༄༅།། ངའི་དཀོན་མཆོག་ནི་ནམ་མཁའོ།
༄༅།། ངའི་དཀོན་མཆོག་ནི་ནམ་མཁའོ།
མི་རྣམས་ཀྱིས་ནམ་རྒྱུན་བཤད་རྒྱུར།
"དཀོན་མཆོག་གིས་ང་ལ་བྱིན་རླབས་གནང་སོང་།" ཞེས་པའི་ཚིག་གྲུབ་འདི་སྟེ།
ཐེངས་འདིར་ངའི་དཀོན་མཆོག་ནི་ནམ་མཁའོ།
ཡོད་ཚད་གནམ་རྒན་མས་བསྟན་པའི་གནམ་གཤིས་ལ་རག་ལུས་ཡོད།
ཟླ་རེའི་གླ་ཆ་དག་རག་ཐུབ་བམ།
ཁང་གླ་དང་ཟླ་རེར་སྤྲོད་དགོས་པའི་འགྲོ་གྲོན་དག་ལ་རན་པའི་དངུལ་ལོ་བཟོ་ཐུབ་བམ།
གནམ་གཤིས་ཁོ་ན་མ་རག་ལུས་ཡོད།
གནམ་གཤིས་ཚ་དུས།
གླ་ཕོགས་ཐོབ།
ལས་ཀ་ལས་ས་ནི་ཡུལ་འདིའི་ཕྱི་རོལ་གྱི་ཆུ་རྐྱལ་ཁང་ཞིག་ཡིན།
དེ་རུ་ཟ་ཁང་ཆུང་ཆུང་ཞིག་ཀྱང་ཡོད།
གནམ་གཤིས་གྲང་དུས།
ངའི་གླ་ཆ་ཆད་པ་ཙམ་རེད།
ལས་ཀར་འགྲོ་མི་དགོས།
ཆར་ཆུ་འབབ་པའི་ཉིན་མོ།
ས་སྟེང་དུ་བབས་པའི་ཆར་ཐིགས་རེ་རེ་ནི།
ངའི་གླ་ཆའི་ནང་དུ་ཤོར་པའི་སེན་ཊི་ལྔ་ལྔ་ལྟ་བུ་རེད།
ཟླ་མཇུག་ཏུ།
ངས་ནམ་མཁའ་ལ་གཟིགས་ནས་བསྡད།
ཅིའི་ཕྱིར་ཆར་པ་མང་པོ་བབས་པ་ཡིན་ནམ།
ཞེས་ཐེངས་མང་བོར་སྨྲ་སྔགས་ཤོར་མྱོང་།
ཞེས་འདྲེ་ཐོ་ཐོས། 01.07.2024
评论
发表评论