ལས་ཀ་གསར་པའི་སྐོར།
ལས་ཀ་གསར་པའི་སྐོར།
ཞོགས་དུས་བསླེབས་མ་ཐག་ཏུ།།
སྣུམ་འབྲས་མོག་ཆུ་གསུམ་དེ།།
གྲ་སྒྲིག་ཡག་པོ་བྱེད་རྒྱུ།།
ལས་ཀའི་ཐོག་མ་དེ་ཡིན།།
དེ་ནས་འཁྱག་སྒམ་ནང་ནས།།
བྱ་ཤ་སྔོ་ཚལ་རིགས་བཅས།།
ཉིན་དེའི་གནམ་གཤིས་དཔག་ཞོར།།
འདང་ཚོད་སྙམ་པ་ལེན་དགོས།།
དེ་དག་གྲ་སྒྲིག་ཚར་རྗེས།།
ཇ་དང་འཚིག་ཇའི་ཕོར་བ།།
མ་བཀྲུས་ལྷག་བསྡད་ཡོད་རིགས།།
བཀྲུས་ནས་ཡག་པོར་བསྒྲིག་དགོས།།
དེ་ནས་ཐབ་ཚང་དང་བཅས།།
གང་ས་གང་ལ་བལྟས་ཏེ།།
གཙང་མ་མ་རེད་འདོད་རིགས།།
གཙང་སྦྲ་གང་ཐུབ་བྱེད་དགོས།།
ལས་ཀ་ཁག་ཤོས་དེ་ནི།།
འཛིན་ཤོག་བཙོང་རྒྱུ་ཡིན་སྐད།།
ལོ་ཚོད་ལྟར་དང་བཟའ་ཚང་།།
རིན་གོང་འདྲ་མིན་ཡོད་འདུག།
བཅོ་བརྒྱད་ཡན་ལ་དྲུག་དང་།།
བཅུ་དྲུག་མན་ནས་བདུན་བར།།
རིན་གོང་གསུམ་དང་ཕྱེད་ཀ།
བཟའ་མིའི་རིགས་ལ་བཅུ་བཞི།།
བཅུ་དྲུག་ཡན་ནས་ཉི་ཤུ།།
སློབ་ཕྲུག་ཡིན་པའི་རིགས་ལ།།
རིན་གོང་བཞི་དང་ཕྱེད་ཀ།
རེད་ཅེས་བདག་པོ་གསུངས་སོང་།།
དེ་ནས་དུས་ཚིགས་ལྟར་དུ།།
རིན་གོང་མི་འདྲ་རིགས་བཞི།།
དེ་དག་འདི་ལ་བྲིས་ན།།
ཧ་ལམ་མགོ་འཐོམ་ཡོང་སྲིད།།
འཁྱག་སྒམ་ནང་གི་བག་ལེབ།།
ཚ་གྲང་གཉིས་བརྒྱར་བཞག་སྟེ།།
སྐར་མ་དྲུག་བདུན་བར་དུ།།
ཚ་བོ་བཟོ་དགོས་ཞེས་སྐད།།
རྒྱ་གར་དང་ནི་ཐཱེ་ཡཱུ།།
ཟས་རིགས་གཉིས་དེ་ཡོད་པའི།།
དམིགས་བསལ་ཁུ་བའི་རིགས་དེ།།
ཚ་གློག་སྤྱད་ཚེ་སྐར་གསུམ།།
ཞེས་ལས་ཀ་བ་ཐོ་ཐོ་ནས། 04.06.2024 ལ།
评论
发表评论