས་ཐག་གཅོད་བྱེད་དགོས་དོན་མེད།
དེ་དག་མ་ཤེས་མདོག་དང་ཡང་ན་བརྗེད་ཚར་པ་ནང་བཞིན་གླེང་མེད།
ང་ཚོའི་སེམས་རྒྱ་དང་གནས་སྟངས་བཅས་ཚད་གཞི་གཅིག་ཏུ་མེད་པས།
དེའི་རིགས་ལ་ཡིན་མིན་གྱི་རྩོད་པ་རྒྱག་དགོས་དོན་ཡང་མེད།
ཁྱེད་རང་ནང་ཆོས་ལ་ཡིད་ཆེས་མེད་ཀྱང་།
ལྷ་ཁང་ནང་དུ་ལྷ་ལ་མཆོད་པ་འབུལ་མཁན་གྱི་མི་མང་བོ་ཡོད་ཅིང་མིས་མ་འདང་བ་མེད།
ཐོ་ཐོས་བསྒྱུར། 25.11.2024
评论
发表评论