༄༅།། ལོ་སར་བཟང་། ལོ་སར་ཡག

 ལོ་གསར་པ་རེ་རེ་ནི་ལོ་རེ་ནས་ལོ་རེ་ལ་ལྐོག་གྱུར་དང་ཚོད་དཔག་དཀའ་བའི་གྲངས་ཀ་དང་ཚབ་རྟགས་མང་བོ་ཞིག་ལས་གྲུབ་པའི་མི་དང་འཕྲུལ་ཆས་ཟུང་འབྲེལ་གྱིས་དབང་སྒྱུར་བྱེད་དང་བྱེད་བཞིན་པའམ་བྱས་ཡོང་བའི་ད་ལྟའི་འཇིག་རྟེན་ནམ་གནས་སྟངས་དང་མི་འདྲ་བ་ཞིག་ཏུ་འགྱུར་ངེས་ཡིན་པས། འབྱུང་འགྱུར་གྱི་ལོ་གསར་པ་དེ་དག་གི་ནང་དུ་ང་ཚོ་འགྲོ་བ་མིའི་གནས་བབ་དེ་ཡག་པོ་ཡོང་གི་རེད་དམ། ང་ཚོ་བོད་པ་དག་གི་འབྱུང་འགྱུར་གྱི་གནས་སྟངས་དེའང་ག་འདྲ་ཞིག་ཏུ་ཆགས་སྲིད་རྒྱུ་ཡིན་ནམ། གང་ལྟར་ལོ་སར་ཐོན་ཚར་རེད། བོད་པ་ཚང་གི་ལོ་སར་ཐོན་ལ་ཉེ། དེ་རིང་ང་ད་རུང་གསོན་བསྡད་ཡོད་པས། སྔ་མོ་ཞིག་ནས་ཁྱེད་ཚོ་ལ་ལོ་སར་འཚམས་འདྲི་རེ་ཞུས་ཡིན། སང་ཉིན་ནི་དེ་རིང་མིན་པས་ཀོ་སྐབས་དེ་ཡོད་མེད་སུས་ཤེས། ལོ་གཞུག་མ་དང་འབྱུང་འགྱུར་ལོ་གསར་པ་དེ་དག་གི་ནང་དུ་གང་ཞིག་འབྱུང་རྒྱུ་ཡིན་པ་ཚོར་དཀའ་བ་བཞིན་དུ་སང་ཉིན་གྱི་གནས་སྟངས་ཀྱང་དེ་བཞིན་ནོ། ཐོ་ཐོས། 03.01.2023

评论

此博客中的热门博文

悲怆的史诗与永恒的守望——评《部落人的迁移探险避难》

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

《སྒེའུ་ཁུང་ཕྱི་རོལ་གྱི་ཆུང་མ།》 འབྲི་སྟངས་ཅུང་མི་འདྲ་བ་གཉིས་ལས་གང་ཉིད་དེ་བློ་ལ་འབབ།