༄༅།། གནམ་གཤིས་དང་ལས་ཀ

 ༄༅།ནམ་གཤིས་ཚ་དུས།


ཉི་མས་འཁྱུད་པའི་བཅོ་བརྒྱད་ལང་ཚོས་སྒེག་པ་མར།།
ཟུར་བལྟས་ཙམ་གྱིས་སྤུན་ཆུང་མགོ་བོ་ལྡེམ་བཅུག་ཀྱང་།།
བྲེལ་ཚུབ་ནང་དུ་ཁྲོམ་ཁྲོམ་རྔུལ་ཆུས་བརླན་པའི་ལུས།།
ཉེ་བར་གཅར་པར་སྐད་ཅིག་ཙམ་ཡང་ལྡན་མ་ཡིན།།

༄༅།། གནམ་གཤིས་གྲངས་དུས།

ཉི་འོད་མེད་ཅིང་སྤྲིན་ནག་འཁྲིགས་པའི་ཉིན་མོ་འདིར།།
སྐུ་མགྲོན་མེད་ཅིང་ཚོང་ཡང་མེད་པས་ལས་ཀ་ཉུང་།།
ཉ་མོ་ལྟ་བུའི་མཛེས་མའི་ཚོགས་ཀྱང་ཁྲུས་རྫིང་དུ།།
ངང་མོ་ཇི་བཞིན་རྐྱལ་མཁན་མེད་པས་སེམས་ཤུགས་ཆག།

ལས་ཀ་བ། ཐོ་ཐོས། 24.07.2024


评论

此博客中的热门博文

悲怆的史诗与永恒的守望——评《部落人的迁移探险避难》

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

《སྒེའུ་ཁུང་ཕྱི་རོལ་གྱི་ཆུང་མ།》 འབྲི་སྟངས་ཅུང་མི་འདྲ་བ་གཉིས་ལས་གང་ཉིད་དེ་བློ་ལ་འབབ།