༄༅།། ང་དང་ཟླ་བ་གཉིས་ཀ
༄༅།། ང་དང་ཟླ་བ་གཉིས་ཀ
ང་དང་ཟླ་བ་གཉིས་ཀ།
ཐེངས་མང་མཇལ་རྒྱུ་བྱུང་ཡང་།།
ཁ་བརྡ་བྱེད་རྒྱུ་བྱུང་མེད།།
སྙིང་གཏམ་གླེང་རེས་བྱས་མེད།།
དོ་དགོང་སྐུ་མགྲོན་བསླེབས་པས།།
ཁྱིམ་ནས་ཉལ་ས་མ་བརྙེད།།
ཁྱམས་རའི་ཉལ་ཁྲིའི་སྟེང་གི།
ང་ལ་ཟླ་བ་འཐམས་འདུག།
དཀར་གསལ་ཟླ་བའི་ཞལ་རས།།
ང་ཡི་གདོང་ལ་གཏད་ཚེ།།
ཚོར་བ་ཡ་མཚན་ཞིག་གིས།།
ཟླ་བ་ལྷ་མོར་མཐོང་བཅུག།
དབྱར་དུས་བསླེབས་མ་ཐག་ཅིག།
ལྗང་མྱུག་འབུས་བཞིན་སྐབས་ཤིག།
ལྷ་མོར་མཐོང་བའི་ཟླ་བས།།
ང་ལ་ཚ་བ་འབར་བཅུག།
ཁང་པའི་ཁྱམས་ར་ནང་དུ།།
ང་དང་ཟླ་བ་གཉིས་ཀས།།
ཕན་ཚུན་བཙན་གཡེམ་བྱས་སམ།།
ང་ནི་འདོད་པས་ཚིམས་བཅུག།
03.06.2023 ཐོ་ཐོས།
评论
发表评论