ང་རང་བསམ་ན་ཨ་རི་མེད་མི་རུང་།།

 “Predictability is a terrible thing,” Richard Grenell, Trump’s former director of national intelligence, recently told the Financial Times. “Of course America’s enemies want predictability. But Trump is unpredictable.”

ཁྲཱོམ་རྒན་ནི་ལྐོག་གྱུར་ཅིག་སྟེ། ལྷག་པར་དུ་སྲིད་ཕྱོགས་དང་དམག་དོན་ཕྱོགས་ནས་ཤིན་ཏུ་ནས་ཤིན་ཏུ་ལྐོག་གྱུར་པ་ཞིག དེ་ནི་ཁྲཱོམ་རྒན་གྱི་ཁྱད་ཆོས་སམ་དགྲ་བོ་རྣམས་འཇིགས་སའི་བྱ་ཡུལ་གཙོ་བོ་དེར་ཆགས་ཡོད་དང་། སྲིད་དང་དམག་འཁྲུག་སྐོར་གྱི་བྱ་བ་དེ་ལྷ་ལ་དམ་བཅའ་འཇོག་གི་ཡོད་པ་ལྟ་བུ་ཞིག་མིན་པས་ན། དེ་ལ་སྐད་ཅིག་ནས་སྐད་ཅིག་བར་དུ་འགྱུར་པ་བཏང་ཆོག་པ་ཞིག་ཡིན་པའི་ཐོག ཁ་ལག་གཉིས་ངེས་པར་དུ་མཐུན་དགོས་པ་ཞིག་ཀྱང་མ་ཡིན་ནོ། འཇིག་རྟེན་མི་རྟག་པ། ལྷག་པར་དུ་སྲིད་དམ་ཆབ་སྲིད་དེ་མི་རྟག་པ། དེ་ལྟ་བུའི་མི་མི་རྟག་པར་ལྐོག་གྱུར་གྱི་ཐབས་ལམ་སྣ་ཚོགས་ཤིག་སྟེ། དེ་དག་ལ་འགྱུར་པ་འགྲོ་སྲིད་པ། གཏོང་སྲིད་པ། བཏང་ཆོག་པ་བཅས་ཕྱོགས་ཡོང་ནས་གྲ་སྒྲིག་ཡག་ས་དང་བཙོག་ས་ནས། བར་མ་ནས་ཀྱང་བྱེད་དགོས་པ་ཞིག་རེད་སྙམ་མོ། ལྷག་པར་དུ་ཕ་རོལ་པས་སྔོན་དཔག་བྱེད་ཐུབ་མིན་གྱི་སྐབས་ཤིག་ལ། རང་ཕྱོགས་སམ། ཡང་ན་སྤྱིའི་ཆ་ནས་གང་དེ་འཛམ་གླིང་ཡོངས་ལ་ཕན་པ་ཆེ་བས་ན། ཤིན་ཏུ་གློ་བུར་ནས་དེའི་ཕྱོགས་བསྒྲུབ་པར་བྱེད་དགོས་པ་ཤིག་རེད་འདོད་དོ། ཐོ་ཐོའི་བསམ་ཚུལ།
ཧ་ནི་ཧོ་ནེའི་ཧབ་ཆས་བསུ་མཁན་ནམ།།
ཧ་ལས་ཧོན་ཐོར་རྣམ་པ་སྟོན་མཁན་གང་།།
ཨ་མའི་ཨོ་ལོ་ཡིན་མདོག་ཁ་པོའི་ངང་།།
ཨ་རིའི་སྲིད་འཛིན་མིག་ན་མེད་མདོག་སྟོན།།
ཀ་ཡེ་ཁ་སྤོན་ཆེ་བའི་བོད་པ་ཚོ།།
ཁ་བ་ཅན་དེེར་ཁ་རྗེ་དབང་ཐང་ཞིག།
ག་ལེར་སྔོན་མར་ཇི་བཞིན་དར་ཡིན་མིན།།
ང་རང་བསམ་ན་ཨ་རི་མེད་མི་རུང་།།
ཅ་ཅོ་གང་འདོད་བསྒྲག་རྒྱུར་མོས་པའམ།།
ཆ་ལུགས་རྒྱ་ཚུལ་འཛིན་པར་སྤྲོ་མཁན་གང་།།
ཇ་ཁང་ཆང་ཁང་འགྲིམ་མཁན་ནད་རོ་མ།།
ཉ་གསོད་རྒྱ་མི་དེ་ཚོའི་སྐུབ་ན་རྒྱུག།
ཐོ་ཐོས། ༢༠༢༤-༡༡-༡༢ ལ།

评论

此博客中的热门博文

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

༄༅།། བུ་མོ་ལཱེས་ལཱེས་ལ་བྲིས།

If I were Trump, I would say something like this: