༄༅།། སེམས་སམ་དགྲ།
༄༅།། སེམས་སམ་དགྲ།
དགྲ་བོ། རང་གི་སེམས།
སེམས། རང་གཞན་གཉིས་གསོད་བྱེད་ཀྱི་མེ་མདའ་སྐྲུན་མཁན།
སེམས་ནི་མེ་མདའོ།
དགྲ་བོ་སེམས་ཀྱིས་བསད།
མདེའུ་གཅིག་འགྲོ་སོང་ཚར་བའི་ཚོར་བ་དང་མཉམ་དུ།
དགྲ་བོ་གཅིག་ཀྱང་ཉུང་དུ་ཆགས་པའི་འཁྲུལ་སྣང་ཞིག
དགྲ་ཡིན་པ་གང་ཞིག
ནམ་ཞིག་གྲོགས་ལ་འགྱུར་སྲིད་པས།
དགྲ་ཐམས་ཅད་ཀྱང་གསོད་དགོས་པའི་མ་ཁྱབ།
དགྲ་ནི་སེམས་ངོས་སུ།
སེམས་ལ་གཙང་སེལ་བཟོས་ཚེ་དགྲའང་མི་སྣང་བར་འགྱུར་ངེས།
འོན་ཀྱང་།
མི་རིགས་གང་ཞིག་གི་རྒྱལ་ཁབ་འཕྲོག་མཁན་གྱི་མི་རིགས་གཞན་དེ།
མི་རིགས་དེའི་དགྲ་བོ་ཡིན་ནམ།
དགྲ་ལ་འདོད་ཆོག་གམ།
སེམས་ནས་དོར་རུང་ངམ།
ཐཽས། ༠༤-༠༦-༢༠༢༣ ལ།
评论
发表评论