༄༅།། འབྲོང་བུར་བསྐུར་པའི་འཕྲིན་ཐུང་ཞིག

             

            ༄༅།། འབྲོང་བུར་བསྐུར་པའི་འཕྲིནཐུང་ཞིག

 

མངོན་མིན་འབྱམས་ཀླས་གང་ཞིག་བར་ཀློང་གི།

འཇིག་རྟེན་གསར་པ་འགྲོ་བར་ལྐོག་གྱུར་པར།།

ཁྱེད་སྐུར་ཐུང་ཙམ་བཞུགས་པའི་རྣམ་ཤེས་གང་།།

ཤེར་རྟོགས་རལ་གྲི་ཐོགས་ཤིང་རྒྱུའམ་ཀྱེ།།

 

གྱ་དྲུག་ལོ་ནས་གོ་དགུའི་ལོ་མཇུག་ཏུ།།

ཁྱེད་དང་ང་བཅས་གྲུ་བཞིའི་ཉལ་ཁང་དུ།།

ལོ་བཞིའི་སློབ་གྲོགས་ཚུལ་དུ་མཉམ་དུ་གནས།།

ཞོགས་དུང་སྐད་སྒྲ་ཅན་ཡང་གཟིམ་ས་དེ།།

 

འགྲོ་བའི་ཚེ་ཚད་འགྲོ་བར་ལྐོག་གྱུར་བཞིན།།

ངེད་རྣམས་ད་དུང་འདི་རུ་གནས་ཀྱང་རུང་།།

ཕན་ཚུན་འབྲེལ་འདྲིས་ཤིན་ཏུ་ཉུང་བས་ན།།

ཤི་གསོན་བར་བཞིན་མཐོང་མེད་ཐོས་མེད་ལགས།།

 

ཨོཾ་མ་ཎི་པ་དྨེ་ཧཱུ། ཨོཾ་མ་ཎི་པ་དྨེ་ཧཱུ། ཨོཾ་མ་ཎི་པ་དྨེ་ཧཱུ།

 


ཞེས་འདྲེ་ཐོ་ཐོས། ༡༣-༡༠-༢༠༢༤



1964ལོར་མཚོ་སྔོན་གཅན་ཚ་རྫོང་དུ་སྐྱེས།1976ལོར་རྨ་ལྷོ་དགེ་འོས་སློབ་གྲྭར་ཞུགས། 1982ལོར་སློབ་མཐར་ཕྱིན་ཏེ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་སྒྲུབ་པ་དང་ལྷན་དུ་ལྷ་རམས་པའི་དགེ་བཤེས་ཆེན་པོ་དགེ་འདུན་དར་རྒྱས་མཆོག་གི་དྲུང་དུ་གྲུབ་མཐའ་དང་བསྡུས་གྲྭ བློ་རིག རྟགས་རིག ཚད་མ་སོགས་རིག་པའི་གཞུང་ལ་སློབ་སྦྱོང་བྱས། 1986ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་འགྲིམ་པའི་སྐལ་བ་ཐོབ་ཅིང་ནུབ་ཕྱོགས་ཤེར་རྟོགས་རིག་པར་སློབ་གཉེར་བྱས། 1988ལོ་ནས་མགོ་བརྩམས་ཏེ་བོད་ཀྱི་ཤེར་རྟོགས་རིག་པའི་དངོས་ཡོད་བདེན་དོན་སྐོར་ལ་རང་ཚུགས་ཀྱི་འདུ་ཤེས་སྤྱད་དེ་བསམ་གཞིགས་བྱས། 1990ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་བྱ་བ་སྒྲུབ། སྤྱི་ལོ་2012ལོ་ནས་སྤྱི་ལོ་2013ལོའི་བར་གོང་རིམ་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པའི་འགན་བཞེས་མྱོང་། སྤྱི་ལོ་2015ལོའི་སྤྱི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་སྟབས་མ་ལེགས་པར་སྐུ་གཤེགས།
      ཁོང་ནི་དེ་སྔ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་སྐུ་གཞོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གནང་མྱོང་བ་མ་ཟད། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་སྐུ་གཞོན་གནང་ཞོར་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཁང་གི་དབུ་འཛིན་གྱི་ཐུགས་འགན་གཅིག་ལྕོགས་སུ་བཞེས་མྱོང་ལ། དབྱིན་ཇི་ཉིའུ་ཅིན་སློབ་ཆེན་གྱི་གདན་ཞུས་སློབ་དཔོན་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཀྱི་གདན་ཞུས་ཆེད་མཁས་བཅས་ཀྱི་ཐུགས་འགན་བཞེས་མྱོང་ཡོད། ཁོང་ནི་དུས་སྐབས་གསར་པའི་བོད་རིག་པའི་ཞིབ་འཇུག་པའི་ཁྲོད་དུ་ཞིབ་འཇུག་གི་འབྲས་བུ་འབུར་དུ་ཐོན་པའི་གྲགས་ཅན་གྱི་སྐྱེས་བུ་དམ་པ་ཞིག་ཡིན།  
      ཁོང་གིས་མཛད་པ་དང་གཙོ་སྒྲིག་གནང་བའི་བརྩམས་ཆོས་སྐོར་གྱི་མཚན་ཐོ་རགས་ཙམ་ཞུས་ན།《བོད་ཀྱི་ཁྱིམ་རྒྱུད་ཆེན་པོ་བཅུའི་སྐོར་གྱི་ངག་བརྗོད་ལོ་རྒྱུས།》《བོད་ཀྱི་ཉེ་རབས་མི་སྣའི་དྲན་ཐོ།《ལོ་རྒྱུས་དཔང་མིའི་ངག་ནས་གསུངས་པའི་བོད་ཀྱི་ལོ་བརྒྱའི་འཕེལ་འགྱུར།》(སྟོད་ཆ་དང་སྨད་ཆ)《བོད་ཀྱི་ཨང་དང་པོའི་སྐོར་གྱི་ངག་བརྗོད་ཟིན་ཐོ》《བོད་ཀྱི་ལོ་བརྒྱའི་ལོ་རྒྱུས་ཞིབ་འཇུག》ཅེས་པའི་རྒྱ་ཡིག་གི་དེབ་གསུམ།(སྟོད་ཆ། བར་ཆ། སྨད་ཆ།)《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དཔྱད་རྩོམ་ལེགས་བསྡུས་》ཞེས་པ་དང་།《རིག་གཞུང་སྨྲ་བའི་རྣམ་དཔྱོད། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་རིག་གཞུང་བསམ་བློའི་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་》《བསམ་གཞིགས་གསར་བའི་ལོ་རྒྱུས་ལྟ་ཚུལ་གྱི་སྲོལ་འབྱེད་པ། མཁས་དབང་དགེ་འདུན་ཆོས་འཕེལ་དང་སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་》《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བསམ་གཞིགས་གསར་བའི་ལོ་རྒྱུས་ལྟ་ཚུལ་དཔྱོད་གླེང་》《ཀན་ལྷོ་ཁུལ་གྱི་བོད་ཀྱི་ཚོ་པ་ཤོག་པའི་སྤྱི་ཚོགས་ལོ་རྒྱུས་དང་རིག་གནས་ཞིབ་འཇུག་》《བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་》(གཙོ་སྒྲིག་པ།)《པཎ་ཆེན་སྐུ་ཕྲེང་དང་པོ་ནས་དགུ་བའི་བར་གྱི་རྣམ་ཐར་ཕྱོགས་བསྒྲིགས་》(གཙོ་སྒྲིག་པ།)《སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས》《བོད་ཀྱི་ཤེར་རྟོགས་རིག་པའི་རིགས་ཤེས》《རྟོགས་གཞིགས་གསར་བའི་ཡོ་ལང་》《བསྐལ་བའི་གཏམ་གླེང་དམར་ལྡང་མ》《ནུབ་ཕྱོགས་ཤེར་རྟོགས་རིག་པའི་འཇུག་ངོགས་ཞེས་མིང་བཏགས་ཏེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།《ཤེར་རྟོགས་རིག་པའི་ཚིག་བུམ་》《རྩོད་བཟློག་ཐེམ་སྤུངས་མ།》《དེང་རབས་ཅན་དུ་བསྐྱོད་པའི་བསམ་གཞིག》སོགས་རིན་ཐང་ཆེ་བའི་བརྩམས་ཆོས་གྲངས་མེད་པ་ཞིག་གདའོ།།

评论

此博客中的热门博文

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

༄༅།། བུ་མོ་ལཱེས་ལཱེས་ལ་བྲིས།

If I were Trump, I would say something like this: