༄༅།། ང་དང་གཡུལ་ས་གཉིས་ཀྱི་བར་ཐག་དེ་ཇེ་ཉེ་ནས་ཇེ་ཉེའོ།

 

༄༅།། ང་དང་གཡུལ་ས་གཉིས་ཀྱི་བར་ཐག་དེ་ཇེ་ཉེ་ནས་ཇེ་ཉེའོ།

 

མེ་མདའི་སོ་ཁུང་ནང་དུ་ཚུད་པ་གང་།།

དངོས་སུ་དགྲ་བོར་སྙམ་ཚེ་ཁྲོས་བས་སྨྱོས།།

མདེའུ་གཅིག་རེའི་རྩེ་ནས་སྲོག་གཅིག་ཕྱིན།།

གཡུལ་ས་དངོས་དེར་ཞུགས་འདོད་ཡང་ཡང་སྐྱེས།།

 

དེ་རྣམས་དགྲའོ་འཛམ་གླིང་མང་ཕྱོགས་པའི།།

དེ་རྣམས་གྲོགས་ལགས་འགྲོ་བ་མི་ཡིན་ཕྱིར།།

དགྲའམ་གྲོགས་སམ་འགྲོ་བ་མིའི་རིགས་ཀྱེ།།

བསམ་ན་རྒྱལ་ཁབ་རྒྱལ་མཚམས་མཁོ་དོན་མེད།།

 

གོ་ལ་འདིའམ་ས་སྒང་ཧྲིལ་པོ་འདི།།

རྒྱལ་ཁབ་གཅིག་ཏུ་བསྐྲུན་ཏེ་ཀུན་གྱིས་ནི།།

མི་རིགས་སྣ་འཛོམས་ཅན་གྱི་རྒྱལ་ཁབ་ཞེས།།

སྔར་ཡོད་རྒྱལ་མཚམས་མེད་པར་བཟོ་ཐུབ་བམ།།

 

ཐཽས། 19.07.2023

评论

此博客中的热门博文

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

༄༅།། བུ་མོ་ལཱེས་ལཱེས་ལ་བྲིས།

If I were Trump, I would say something like this: