༄༅།། དཀར་ཟས་སྦྱོངས་དང་ཉེས་པ་མེད།
༄༅།། དཀར་ཟས་སྦྱོངས་དང་ཉེས་པ་མེད།
འདི་འདྲའི་ལག་རྩལ་ལྡན་པའི་མི།།
མཁས་པར་འདོད་དམ་མི་འདོད་ཀྱེ།།
བཀའ་པོད་ལྔ་ནི་མཁྱེན་མཁན་ཚོས།།
བཀའ་པོད་ལྔ་ནི་མཁྱེན་ནའང་།།
སྔོན་བྱོན་བསམ་བློར་ལད་ཟློས་ཙམ།།
ད་ལྟའི་གནས་སྟངས་ཡ་ང་བར།།
འགྱུར་བ་གཏོང་བློ་ཡོད་དམ་ཀྱེ།།
རང་ཟས་རང་གིས་བཟོ་ཤེས་སམ།།
ཟས་རིགས་སྣ་ཚོགས་བཟོ་རྩལ་རིགས།།
སྦྱངས་ནས་ཟ་ཁང་བཟུང་ཡོད་དམ།།
དཀར་ཟས་སྦྱོངས་དང་ཉེས་པ་མེད།།
དྲྭ་རྒྱའི་དུས་དང་ཚོང་གི་དུས།།
ཁྲིམས་དང་བསྟུན་པའི་ཚོལ་ལས་ཁྲོད།།
རང་ཉིད་ཕྱུག་པོར་གཏོང་ཐུབ་ན།།
དེ་ནི་ནོར་ལྷ་ཆུང་ཆུང་ཞིག།
འཛམ་གླིང་གོ་ལ་ཧྲིལ་པོའི་སྟེང་།།
ཟས་གོས་མི་རྟེན་གཅིག་ཀྱང་མེད།།
འདི་གཉིས་རིགས་ཀྱི་ཚོང་རྫས་དག།
འཇིག་རྟེན་མ་རྫོགས་པར་དུ་མཁོ།།
༧གོང་ས་ཡིད་བཞིན་ནོར་བུའི་དང་།།
གངས་དཀར་རི་བོ་ཇོ་མོ་གླང་།།
དེ་གཉིས་བརྒྱུད་ནས་བོད་པ་ཤེས།།
གསུམ་པ་མོག་མོག་སྐད་གྲགས་ཆེ།།
ཐོ་ཐོས་བརྩམས། ༡༤-༠༨-༢༠༢༣
* ་་་ནོར་བུ་དང་ནོར་བུའི་རྗེས་ནས་གངས་དཀར་རི་བོ་ཇོ་མོ་གླང་དང་་་་་་ཞེས་བརྗོད་པར་འདོད་པས་ན། ནོར་བུའི་ཞེས་འབྲེལ་སྒྲ་ཞིག་གིས་མཚམས་སྦྱར་བའོ།
评论
发表评论