༄༅།། སུམ་ཅུ་བཞི་བཅུ།

 ༄༅།། སུམ་ཅུ་བཞི་བཅུ།


སུམ་ཅུ་བཞི་བཅུ་ལྷག་ཅིག་འདས་མཐའ་རུ།།
ངའང་སྡོང་མགོའི་ལྗང་ལོ་མིན་པས་ན།།
དེ་རིང་ང་ཡིས་མཐོང་ཡུལ་སྟོན་ལོའི་ཚོགས།།
རྗེས་མར་དེའི་རིགས་མཐོང་མཁན་སུ་ཞིག་ཀྱེ།།

འགྲོ་རྣམས་སྐྱེས་ནས་འཆི་བའི་ཕྱོགས་སུ་སྐྱོད།།
ངའང་སྡོང་རྩའི་སྟོན་ལོར་ཆགས་ལ་ཉེ།།
ད་ནི་སུམ་ཅུ་བཞི་བཅུ་འདས་མཐའ་རུ།།
ངའང་འཇིག་རྟེན་འདི་ན་འཚོ་མི་སྲིད།།

རང་ཉིད་རྒས་ནས་འགྲོ་བའི་ཚོར་སྣང་ངམ།།
རང་ཉིད་རྒན་ཁོག་ཆགས་པའི་གཟུགས་རིས་ཉིད།།
གཞོན་སྐྱེས་བུ་མོའི་སྤྱན་གྱི་མེ་ལོང་ན།།
གསལ་གསལ་རྗེན་རྗེན་ཚོར་རྒྱུ་མཐོང་རྒྱུ་ཡོད།།

02.11.2024 ཐོ་ཐོས།




评论

此博客中的热门博文

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

༄༅།། བུ་མོ་ལཱེས་ལཱེས་ལ་བྲིས།

If I were Trump, I would say something like this: