Gyalpo Tamding A collection of poems སྙན་ངག་ཕྱོགས་བསྒྲིགས། 诗歌集 page 07

 ༄༅།། སེམས་འཚབ་ཆེའམ་གྲོགས་གཅེས་ཚོ།

 

སྤྱང་ཁུ་མེད་སའི་ཡུལ་ཁམས་ཀྱི།། 

མེ་ཏོག་ཐང་གི་འབྲི་གཡག་སྐྱིད།། 

འབའ་དཀར་ལུག་གི་གནས་སྟངས་སྐྱིད།། 

རྫི་བུ་ཞི་ལུའི་སེམས་པ་སྐྱིད།།  

 

སྤྱང་ཁུ་མང་སའི་ས་ཆ་ན།། 

འབྲི་དང་གཡག་ལ་འཇིགས་སྣང་ཆེ།། 

འབའ་དཀར་ལུག་ལ་ནུས་སྟོབས་ཞན།། 

རྫི་བུ་ཞི་ལུར་སེམས་ཁུར་ཆེ།། 

 

སྤྱང་ཁའི་གཤིས་ཀར་འགྱུར་བ་མེད།།

ནོར་ནག་ལས་དབང་ལྐོག་གྱུར་ཅིག།

རྫི་བུའི་གནས་སྟངས་ཇེ་སྡུག་རེད།།

སེམས་འཚབ་ཆེའམ་གྲོགས་གཅེས་ཚོ།།

 

ཐཽས།  2022-12-16

 

༄༅།། སྤྱང་ཁུའི་གཤིས་ཀ་ཅན།

 

སྤྱང་ཁུ་སྤྱང་ཁུར་གོ་ན། 

རང་ཉིད་ནོར་རམ་ལུག་ལགས། 

སྤྱང་ཁུ་རྩྭ་གཟན་མིན་པ། 

འགྲོ་བ་མི་ཡིས་ལོས་ཤེས། 

 

ཤ་ཁྲག་བསྲེས་མའི་ཁ་ཟས། 

མི་ཡིས་ཟ་བ་ནང་བཞིན། 

སྤྱང་ཁུས་ཟ་བཞིན་ཡོད་པ། 

སྤྱང་ཁུར་མཚོན་ན་ཆོས་ཉིད། 

 

འོན་ཀྱང་མི་ཡི་ཁྲོད་ན། 

བོད་རྣམས་དུད་འགྲོར་འདོད་དེ།

སྤྱང་ཁུའི་གཤིས་ཀ་བསླབས་ནས།

མནར་གཅོད་གཏོང་བ་ཤེས་སམ།

 

ཐཽས། 2022-12-17

 

༄༅།། དེ་རིང་ཡང་ཁ་བ་འབབ་བཞིན་སྒང་།  

 

ཁ་བའི་འབབ་ཐེངས་ཆད་དེ།།

ཁ་བ་འབབ་རྒྱུ་མེད་ན།།

ཁ་བ་ཅན་གྱི་ཡུལ་མིའི།།

ཁ་ལས་རླུང་རྟ་དར་རམ།།

 

ཁ་བ་ཇེ་མང་སོང་སྟེ།།

ཁ་བས་བོད་ཁམས་བསྐོར་ན།།

ཁ་རྩང་མེ་ཡིས་བསྲེགས་པ།།

ཁ་བས་བསྐྱབ་ནི་ཐུབ་བམ།།

 

ཁ་བ་འབབ་ཐེངས་རེ་ལ།།

ཁ་ཐག་རིང་བའི་བོད་ཁམས།།

ཁ་ཞེ་གཉིས་མེད་ངང་ནས།།

ཁ་འདིས་དྲན་ཚུལ་སྨྲས་ཡིན།།

 

ཐཽས།། 2022-12-16

 

 

༄༅།། ང་ནི་བོད་པའི་གནའ་མྱི་ལགས།

 

ང་ཡི་རིན་གོང་འཕར་བཞིན་ཡོད།

ང་ནི་བོད་པའི་གནའ་མྱི་ལགས།

གནའ་མྱིའི་གཤིས་ཀ་སླད་མེད་ཡིན།

གནའ་མྱིའི་འཛུམ་ལ་བཅོས་མ་མེད།

 

ང་ལ་དགའ་བསུ་མང་མང་ཐོབ།

ང་ནི་བོད་པའི་གནའ་མྱི་ལགས།

གནའ་མྱིའི་དད་པ་བརྟན་པོ་ཡིན།

གནའ་མྱིའི་ཚིག་ལ་འགྱུར་པ་མེད།

 

ང་ལ་མནའ་ཡ་ཇེ་མང་ལགས།

ང་ནི་བོད་པའི་གནའ་མྱི་ཡིན།

ང་དང་སེང་གེའི་བར་ན་མནའ།

ང་དང་འབྲོང་གི་བར་ན་མནའ།

 

ང་ནི་བོད་པའི་གནའ་མྱི་ལགས།

ཁྱེད་ནི་བོད་པའི་རྒྱུན་འཛིན་ལགས།

མ་འོངས་བོད་ཁམས་ཁྱེད་ལ་དབང་།

གནས་བོའི་བོད་ཁམས་ང་ཚོའི་ཁྱིམ།

 

ཐཽས། 2022-12-16

 

《我们家的老大》

 

我的老婆,我们家的老大!以老大的名义拿钱去给自己买礼物,以母亲的身份从两个儿子那里取出花在自己给自己买礼物上的钱,高明!很有商业头脑!浪子

 

 

༄༅།། སེམས་རྩ།

 

ཆེས་མུན་ནག་གི་དུས་ཤིག་ཡིན་ཡང་། 

ཁྱེད་ཚོའི་འོད་སྣང་དེ་སེམས་ནང་དུ་ཡོད་ཅིང་།

མདེའུ་དང་མེ་ཤུགས་འཕུར་མདའི་རྩེ་མོ་ནའང་།

འཕྲོ་བཞིན་དང་འབར་བཞིན། 

ཁྱེད་ཚོ་རྒྱལ་བར་ཤོག 

ཁྱེད་ཚོ་ངེས་པར་དུ་རྒྱལ་དགོས།

 

སེམས་འདིའི་རྩ་ཁམས་རེ་རེ།།

འབྲེལ་ས་ཁྱེད་ཚོའི་རྒྱལ་ཁམས།།

ཤར་ལྷོའི་བདག་དབང་བརླགས་ཚེ།།

ང་ཡི་སེམས་རྩ་འཁྲུག་འགྲོ།།

 

སེམས་འདིའི་འཕར་ལྡིང་རེ་རེ།།

ཁྱེད་ཚོའི་གཡུལ་སར་འབྲེལ་ཡོད།།

སེམས་ཁྲལ་བྱེད་ས་ཁྱེད་ཚོ།།

ཁྱེད་ཚོ་ངེས་པར་རྒྱལ་དགོས།།

 

སེམས་འདི་རྨས་མ་ཡིན་ལགས།།

ཤི་མ་གསོན་གྱི་བར་ན།།

འཕག་འཚག་རྒྱག་པའི་རྣམ་པ།།

མུན་པ་ནག་པོས་བཀབ་འདུག།

 

 

ཐོ་ཐོས། 2022.12.06

 

           HEART

 

 This heart

    it's full of your country

     every blood vessel

       every pulse

 with your land and people

 

If the sovereignty of the southeast 

 is destroyed

   my heart will hurt

      will bleed

my heart will be in a mess

 

From February 24th

  every beat of my heart

    on your ground

in your city

 

 In Mariupol In Kharkov In Kyiv

 In Bucha, in Kherson, in Zapori...

 rejoice with you in your victory

 mourn with you in your failure

 

This heart

  every beat

    it's all about you 

     all about worry for you

you must win

 

Even in the darkest times

   your light is in your heart

     on the warhead

       on top of the rocket

         shining and burning 

you will win this war

 

This heart

  was injured long ago

     between life and death

shrouded in darkness

 

GT 06.12.2022

 

 

这颗心

里面全是你的国家

每一条血管

每一个脉冲 

连着你的国土和人民

 

若东南主权被破坏

我的心将会受伤

将会滴血

我的心会乱成一团

 

从二月二十四日起

我的每一次心跳

在你的阵地上

在你的城市里

 

在马里乌波尔在哈尔科夫在基辅

在布查在赫尔松在扎波里……

在你的胜利中同你一起喜悦

在你的失败中与你一起悲哀

 

这颗心

每一次的搏动

全都是在为你和关于你

你必须要赢

 

即使在最黑暗的时刻

你的光在你心中

在弹头上

在火箭的顶部

闪耀和燃烧

你定会赢得这场战争

 

这颗心

很早以前已经被受伤

在生死之间

被黑暗笼罩

 

 雪山浪子2022.12.06

 

HERZ

 

  Dieses Herz

     es ist voll von deinem Land

      jedes Blutgefäß

        jeden Puls

  mit deinem Land und Volk

 

 Wenn die Souveränität des Südostens

   zerstört wird

    Tut mein Herz weh

       Es wird bluten

Und in ein chaos geraten

 

 Ab 24. Februar

   Jeder Schlag meines Herzens

     auf deinem Boden

 in deiner Stadt

 

  In Mariupol In Charkow In Kiew

  In Bucha, in Cherson, in Zapori...

  freue dich mit dir über deinen Sieg

  trauere um dein Versagen

 

 Dieses Herz

   jeden Schlag

     es geht nur um dich

      alles über Sorgen für Sie

 Verlieren aber nie

 

 Auch in den dunkelsten Zeiten

   Das Licht in deinem Herzen

      auf dem Sprengkopf

        auf der Rakete

          leuchtend und brennend

  Ihr werdet diesen Krieg gewinnen

 

 Dieses Herz

   vor langer Zeit verletzt

      zwischen Leben und Tod

 in Dunkelheit gehüllt

 

 GT 06.12.2022

 

 ༄༅།། ང་ནི་ངུས་བཅུག་སོང་།

 

ང་ནི་ངུས་བཅུག་ཁྱེད་ཀྱི་སྙན་ངག་གིས།།

ཁྱེད་ཀྱང་དགོད་བཞིན་སྙན་ངག་རྩོམ་རྩལ་ངོམ།།

ང་ནི་གྱོང་བོ་དེ་ལ་འཁོན་འཛིན་ཡོད།།

ཁྱེད་ལ་ཕྲག་དོག་བྱེད་ས་མེད་དམ་ཀྱེ།།

 

འགྲན་ནས་རྒྱལ་བར་འདོད་ཅིང་བཙན་རྒྱལ་མོས།།

འཐབ་ནས་ཕམ་པར་བརྒྱབ་ན་བསམས་ཤིང་དམོད།།

ཕམ་ནས་ཤོར་བ་འཕྲོགས་པ་ཡོངས་སུ་རྫོགས།།

འུ་ཅག་ཁུངས་སུ་ཐོབ་ན་བླངས་ན་སྙམ།།

 

ཁུང་གི་ཙི་གུའི་འཚོ་སྟངས་ཇི་མ་བཞིན།།

ཚེ་ལོ་བརྒྱ་ཡི་ཕ་རོལ་བསླེབས་ཀྱང་རུང་།།

འགའ་རེས་དམར་ཡག་སྟག་གི་གདོང་མཆོང་དེར།།

ཚེ་ལོ་ཐུང་ཡང་ཡིད་ཀྱིས་སྨོན་འདུག་ཀྱེ།།

 

ལ་ལུང་ཡུལ་དུ་ཉུལ་བར་དོན་ཡོད་མེད།།

ཁྱེད་ཀྱིས་ཤེས་སམ་དོང་ཆུའི་སྦལ་བ་ཀྱེ།།

དགྲ་ལ་རྭ་ལྟར་གྱོང་བོའི་གཤིས་ཀ་མཁོ།།

གཉེན་ལ་ཕ་མས་བུ་ཕྲུག་སྐྱོང་བཞིན་མཁོ།།

 

བདག་ལ་བསྟོད་འོས་བདག་རྣམས་བོད་པ་ལགས།།

གཞན་ལ་སྨད་འོས་གཞན་དེས་དགྲ་བོར་མཐོང་།།

ཕྲག་དོག་བྱེད་ཆོག་ང་ཚོར་རྒྱལ་ཁབ་མེད།།

བུད་ཤིང་ཇི་བཞིན་ང་ཚོར་བསྲེགས་པ་མང་།།

 

དཔེ་བཞིན་དེ་དག་མཐའ་ཁུལ་ཆུ་ཡིས་སམ།།

ཆུ་ལ་བརྟེན་པའི་གྲུ་གཟིངས་ཆེན་པོས་བསྐོར།།

དེ་བཞིན་འུ་ཅག་མཐའ་དང་ནང་བཅས་པར།།

དེ་དག་འཛུལ་བས་འུ་ཅག་མེ་རུ་སྦར།།

 

ཐཽས། ༢༠༢༢-༡༡-༠༢ རྩེ་མཚར་ལགས།

 

《历史》

 

是历史必须得尊重历史。现实可能会改变一段历史的延续,但不能扭曲和污蔑历史。很多时候,或者是在诸多不同的场合中,历史学家也只是一个墙头草般的宣传员。再说历史学家不仅仅只是他们有,你们有,同样的我们也有。—— 浪子

 

Lisa ཟེར་བའི་བུ་མོ་ལོ་ན་བཞི་ཅན་ཞིག་གི་ཚེ་སྲོག་ཤོར།

 

ཨོཾ་མ་ཎི་པ་དྨེ་ཧཱུྃ། ཨོཾ་མ་ཎི་པ་དྨེ་ཧཱུྃ། ཨོཾ་མ་ཎི་པ་དྨེ་ཧཱུྃ། 

 

活着不仅仅只是因为生下来,生下来也不仅仅只是为了活着。而你,天使般可爱的Lisa 因为是战争,因为是被侵略,他们只让你活到四岁。四岁后的世界,与你无缘,与你无语。但是,你的悲剧,将会成为清理这世界的真谛。 

我也从你们的合影中看到了你母亲,她很漂亮,像女神般美丽。如果你依然活着,未来的你也像你母亲一样,肯定是个绝色美人。我很是同情你的母亲,我希望她能坚强地活着。希望她能生很多像你一样的女儿!浪子 于二零二二年七月十九日

 

《入佛还是入党?》

 

党的口号虽说是为人民服务,但始终是离不开独揽大权,颠来倒去,苦了百姓,毁了国威。以独裁与独财为目标,以恐吓与镇压为手段,以欺骗与洗脑为宗旨……

佛经不是党章,佛也不是党员。党离不开枪,而佛则以弃器为本。慈悲与宽容乃为佛之本! 

建党是为了建国,建国是为了人民。国有了不能忘了人民,党强了不能忘了党章。当然,国是你们的国,与藏人无关。但以目前的形式,藏人仍需要在一段时间里与你们共享这天地与万物,为此以肺腑之言,只是给你们提提醒。

俄罗斯的党员在炮灰中求生,又在炮灰中杀戮。现在的乌克兰人是过去五八五九年时候的藏人。但很多藏人像是忘了那一段悲惨和恐怖的历史。他们是被人民币冲昏了头,并在自以为是和自我陶醉的奴性心态中,过着各怀鬼胎的畸形生活。

所以,每当我看到你们就只想闭上我的眼睛,闭上我的嘴。因为你们只是一群没有思想与感觉的稻草人。 我连你们的名字都不想听到,因为那是假的,因为那是假的身份证。

这就是你们!所谓的 མཁས་དབང་དང་མཁས་པ་ཆེན་པོ། རྣམ་དཔྱོད་ཅན། ལོ་རྒྱུས་སྨྲ་བ། དགེ་བཤེས། སྙན་ངག་པ།བཅས།  

我们藏人对他们来讲,只是一大堆虱子。既讨厌我们又想随时把我们碾死在他们的指甲间。

但你对我来说,什么也不是。因为我既不讨厌你,又不想碾死你。你或许只是个虱子之卵,存在于我的周围环境中,但我面对你这种生命的存在是不屑一顾的。我已经说过,面对你们,我只想闭眼闭嘴。

 

གོང་གི་སྐད་ཆ་འདི་དག་ནི་བོད་མི་རིགས་ཀྱི་ཡིན་མདོག་བྱེད་མཁན་དག་ལ་་་    浪子

 

༄༅།། ཡཱོཁཱུརེན་རྒྱལ་ཁབ་དང་དམག་འཁྲུག

 

ང་ཚོ་སྐྱེ་ཉིན་དེ་ནས་སམ་སྐྱེས་དུས་ནས། རྨས་ཚར་བའི་སེམས་པ་རེ་རེ་ཁྱེར་ནས་འཇིག་རྟེན་འདི་ལ་བྱོན་གི་ཡོད་པ་ཞིག་རེད་དང་། རྐྱེན་དེ་འདྲ་ཞིག་གི་དབང་གིས་ཁོང་ཚོ་དང་གདུང་སེམས་མཉམ་སྐྱེ་མི་བྱེད་ཐབས་མེད་ཅིག་ཡིན་ལ། ཁོང་ཚོའི་ད་ལྟའི་ཛ་དྲག་གི་གནས་སྟངས་དེ་དང་དེ་ལས་བྱུང་དང་འབྱུང་བཞིན་པའི་འཇིགས་སུ་རུང་བའི་དོན་རྐྱེན་སྣ་ཚོས་ཤིག དེ་དག་དང་འབྲེལ་བའི་དཀའ་སྡུག་སྣ་ཚོགས་ཤིག གང་ལྟར་མང་བོ་མང་བོ་ཞིག་ནི་འདས་སོང་བའི་འཁྱོག་བཤད་ཀྱིས་བཀབ་པའི་ང་ཚོ་དང་འབྲེལ་བའི་ལོ་རྒྱུས་ཡ་ང་བ་དེ་དག་ཕྱོགས་སྣ་ཚོགས་ཤིག་ནས་དུས་རབས་འདིའི་མི་རབས་འདི་དག་གི་མིག་མདུན་དུ་བསྐྱར་དཔར་ཐེངས་ཤིག་བརྒྱབ་པ་དེ་གཡོ་འགེབ་མེད་པར་བཀྲམ་པ་དང་གཅིག་མཚུངས་ལྟ་བུར་ཆགས་ཡོད་པ་ཞིག་རེད་འདོད་ཀི་ཡོད། ཐཽས། ༢༠༢༢-༠༥-༡༤ ཉིན།

 

༄༅།། ཡཱོཁཱུརེཎ་གྱི་རྒྱལ་ཁབ་ཀྱི་དམ་བཅའ་ལྟ་བུའི་བསྒྲགས་ཡིག་ཅིག

 

དམག་འཁྲུག་འདི་མཇུག་བསྒྲིལ་དགོས་ན་དང་། ཡང་ན་མཚམས་འཇོག་བྱེད་དགོས་ཟེར་ན། ང་ཚོར་གདམ་ག་གཉིས་མ་གཏོགས་ལྷག་མེད།གཅིག་དེ་ནི་ཡང་མིན་ན་ང་ཚོ་ཡཱོཁཱུརེཎ་རྒྱལ་ཁབ་ལ་རྒྱལ་ཁ་ཐོབ་པའམ་ཐོབ་དགོས་པ་དེ་དང་། གཉིས་པ་དེ་ནི་ཡང་ན་མཱོ་སི་ཁཱོ་གཙོ་བྱས་པའི་ཨུ་རུ་སི་རྒྱལ་ཁབ་དེ་ཕམ་ཉེས་སུ་འགྲོ་དགོས་པའམ་གཏོང་དགོས་པ་དེ་གཉིས་མ་གཏོགས་གདམ་ག་གཞན་པ་གཅིག་ཀྱང་མེད་ལ། ད་བར་དུ་དེ་ལས་ཡག་པའི་གདམ་ག་གཅིག་ཀྱང་མཐོང་མ་སོང་། ཚོར་མ་ཐུབ། སྤྲད་ཀྱང་མ་སོང་ངོ་།

ཐཽས་བསྒྱུར། 2022.05.25

 

དེ་ནས་། གསུང་བཤད་ཅིག

 

"དེ་རིང་ཡང་སྔོན་མར་དགྲ་བོས་བཙན་འཛུལ་བྱེད་མྱོང་མེད་པའི་ལོ་དེ་དག་ནང་བཞིན་ལྷོད་ལྷོང་ངང་བློ་བདེ་བག་ཕེབས་ཀྱིས་བཞུགས་ཐུབ་པའི་ཉིན་ཞིག་མ་རེད། 

དེ་རིང་གི་ཉིན་འདིའང་ཟླ་བ་གཉིས་ལྷག་གི་རིང་གི་ཉིན་གཞན་དག་ཡོད་ཚད་དང་འདྲ་བར། ང་ཚོས་མཉམ་རུབ་ཀྱིས་ང་ཚོའི་རྒྱལ་ཁབ་དང་མི་དམངས། དེ་མིན་གཡུལ་སའི་དཔའ་བོ་དཔའ་མོ་རྣམས་སྐྱོབ་རྒྱུ་དེ་ཡིན། 

ངས་འདི་ནས་ཝུའུ་ཁི་ལན་གྱི་དམག་མི་ཡོད་ཚད་ལ་བཀའ་དྲིན་སྙིང་ནས་ཞུ། ཁྱེད་ཚོས་དཔའ་ཐབས་གཉིས་འཛོམས་ཀྱིས་དགྲ་བོ་ལ་དཔུང་འཇུག་བྱེད་སྟངས་དང་གསང་འཕྲིན་བེད་སྤྱོད་གཏོང་སྟངས། དེ་བཞིན་སྤྱང་གྲུང་ལྡན་པའི་གྲོས་མོལ་ཚོགས་ཆུང་དང་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

དེ་ནས་བདག་ལ་རེ་བ་ཆེ་ཤོས་ཤིག་ཞུ་རྒྱུ་དང་འབོད་སྐུལ་བྱེད་རྒྱུ་ཡོད་པ་དེ་ནི། ཡཱོཁཱུརེཎ་རྒྱལ་ཁབ་ལ་མཚོན་ན་དཔའ་བོ་མཁོ་བའི་དུས་ཤིག་ཏུ་བསླེབས་འདུག ང་ཚོ་ལ་དཔའ་བོ་དགོས། ང་ཚོའི་དཔའ་བོ་དཔའ་མོ་རྣམས་ལ་བདེ་འཇགས་དགོས། ང་ཚོའི་དཔའ་བོ་དང་དཔའ་མོ་རྣམས་གསོན་དགོས། ང་ཚོ་ཡཱོཁཱུརེཎ་རྒྱལ་ཁབ་ལ་གསོན་བསྡད་ཡོད་པའི་ཡཱོཁཱུན་རེཎ་གྱི་དཔའ་བོ་དང་དཔའ་མོ་དེ་དག་དགོས། དེ་ནི་ང་ཚོའི་རྩ་དོན་ཡིན་ལ་དམ་བཅའ་ཡང་ཡིན། ཝུའུ་ཁི་ལན་ལ་གསོན་དགོས་པའི་ཝུའུ་ཁི་ལན་གྱི་དཔའ་བོ་ཞིག་ཡིན། དེ་ནི་ང་ཚོའི་རྩ་དོན་ཡིན། ངས་བསམ་ན་མི་ཚང་མས་ངའི་སྐད་ཆ་འདི་དག་གི་གོ་དོན་གསལ་པོར་ཤེས་ཀྱི་རེད། "

 

ཅེས་ཡཱོཁཱུརེཎ་གྱི་སྲིད་འཛིན་ཚེ་རིང་སེང་གེས་དམག་འཁྲུག་གི་ཉིན་82པའི་འགྱངས་པའི་ཉིན་དེར་གསུང་བཤད་གནང་བའི་གོ་དོན་དེ་བོད་ཡིག་ཏུ་བསྒྱུར་ན། ཧ་ལམ་འདི་ལྟ་བུ་ཞིག་ཡིན་པ་འདྲ། བསྒྱུར་པའི་ཁྲོད་དུ་ཆད་པ་མང་ལ་ལྷག་མའང་མང་སྲིད། དགོངས་དག་ཞུ། འདྲེ་ལི་ཐོ་ཐོས། ༢༠༢༢-༠༥-༡༧ ལ་བསྒྱུར།

 

༄༅།། ང་དང་ཕུག་རོན།

 

དགུན་ལ་ཉེ་བའི་སྟོན་དུས།།

ཆར་རླུང་གཉིས་ཀས་མནར་འདུག།

ཉི་དྲོད་ཆེ་ས་ཤིག་ན།།

ང་དང་ཕུག་རོན་སྐྱིད་འདུག། 

 

ཐཽས། ༠༣-༡༠-༢༠༢༢

 

༄༅།། སྟོང་བ་ཉིད།

 

སེམས་ཀྱི་སྣང་ཁམས་སྒྱུ་མའི་འཇིག་རྟེན་དུ།།

གང་ཞིག་ཇི་ལྟར་བརྟན་པོར་གནས་ཀྱང་རུང་།།

མཐའ་མར་སེམས་དེ་ལུས་དང་འབྲལ་དགོས་རྐྱེན།།

མཐའ་མའི་མཐའ་མར་ལྷག་པ་སྟོང་བ་ཉིད།།

 

འདྲེ་ལི་ཐོ་ཐོས། ༢༠༢༢-༠༥-༡༤ ལ།

 

༄༅།། མཚོ་འགྲམ་དང་གཅེར་བུའི་ལུས།

 

འཆི་ཁར་དང་ཤི་ཚར་རྗེས་གཞན་གྱིས་སེམས་མི་སྐྱིད་པའམ་འཇིགས་སྐྲག་གི་ངང་གིས་གཅེར་བུར་ཕུད་པ་ལས་གསོན་པའི་སྐབས་སུ་རང་འདོད་ཀྱིས་རང་ཉིད་གཅེར་བུར་ཕུད་དེ་ཉི་འོད་ལོངས་སུ་སྤྱད་ན་དེ་འདྲའི་ངོ་ཚ་དགོས་པ་དང་། རྫབ་ཆེན། བཙོག་པ། ཡང་ན་ཀུན་སྤྱོད་མི་ལེགས་པ་བཅས་མ་ཡིན་ནོ་སྙམ་མོ། 

ཐཽས། ༢༠༢༢-༠༨-༢༡

 

༄༅།། ཉི་ཧོང་གི་སྲིད་འཛིན་ཟུར་བར།

 

རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་མི་རིགས་མང་བོ་ཞིག་གིས། ཁྱེད་ཉིད་བཀྲོངས་སོང་བར་དགའ་བའི་རྣམ་འགྱུར་སྟོན་ཞོར་མི་ལེགས་པའི་ཚིག་ཉོག་ཀྱང་སྣ་ཚོགས་ཤིག དྲ་ཐོག་གང་མང་ཞིག་ཏུ་སྤེལ་བཞིན་ཡོད་ཅིང་།ཁྱེད་ཉིད་སྐུ་འདས་པས་དགའ་སྟོན་སྣ་ཚོགས་ཀྱང་བྱེད་བཞིན་ཡོད་མོད།ང་ཚོ་བོད་མི་རིགས་ཀྱིས་ཁྱེད་ཀྱི་མཛད་རྗེས་ལ་ནམ་ཡང་གུས་བརྩི་དང་།ཁྱེད་ཉིད་སྐུ་འདས་པར་ནམ་ཡང་མྱ་ངན་དང་མ་ཎི་ཡིག་དྲུག་ཡོད་ལགས།ཐཽས།

 

༄༅།། ལྕགས་ཞྭ།

 

ལྕགས་ཞྭ་སྲུང་མ་ཁོ་ནར་བཀུར་བྱས་ནས།།

མཆོད་ན་ལོས་ཆོག་དད་མོས་རང་དབང་ལགས།།

ལྕགས་ཞྭར་དམངས་སྒོར་བསམས་ཤིང་དད་མདོག་གིས།།

མི་རིགས་ནང་ཁུལ་དཀྲུག་ན་མི་རིགས་དགྲ།།

 

ལྷག་ཏུ་ལྕགས་ཞྭའི་རྗེས་འབྲང་ཡིན་མདོག་གིས།།

རང་རིགས་བཙན་བྱོལ་པ་དང་བཙན་བྱོལ་གཞུང་།།

མེས་རྒྱལ་ཁ་བྲལ་རིང་ལུགས་རེད་ཅེས་ནས།། 

ཡིད་བཞིན་ནོར་བུར་དམད་མཁན་མི་རིགས་དགྲ།།

 

མེས་རྒྱལ་དགྲ་ཞེས་ཤོག་ཞྭ་གང་མང་མང་།།

ཁྱོད་དང་ང་ཡི་པོ་པོ་རྨོ་མོའི་མགོར།།

ཁ་བྲལ་རིང་ལུགས་པ་ཞེས་བཀབ་པ་དེ།།

ལྕགས་ཀྱི་ཞྭ་མོའི་འོག་ནས་བརྗེད་སོང་ངམ།།

 

ང་ཚོའི་ནང་ཆོས་ཚར་གཅོད་ཁོ་ནའི་ཕྱིར།།

རེ་ཞིག་ལྕགས་ཞྭར་བཀུར་མདོག་གཡོ་སྒྱུ་པས།།

ཁྱེད་ལ་དགོན་སྡེ་ལྷ་ཁང་རྫིག་པོ་ཁག།

བརྒྱབ་ཀྱང་ཡུན་རིང་བརྟན་མིན་གཞིགས་ཤིག་ཀྱེ།།

 

ཞེས་དྲི་འགུམས་པས་ཏེ། དྲི་ངན་དགུམ་པར་གཉེར་བའི་དྲྭ་འབུ་མྱིག་དམར་གཅིག ༢༠༢༢-༠༥-༡༦ ལ།

 

༄༅།། རླུང་རྟ་དང་བསང་།

 

ཤོག་བུའི་རླུང་རྟ་གནམ་ཁར་བཅོལ་ན་ཡང་།།

གནམ་གྱིས་གད་སྙིག་ཡིན་པ་ཚོར་བའི་རྐྱེན།།

ཉར་ཚགས་མ་བྱས་རི་ལ་ཕབ་པ་འདི།།

རྫ་རི་ཁ་བ་དཀར་པོས་བཀབ་པ་མིན།།

 

ཐཽས།

 

༄༅།། མ་ཧཱ་བྷ་ར་ཏཱའི་ཚོགས་གཙོ་དང་བཅས་ལ།

 

དབྱར་ཁའི་གནམ་གཤིས་དགུན་གྱི་རླུང་དམར་རུ།། 

དོ་ཟླའི་ཚུལ་གྱིས་ཐུགས་ཁམས་མཁའ་དབྱིངས་ཀྱི།།

མཚམས་རེའི་དྲག་ཆར་སྐབས་རེའི་སྤྲིན་ནག་གིས།།

རང་གིས་བསྐྲུན་པའི་ཚལ་འདི་འཇོམས་མཁན་ཀྱེ།།

 

ཚལ་འདིའི་དཀྱིལ་དུ་སེར་ཆེན་མེ་ཏོག་བཞད།། 

དེ་ཡི་འདབ་མར་གཡུ་སྦྲང་ཐོ་ཐོ་འཁོར།། 

གསེར་སྦྲང་འབའ་སྲས་སྙན་ངག་སྦྲང་རྩིས་བཟི།། 

དཔྱིད་དཔལ་བུ་མོ་བྱང་ཆུབ་ལོ་མས་གཡོགས།།

 

ནག་པོ་དགྲ་ལས་རྣམ་པར་རྒྱལ་བའི་བུ།། 

ལྷ་ཡི་ཞིང་ཁམས་འདྲེན་པ་ལྷ་སྲས་མཆོག། 

རང་དབང་རྩོད་ཕྱིར་ལོ་རྒྱུས་སྨྲ་བའི་མགོན།། 

འདི་གསུལ་ཚོམས་འདིས་་སྐྱེས་བུ་དམ་པར་བཀུར།།

 

ཧོར་ཆེན་ཇིང་གིར་རྒྱལ་བོ་ཕེབས་ཀྱང་རུང་།། 

སྙིང་རྩ་འཇིགས་པ་མེད་པའི་རྣམ་དཔྱོད་ཀྱི།།

ཁྲབ་དང་རྨོག་གིས་གཡོགས་པ་གང་ཞིག་སྟེ།།

མཁས་པའི་རྩེར་གསོན་སྐྱེས་མཆོག་འདི་ན་བཞུགས།། 

 

འཛམ་གླིང་ཉི་མའི་ཐུགས་ཀྱི་གཅེས་ཕྲུག་གང་།།

གདོང་དམར་བོད་པ་ཚང་གི་གཞོན་ནུའི་རྒྱན།། 

ཙི་ནའི་ཡུལ་གྱི་གངས་དཀར་ལྷུན་པོ་ཞིག།

བཙན་པོའི་རྒྱལ་སྲས་ནང་བཞིན་རང་ཚུགས་བརྟན།། 

 

ཐོ་ཐོས་ཚོགས་མི་འགའ་བརྗོད་གཞིར་བཞག་སྟེ་བྲིས་པ་ཞིག

 

 

༄༅།། གསར་འགྱུར་གླིང་།

 

ཁ་རླངས་དྲོན་མོའི་སྣེ་ཡི།།

གསར་འགྱུར་ཚ་བོ་ཚ་བོར།།

ཚིག་ལོག་ཆུ་འཁྱག་བླུགས་པས།།

འབར་ཏུ་མ་བཅུག་བསད་སོང་།།

 

གསར་འགྱུར་གླིང་གི་ཚོགས་མིས།།

གསར་འགྱུར་གསར་པ་གསར་པར།།

ཉན་རྒྱུའི་ལས་དབང་ཟད་བཅུག།

ཉན་རིན་ཡོད་མེད་མི་གླེང་།།

 

བོད་གཅིག་ཡིན་པས་ཆ་ནས།།

ཚོགས་གཙོ་ @Tsedan སྙིང་རྗེ།།

གྱོང་དེ་ཁེལ་ས་རྒྱ་གར།།

ཕྱོགས་རིས་ཁོ་ནས་སྨྱོས་འདུག།

 

གསར་འགྱུར་རྣམ་པ་སྣ་ཚོགས།།

བཤད་ཚུལ་འདྲ་མིན་ཅི་རིགས།།

འདོད་ཚུལ་བརྒྱ་བརྒྱ་སྟོང་སྟོང་།།

དཔྱད་བརྗོད་གྲངས་ལས་འདས་པ།།

 

ཐོ་ཐོས། 2022-04-28 ལ།

 

ཐོག་མར་ཚོགས་གཙོ་ @ Tsedan ལགས་ལ། སེམས་གཏིང་ནས་དགོངས་དག་ཞུས་ཡིན། ཅིའི་ཕྱིར་ཞེ་ན། ངས་འདིར་

ཆོག་མཆན་གང་ཡང་མེད་པར་ཁྱེད་དང་ཚོགས་མི་ཞིག་གི་སྐད་ཆ་དེ་སྒྲ་འཇུག་ལྟ་བུ་བྱས་ཏེ། སྒྲ་སྒམ་འདི་འདྲ་ཞིག་བཟོས་ཡོད་པས་སོ།

ང་རང་ལ་མཚོན་ན། ཁྱེད་ཀྱིས་འཆད་བཞིན་པའི་གསར་འགྱུར་དག་བདེན་པ་རེད་ཅེས་བཤད་མི་ཐུབ་ལ། རྫུན་རེད་ཅེས་དེ་བས་ཀྱང་བཤད་མི་ཐུབ། 

འོན་ཀྱང་གལ་སྲིད་རྫུན་མ་ཡོད་པའི་དབང་དུ་བཏང་ནའང་། དེ་ནི་རྒྱ་གར་བ་འགས་སྐྱག་རྫུན་སྨྲས་པ་ཞིག་རེད་མ་གཏོགས། ཁྱེད་ཀྱིས་བསམ་བཞིན་དུ་རྫུན་བཤད་པ་ཞིག་རྩ་བ་ཉིད་མ་རེད་འདོད། རྒྱུ་མཚན་ཁྱེད་ཀྱིས་འཆད་བཞིན་པའི་གསར་འགྱུར་མང་ཆེ་བ་ཞིག་ནི་རྒྱ་གར་བའི་གསར་ལམ་ཁག་ནས་ཐོན་པ་དེ་དག་བོད་སྐད་ཐོག་སྨྲས་པ་ཙམ་ལས། ཁྱེད་རང་གིས་གང་འདོད་བཤད་པ་ཞིག་མ་རེད་འདོད་ཀི་ཡོད་ལགས།ཐོས། ༢༠༢༢-༠༤-༢༨ ལ།

 

བདེན་པའི་གད་རྒྱང་།

 

སེང་གེ་དཀར་མོར་མཆོད་པ་སེང་གེའི་འབངས།། 

བདེན་པའི་ཨུ་ཚུགས་སེང་གེའི་གད་རྒྱང་གིས།།

གཉིད་ལས་སྒྲོག་མཁན་དམ་པ་གང་ཞིག་གི།

ངག་དང་སྐད་ལ་གུས་པས་ཕྱག་གསུམ་འབུལ།།

 

ཞེས་འདྲེ་ཐོ་ཐོས་ཕུག་དཀར་ལགས་ལའོ། 

 

༢༠༢༢-༠༥-༠༤ 

 

སཱ་ལམ་ལགས་ལ་བསྔགས་པ།

 

ཚིག་རྩུབ་ཞེ་སྡང་ཕྲག་དོག་དྲི་ངན་གྱིས།།

ཤིན་ཏུ་སྦགས་པའི་མི་སེམས་ཨ་ཁ་མར།།

གཙང་སེལ་མཆོག་ཏུ་བཟོ་བར་རབ་ཡིན་པའི།།

སཱ་ལའི་རྒྱལ་པོ་སཱ་ལམ་སྐྱེས་བུའི་མཆོག།

 

ཐོ་ཐོས། ༢༠༢༢-༠༥-༠༤ ལ།

 

༄༅།། གསར་འགྱུར་ཚ་བོ་ཚ་བོ།

 

གསར་འགྱུར་ཚ་བོ་ཚ་བོ། འཕུར་མདས་འབར་གཏོར་གྱི་མེ་ནང་དུ། འབར་བཞིན་པའི་གསར་འགྱུར། སྲེག་བཞིན་པའི་གསར་འགྱུར། 

ཚིག་ནས་ཀྱང་འཆི་བཞིན་པའི་གསར་འགྱུར། 

 

གསར་འགྱུར་ཚ་བོ་ཚ་བོ། མི་སེམས་བསྲེག་པའི་གསར་འགྱུར། འཇིགས་སྣང་སྐྱེ་བའི་གསར་འགྱུར། གོ་ལ་འདི་འབར་ལ་ཉེ། འགྲོ་བ་མི་ཚར་ལ་ཉེ། བྱམས་བརྩེ་དང་ཞི་བདེ། ང་ཚོའི་འདུན་པ་ཡིན། ང་ཚོས་ཡིད་ཆེས་བྱེད་ས་ཡིན།

 

གསར་འགྱུར་ཚ་བོ་ཚ་བོ། འཕུར་མདས་གཏོར་རྒོལ་ཐེབས་པའི་གྱང་འོག་ཏུ། གསོད་བཞིན་དང་འཆི་བཞིན་པའི་གསར་འགྱུར། དཀར་འོད་མེད་པའི་ས་དོང་ནང་། རྩིག་པས་ནོན་བཞིན། མནན་ནས་འཆི་བ། འཐུང་ཆུ་དང་ཟ་མ་ཚར་བས། མུ་གེས་ཀྱང་འཆི་བ།

 

གསར་འགྱུར་གསར་པ་གསར་པ། མེ་སྒྱོགས་ཀི་མདའ་རྩེ་ན་བཀད་དང་འགད་བཞིན།  བཤན་པ་ཡི་ངག་སྒོ་ན་བྱུང་དང་འབྱུང་བཞིན། ཨུ་ཚུགས་ཀྱིས་སྒེར་གཅོད་འོག་འཛམ་གླིང་འདི་འགད་ལ་ཁད། འབར་ལ་ཁད། ཚར་ལ་ཁད། མེད་ལ་ཁད། ་་་་་ ཐཽས། ༢༠༢༢-༠༥-༠༩ ལ།

 

༄༅།། དུག་སྤང་སྟངས།

 

རང་ལུས་ལྷ་སྐུ་བཞེངས་སའི་དགོན་སྡེར་བསྐྲུན།། 

རང་སེམས་ལྷ་གང་དགོངས་པའི་ཐུགས་སུ་སྙམ།། 

རང་ཉིད་རང་གིས་བདེ་བའི་ཞིང་ཁམས་སུ།། 

རང་སྟེང་ཉོན་མོངས་དྲེག་པ་སྤངས་པས་བཀོད།། 

 

ཅེས་འདྲེ་ལི་ཐོ་ཐོས། བདེ་བ་དང་ལྷང་འཇགས་འཚོལ་བའི་ཐབས་ལམ་དེ་མི་རྣམས་ལ་ཕན་ཕྱིར་ཚིགས་སུ་བཅད་དེ་འདི་ལ་བཀོད་པ་དགེའོ།

 

 

 

 

༄༅།། རིགས་གཅིག་སྤུན་ཟླ་ཚོར།

 

ངེད་གཉིས་ཀྱི་ཆོས་ལུགས། ཡང་ན་གྲུབ་མཐའ་ཟེར་བ། ཡང་ན་ས་ཕྱོགས་མི་གཅིག་ཀྱང་། ད་ལྟའི་གནས་སྟངས་དང་སྔོན་མའི་ཤ་རུས་ཁྲག་རྒྱུད་དེ་ཧ་ལམ་གཅིག་མཚུངས་སུ་འགྲོ་བས་ན། སྐུ་མཁྱེན་གསུང་མཁྱེན། ང་ཚོ་མི་རིགས་གཅིག་ཡིན་པ་དང་། སྐད་ཡིག་གཅིག་ཡིན་པ། བདེ་སྡུག་ཀྱང་གཅིག་ཡིན་པ་དེ་ཁྱེད་ཚོའི་སེམས་ནས་ནམ་ཡང་དོར་བར་མི་བྱ་རོགས་ཞུ། ཐཽས།

 

༄༅།། རྒྱ་མཚོ།

 

ཧབ་ཆ་དགོད་སྒྲའི་ཁྲོད་དུ།།

སྐྱིད་སྣང་རང་གིས་འཚོལ་དགོས།།

སྣང་བ་སྐྱིད་པོ་ཡོང་ན།།

ལུས་སེམས་གཉིས་ཀའི་སྨན་ཡིན།།

 

རྒྱ་མཚོའི་ཁ་ལ་བསླེབས་སོང་།།

མིག་ནས་སྙིང་སྡུག་དགའ་མ།།

གློ་བུར་ཉ་མོར་གྱུར་ཐལ།།

མཚོ་ལ་མཆོང་ན་འདོད་སོང་།།

 

ཁ་རྩང་རྒྱ་མཚོར་སྐྱལ་ཡིན།

དེ་རིང་རྒྱ་མཚོར་བརྒལ་ཡིན།

རྒྱ་མཚོའི་དཀྱིལ་དུ་གླིང་ཕྲན།

གླིང་ཕྲན་དཀྱིལ་ན་ང་ཚོ།

 

རྒྱ་མཚོའི་ཆུ་བོའི་མདངས་དེ།།

ཕ་ཡུལ་ནམ་མཁའི་མདོག་རེད།།

མཚོ་མོའི་ནང་གི་ཆུ་དེར།།

རྨ་ཆུའི་ཆུ་ནི་འདྲེས་སམ།།

 

རྒྱ་མཚོ་གཞན་གྱི་མཚོ་རེད།།

མཚོ་ལ་རྩེན་པའི་ཉ་མོ།།

མཚམས་སྤྲིན་དམར་པོའི་མདངས་ཀྱིས།།

ང་དང་མཉམ་དུ་གཡོགས་སོང་།།

 

ཐཽས། ད་ལོར་ཁཱུ་ལཱོ་ཏེ་ཡཱ་ནས་བྲིས་ཡིན།

 

 

I pray for all of you and your soul

 

you can smell the flowers

If you are not sent to the battlefield of the invasion of Ukraine

You also have a hundred chances

Propose to the girl you like with these beautiful flowers

 

If you are not invaded

Right now

Maybe you are in your own garden

Enjoy these beautiful flowers

With your Ukrainian family

With your girlfriend ……

 

But you and you are

In this unnecessary war

In this erroneous invasion

In this brave resistance

Both sides lost the most precious life

 

then I will be here

in our Tibetan way

pray to all your souls

 

if there is an afterlife

I hope you are real relatives and brothers

 

No more war

No more hatred

 

By འདྲེ་ཐོ་ཐོ། 16.03.2022

 

ངས་ཁྱོད་ཚོ་ལ་སྨོན་ལམ་དང་དགེ་སྒྲུབ་བྱེད།

 

རང་གི་མེ་ཏོག་གི་དྲི་ཞིམ་དེ་ཚོར་ཐུབ་།

གལ་ཏེ་ཁྱོད་ཉིད་ཡུག་རེན་ལ་བཙན་འཛུལ་བྱས་པའི་གཡུལ་སར་དེ་མངག་གཏོང་བྱས་མེད་ཚེ།

ཁྱོད་ཀྱིས་ཀྱང་ཐེངས་བརྒྱ་ལྷག་ལ།

མཛེས་སྡུག་ལྡན་པའི་མེ་ཏོག་འདི་དག་བཀོལ་ནས་རང་ཉིད་དགའ་སའི་བུ་མོ་ལ་གཉེན་སློང་དུ་སོང་ཆོག

 

གལ་ཏེ་ཁྱོད་ལ་བཙན་འཛུལ་བྱས་མེད་ཚེ།

གཅིག་བྱས་ན་ད་ལྟ་ཁྱོད་ཀྱིས་རང་ཉིད་ཀྱི་མེ་ཏོག་ལྡུམ་རའི་ནང་དུ་།

མཛེས་སྡུག་ལྡན་པའི་མེ་ཏོག་དེ་དག་ལོངས་སྤྱོད་བྱེད་བཞིན་ཡོད་།

རང་གི་ཡུག་རེན་ནང་མི་དང་།

རང་གི་གྲོགས་མོ་དང་མཉམ་དུ།

 

ཡིན་ནའང་ཁྱེད་དང་ཁྱོད་ཀྱིས་

དགོས་པ་མེད་པའི་དམག་འཁྲུག་འདིའི་ཁྲོད་དུ།

ཐེངས་འདིའི་ནོར་འཁྲུལ་གྱི་བཙན་འཛུལ་འདིའི་ཁྲོད།

དཔའ་ངར་ཆེ་བའི་འགོག་རྒོལ་ཁྲོད་།

ཕྱོགས་གཉིས་ཀས་ཆེས་རྩ་ཆེ་བའི་ཚེ་སྲོག་ཤོར་སོང་།

 

དེ་ན་ངས་འདི་ནས་།

ང་ཚོ་བོད་མི་རྣམས་ཀྱི་བྱེད་སྟངས་ལ་བརྟེན།

ཁྱོད་ཚོ་ཡོད་དོ་ཅོག་གི་རྣམ་ཤེས་དག་གི་ཆེད།

སྨོན་ལམ་དང་དགེ་སྒྲུབ་བྱེད།

 

གལ་ཏེ་ཁྱེད་ཚོ་བསྐྱར་དུ་འཇིག་རྟེན་འདིར་བྱོན་ཚེ།

རེ་བར་ཁྱེད་ཚོ་ནི་དོན་དངོས་ཀྱི་གཉེན་ཉེ་དང་གཅེན་གཅུང་དུ་འགྱུར་རོགས་ཞུ།

 

དམག་འཁྲུག་མེད་ས་ཤིག་ནས།

སྡང་སེམས་མི་འཛིན་ས་ཤིག་ནས།

 

རྩོམ་པ་པོ། འདྲེ་ཐོ་ཐོ། ༡༦-༠༣-༢༠༢༢

 

我为你所有的灵魂祈祷

 

你可以闻到花香

如果你没有被派往入侵乌克兰的战场

你也有一百次机会

用这些美丽的花朵向你喜欢的女孩去求婚

 

如果你没有被侵略

也许此刻你在自己的花园里

享受着这些美丽的花朵

和你的乌克兰家人一起

和你的女朋友一起

 

但是你和你

在这场不必要的战争中

在这场错误的入侵中

在勇敢的抵抗中

双方都失去了最宝贵的生命

 

那么我会在这里

以我们西藏人的方式

向你所有的灵魂祈祷

 

如果有来世

希望你们是

真正的亲戚兄弟

 

在一个没有战争的地方

在一个没有仇恨世界

 

作者 འདྲེ་ཐོ་ཐོ། 16.03.2022

 

Meinen Sohn

 

Wenn du bist Sechzehn,

Erwachsen werden,

An dem Tag,

Du hast geöffnet,

Die erste Flasche Bier,

Dein Vater ich,

Auf deinen Arsch,

Pflanzen Sie ein paar rote Blumen!

 

Ich möchte Blumen pflanzen!

Schwer!

Stück für Stück,

Und es muss rot sein,

Muss kräftig sein!

 

GT 2021.07.22

 

 

 

ཨོཾ་མ་ཎི་པ་དྨེ་ཧཱུྃ།

ཨོཾ་མ་ཎི་པ་དྨེ་ཧཱུྃ།

ཨོཾ་མ་ཎི་པ་དྨེ་ཧཱུྃ།

 

གསོན་དུས་བཟང་ངན་མི་ཤེས་ཀྱང་།།

འདས་པོར་བཀུར་བ་ཆོས་ཉིད་དེ།།

དེ་ཕྱིར་མ་ཎི་ཡིག་དྲུག་འདི།།

ལམ་གྲོགས་ཚུལ་དུ་ཕུལ་བ་ལགས།

 

འདྲེ་ཐོས། 2022.03.29

 

༄༅།། དཔྱིད་དཔལ་ལ་བཏབ་པའི་ལན།

 

དབྱར་གྱི་མཚོ་འགྲམ་དེ་ནས།

གཅིག་པུར་ལུས་པའི་གཟུགས་བརྙན།

ཡིད་ནས་ད་རུང་བརྗེད་དཀའ།

དེ་དུས་ཁྱེད་རང་དྲན་མྱོང་།

 

དགུན་གྱི་ཁ་བའི་འདབ་མས།

བསུ་བ་གྲངས་མེད་བྱས་ཀྱང་།

ཁ་བ་འཛུམ་གྱིས་བསུ་མཁན།

རང་ལས་མེད་པས་སྐྱོ་སོང་།

 

སྟོན་དུས་ལྗང་ལོ་བཀུམས་དུས།

ལོ་གྲངས་ལོ་མར་འཐིམ་སོང་།

ལོ་མ་མ་རུལ་སྔོན་དུ།

ཁྱེད་ཕྱོགས་ཁུར་ན་བསམ་བྱུང་།

 

དཔྱིད་ཀྱི་མེ་ཏོག་འབུས་ཀྱང་།

མེ་ཏོག་འཐུ་རོགས་མེད་པས།

དགོང་མོར་ཉལ་སའི་འགྲམ་དུ།

མེ་ཏོག་འཛུམ་རྒྱུ་མི་འདུག

 

ཐོ་ཐོས། 2022.03.31

 

འདིར་བཤད་རྒྱུ་ཞིག་ལ། གཤམ་དུ་དཔྱིད་དཔལ་ལགས་ཀྱིས་བྲིས་པ་དེ་ནི་ཐོ་ཐོ་ང་ལ་བྲིས་པ་ཞིག་མ་ཡིན་ཡང་། ངས་འདི་ནས་རྒྱའི་སྐད་དུ་ “自作多情” ཟེར་བ་ལྟར། ལན་འདེབས་ཀྱི་ཚུལ་དུ་བྲིས་པ་ཞིག

 

༼ལྷ་རྟ་དཀར་པོ། ༽

 

ལྕགས་སྒྲོག་གིས་སྦྲེལ་དུ་ཉེ་བའི་རྟ་མཆོག་ཅིག

མེ་སྒྱོགས་ཀྱིས་རྡོ་རིང་བཀད་པའི་ཐལ་རྡུལ་ནས།

རི་བོ་ཧེ་མ་ལ་ཡི་བྲང་ཁོག་ཏུ།

མིག་ཆུས་བརླན་པའི་ཐལ་རྡུལ་གྱི་རྨིག་རྗེས་དཔར་ཞོར།

ཕྱིར་བལྟས་དང་འཚེར་སྐད་མཉམ་དུ།

རིམ་གྱིས་རི་དེའི་ཕ་རོལ་དུ་ཕྱིན།

དེ་ནི་ངེད་ཅག་གི་ལྷ་རྟ་དཀར་པོ།

ནམ་ཞིག་ཁ་བཏགས་དང་དུང་ཆེན་གྱིས་བསུ་ཐུབ་པར།

ང་ཚོས་ཉིན་དང་མཚན། ལོ་དང་ཟླ་བ།

ཐ་ན་སྐར་ཆ་རེ་རེ་ཡང་བརྩི་ཞོར་དུ་སྒུག་བསྡད་ཡོད།

 

ཐོ་ཐོས། 2022.04.12

 

 

 

སྒྱུ་རྩལ་བ་པད་དཀར་ཀྱི་ཤེས་པའི་རྒྱལ་མོ་ལ་ཆགས་པ།

 

པད་མའི་ཟེའུ་འབྲུ་དཀར་པོའི་བཅུད་ཀྱིས་ནི།།

གཡུ་སྦྲང་ཚིམས་ཤིང་ལུས་སྟོབས་རྒྱས་བཅུག་བཞིན།།

ཁྱེད་སྐུའི་ནུ་ཞོ་ངར་མོའི་རོ་བཅུད་དེར།།

ཐེངས་ཤིག་རོལ་རྒྱུ་བྱུང་ན་ཅི་མ་རུང་།།

 

རྒས་ཁོག་ལུས་འདིས་བོར་བའི་ལང་ཚོ་དེ།།

བརྙེད་པར་འཕྲེང་བའི་སེམས་འདིས་མ་བཟོད་རྐྱེན།།

ཁྱེད་སྐུའི་ནུ་ཞོའི་བཅུད་དེར་རོལ་གྱུར་ན།།

འདོད་པའི་རྩ་ཀུན་རྒྱས་པར་སྙམ་པས་སོ།།

 

ནུ་མའི་རོལ་མོ་མཛུབ་མོས་དཀྲོལ་བ་དང་།།

ལྟེ་ཡི་བཞོ་ཟོ་ལྕེ་རྩེས་དཀྲུག་བྱེད་པ།།

མཚན་མའི་ནང་ནས་ལྕེ་ཡིས་གར་འཁྲབ་པ།།

འདི་དག་འཇོན་ཡང་དྲན་པའི་ཀ་བ་སྒུར།།

 

ཐོ་ཐོས། 2022.04.14 ལ།

 

 

འདི་ལ་སྒྱུ་རྩལ་བ་གྲགས་ཅན་པད་དཀར་ལགས་ཀྱིས་བྱིས་པའི་སྙན་ངག་ཅིག་བཀོད་ཡོད།

 

ནུ་འབུར་རབ་རྒྱས་ཟགས་བཅས་བདེ་བ་མིན།།

ཏིང་ངེ་འཛིན་ལས་བདེ་སྟོང་དབྱེ་མེད་མྱོང།།

ཤེས་རབ་ཕ་རོལ་ཕྱིན་པར་རྒ་ཤི་མེད།།

ཆོས་སྐུའི་ངོ་བོ་སྐད་ཅིག་མ་སྐྱེས་པས།།

རྒས་ཁོག་གཉེར་མར་མཐུ་སྟོབས་རླབས་རྒྱུན་རྒྱུག།

ལོང་ཚོ་དར་བབ་ཁམས་དཀར་ཞོ་སོས་བྱིན།།

དཔལ་ལྡན་བླ་མའི་ཕོ་མཚན་ནུས་ལྡན་ཅན།།

གཡེམ་མའི་མོ་མཚན་གཡང་འཁོར་ཟབ་གསལ་འདིའི།།

བདག་པོ་དཔལ་ལྡན་གསང་བ་འདུས་པ་མཆོག།”

     ———མོང་བཟའ་པད་དཀར།།

༢༠༢༢།༤།༡༥།

 

༼ཚོགས་གཙོའི་མོག་མོག༽

 

ཁ་སྣ་མེད་པའི་མོག་མོག། བལྟས་ན་ཁ་ཤོ་སྣ་ཤོ།། མགོ་རྣ་མེད་པའི་རྒྱལ་ཁབ།། བསམ་ན་ཀླད་སྟོང་འོན་པ།།  སྤྱོད་པ་ཀླ་ཀློའི་གཤིས་ཀས།། གཞན་གྱིས་འདྲེ་རུ་མཐོང་བཅུག། ཨུ་ཚུགས་དམག་འཁྲུག་བརྒྱབ་པས།། རྒྱལ་ཁམས་དུར་སས་བཀང་བཅུག། /  བོད་རྒན་ཉམས་ཐག་འགའ་རེ།། ཡུལ་དེའི་མི་སེར་ཆགས་རྐྱེན།། ལ་རྒྱ་འཛིན་ཁུལ་བྱེད་ཀི། དོན་མེད་ཉོག་གཏམ་བཤད་ཀི། / མཁས་པ་དེ་ཚོ་མ་རེད།། ཕྱུག་པོ་དེ་ཚོ་མ་རེད།། དཔོན་པོ་དེ་ཚོ་མ་རེད།། བདག་བཞིན་འཁྱམ་པོ་ལྡོམ་པོ།། ཞེས་ཐོ་ཐོས་མ་ཧཱ་བྟ་ར་ཏཱ་ཚང་གི་ཚོགས་མི་ཚོའི་དཀྱིལ་དུ་ཁྱི་ལ་རུས་ཁོག་བསམས་ཤིང་གཡུགས་པའི་ཚུལ་སྤྲིངས་པའོ། 2022.04.25

 

༼ ཕན་ས་སུ།༽

 

ཁྱོད་ཀྱི་ཁ་དེ་ཆེ་དྲགས་ཞེས། །

ཁོ་ཡི་སྣ་དེ་ལེབ་དྲགས་ཞེས། །

དེ་ཡི་ངོ་དེ་བཙོག་དྲགས་ཞེས། །

འཛིང་རེས་མ་བྱེད་གྲོགས་གཅེས་ཚོ། །

 

ང་བཟང་ཁྱོད་ངན་དེ་ཡང་ངན། །

ང་ཡག་ཁྱོད་བཙོག་དེ་ཡང་བཙོག །

ང་མཁས་ཁྱོད་བླུན་དེ་ཡང་བླུན། །

རང་ལྟ་མཆོག་འཛིན་དོར་རྒྱུ་བྱོས། །

 

ཡག་ཀྱང་བཙོག་ཀྱང་པགས་པ་ཙམ། །

མཁས་ཀྱང་བླུན་ཡང་རྒྱལ་འཇིགས་བྲན། །

བཟང་ཡང་ངན་ཡང་རིགས་གཅིག་སྤུན། །

ནང་ཁུངས་འཁྲུགས་ན་སུ་ལ་ཕན། །

 

བླ་མ་དེ་དང་གྲུབ་མཐའ་འདི། །

ཆོལ་ཁ་འདིའམ་དེ་ཞེས་ནས། །

གཅིག་གིས་གཅིག་ལ་དམའ་འབེབས་དང་། །

ནག་བཟོ་བྱས་ན་ཕན་ས་སུ། །

 

ཐཽས། གསར་འགྱུར་གླིང་དུ་བྲིས་པ་ཞིག

༢༠༢༢.༠༥.༡༠ ལ།

 

ལུས་ལ་སྐྱི་སེར་རླུང་གིས་འཇམ་པོས་ཕུར་མཉེ་མཛད།།

སེམས་ལ་མེ་ཏོག་འདབ་མས་མཛེས་སྣང་སྐྱིད་སྣང་བསྟེར།།

ལུས་སེམས་ཚེགས་ཀྱིས་མནར་མེད་ཉིན་དེའི་འགྲུལ་བཞུད་ཁྲོད།།

ཚེ་ལོ་རིང་དུ་བསྲིངས་པའི་ཚོར་བས་བདག་ཉིད་ཚིམས།།

 

ཐཽས། ༢༠༢༢-༠༥-༡༣ ལ།

 

བསང་དང་རླུང་རྟ།

 

ནམ་མཁའ་སྟོང་བར་མིག་གིས་ཅེར་བྱས་ཏེ།།

ཀུ་རིང་འདེབས་ཞོར་སྨོན་འདུན་ཞུ་བའི་སྲོལ།།

ཧ་ལམ་གྱང་ལ་རང་གི་གདོང་གཏད་དེ།།

ངུ་ངག་འདོན་པའི་ཚུལ་དང་འདྲ་ལེ་ཞིག།

 

མཛེས་སྡུག་རི་ལུང་གཙང་མའི་ཡུལ་ལྗོངས་སུ།།

མེ་ཏོག་རྩི་ཤིང་མགོ་བོ་ལྡེམ་པའི་ཁྲོད།།

ཤོག་བུའི་རླུང་རྟ་གད་སྙིག་ཚུལ་དུ་སྤུངས།།

ལྷམ་དང་རྐང་བས་སྣང་མེད་རྡོག་རྫིས་གཏོང་།།

 

ང་ནི་རྒྱལ་ཤོག་ང་ཡང་ཕྱུག་དགོས་ཞེས།།

རང་ཉིད་གཅིག་བུར་དམིགས་པའི་ཧམ་པ་དག།

བསང་དང་རླུང་རྟར་བཅོལ་བའི་གཤིས་ཀ་འདིས།།

རང་ཉིད་ལག་རྡུམ་ལྟ་བུ་ཡིན་པར་མཚོན།།

 

ཤོག་བུའི་རླུང་རྟ་སྤྲིན་ཕུང་དཀར་པོའི་ཚོགས།།

ཨ་སྔོན་དགུང་དུ་རླུང་གིས་བསུས་བྱས་ཀྱང་།།

ཉར་ཚགས་མ་བྱས་རི་ལ་ཕྱིར་ཕབ་པ།།

གད་སྙིག་ཡིན་པར་དོགས་པས་མ་ཡིན་ནམ།།

 

ཐཽས། 2022.07.14

 

བསང་གཏོང་ཆོག་ལ་རླུ་རྟ་འང་བསྐུར་ཆོག འོན་ཀྱང་དེའི་སྐོར་ཅུང་ཙམ་གཟབ་ན་དང་། བསང་རྫས་དང་རླུང་རྟ་བཅས་ཅུང་ཙམ་རྒྱ་ཆུང་ངུར་དང་ཉུང་དུ་བཏང་ན་མི་ལེགས་སམ། འདི་ནི་ཐོཐོ་ངའི་བསམ་ཚུལ་ཡིན། དགོངས་དག

གང་ལྟར་དེ་རིང་འདི་འདྲ་ཞིག་བསྒྲིགས་ཡིན། འདི་འདྲ་ཞིག་ཀྱང་བྲིས་ཡིན། བསམ་ཚུལ་ལ་སྐྱོན་ཡོད་ན་དང་། ཡང་ན་ངའི་བསམ་ཚུལ་སྐྱོན་ཅན་དེས་མི་རིགས་འདིའི་སེམས་ཁམས་ལ་གནོད་པ་རེ་དང་། ཡང་ན་སེམས་ཁམས་དག་མི་སྐྱིད་པར་བཟོས་ཡོང་ཚེ། འདི་ནས་དགོངས་དག་ཚད་མེད་ཞུ། ཐཽས།

 

ཚོགས་པ་མི་འདྲ་བའི་ཚོགས་མི་ཡོད་དོ་ཅོག་ལ་འཚམས་འདྲི་བདེ་ལེགས་ཞུ།

 

ལྷག་པར་དུ་མཛེས་མ་རྣམས་ལ་དམིགས་བསལ་འཚམས་འདྲི་དང་དེའི་སྟེང་དུ་མེ་ཏོག་དང་སྙིང་དམར…..

 

长时间的沉默不是因为忘了你们,也不是因为不想念你们。是俄乌两国的战争让我失去了多数的兴趣与爱好,是各种血腥场面让无法言喻。

从区域和民族上,我虽无与他们很大的关系。但在那里发生的事类似于…..因此我的内心很难从这场战争中挣脱出来。

我从他们两国的战争中感受疼痛与悲哀的折磨,感受反击与胜利的喜悦。我为自己滴血的的心寻找各种解药!

我从生下来的那一天起,就是个伤兵,一个没有武器的伤兵。所以我对战争很是敏感,对侵略更是痛恨。

我虽人在自己家中,但意念早已在两国的阵地中与炮声和火箭作伴。前一天我偶尔感慨道:吟歌欲勿于辱,宣歌欲勿于卧。立天地间,仰自由身!

浪子  2022.07.23

 

༄༅།། རྒྱ་མཚོ་དང་དགའ་མ།

 

རྒྱ་མཚོའི་འགྲམ་ངོགས་ཤིག་ཏུ།།

སྦི་རག་སྟོབས་ཀྱིས་འཐུང་ཞོར།།

སྐྱིད་པོ་གང་ཤར་བཤད་ཡིན།།

ཧབ་ཆ་སྟོབས་ཀིས་བརྒྱབ་ཡིན།།

 

རྒྱ་མཚོའི་ཁ་ལ་བསླེབས་སོང་།།

མིག་ནས་སྙིང་སྡུག་དགའ་མ།།

གློ་བུར་ཉ་མོར་གྱུར་ཐལ།།

ཆུ་རྩེད་བྱེད་ན་འདོད་སོང་།།

 

ཐཽས། ༡༧-༠༨-༢༠༢༢

 

海与美人鱼

 

晚霞中

被海浪散开的是

美人鱼的围裙

她那美丽的肌肤

印在了我的酒杯中

 

舌尖在酒杯口

像一名摇滚歌手

抚摸和舔吮着

她的每个部位

 

音乐在血液中循环

欲望是漏网的鲨鱼

 

浪子 2022-08-17

 

 

 

 

 

 

༄༅།། རྩྭ་སྤར་བ་གང་།

 

རྩྭ་སྤར་བ་གང་དེ་ང་ཚོ་མིས་བལྟས་ན་རིན་ཐང་མེད་ཀྱང་རྟ་ནོར་ལུག་གསུམ་གྱིས་རིན་ཐང་ཡོད་པར་སྣང་ངོ་། དེ་བཞིན་ང་ཚོ་མི་ལའམ། ལྷག་པར་དུ་འབྲོག་པའི་སེམས་ནང་དང་མིག་ནང་དུ་རྟ་ནོར་ལུག་གསུམ་ལ་རིན་ཐང་ཆེ་བས་ན། རྩྭ་དེའང་དེ་བཞིན་དུ་རིན་ཐང་ཆེ་བ་དེ་ང་ཚོས་ཚོར་དགོས་པ་ཞིག་རེད་འདོད། དེ་བས་རྩྭ་སྤར་བ་གང་ཞེས་དེ་ལ་མཐོང་ཆུང་བྱེད་པ་དེ་ཅུང་ཙམ་ནོར་ཡོད་པ་འདྲ། ཐོ་ཐོ་ངའི་བསམ་ཚུལ་ཙམ། ཡང་ན་རྩེ་མཚར་ཙམ།

 

གོ་སོང་། ཁྱེད་ཚོས་རང་སྒེར་ལ་དབང་བའི་ལས་ཀའི་བར་གྱི་ངལ་གསོའི་དུས་ཡུན་ཐུང་ཐུང་དེ་དག་བེད་སྤྱད་དེ་རང་ཐོག་གི་ཡོན་ཏན་ཏེ། ལོ་མང་བོར་དཀའ་ལས་བརྒྱབ་ནས་བསགས་པ་དག་ང་ཚོ་ལ་རིན་མེད་དུ་གནང་ཐུབ་ན། ང་ཚོས་ཀྱང་ཁྱེད་ཚོའི་གསུང་བཤད་དེའི་རིགས་བར་སྣང་གི་རླུང་ལྟ་བུར་མི་གྱུར་པར། འགྲོ་བ་མིའི་རྣ་ལམ་དུ་བརྒྱུད་བསྐུར་གྱིས་ཚུལ་དུ་ཁྱབ་བསྒྲགས་བྱེད་ཐུབ་དགོས་པ་ཞིག་རེད་ལགས། འདྲེ་ཐོས། ༢༠༢༢-༠༩-༢༠ ལ་སྐུ་ཞབས་རྡོ་རིང་ལ་ཕུལ་ཡིན། དེ་བཞིན་ཕུག་རོན་དཀར་པོ་དང་བཞག་སྲས། ཆོས་སྐལ་བ་བཟང་བོ་བཅས་ལའང་གོང་དུ་བྲིས་པ་དེ་དག་འབུལ་ཡིན་སྙམ་པའི་བསམ་ཚུལ་དེ་དངོས་སུ་སྒེར་ཐོག་ནས་སྟོན་ཐུབ་མེད་ཀྱང་། ཞོར་དུ་འདི་ནས་བསྟན་ཡིན་ལགས།  ཐཽས།

 

སྐྱིད་དེ་སྐྱིད་ཟིག་ཡིན་པ།།

སྡུག་དེ་སྡུག་ཟིག་མིན་པ།།

སྔོན་མར་སྐྱིད་དུས་མ་ཚོར།།

དེང་སང་སྡུག་དུས་ཚོར་སོང་།།

 

ཕྱི་ཡི་ཆར་རླུང་དྲག་པོས།།

ལུས་ལ་ན་ཟུག་བསྟེར་ཀྱང་།།

ཕྱི་ཚོའི་སྐྱི་མོ་ཙམ་རེད།།

ནང་གི་སེམས་དེ་ལྷོད་ལྷོད།།

 

འབྲོག་ས་རང་གི་རྒྱལ་ཁམས།།

འབྲོག་ཟས་རང་་གི་ཐོན་རྫས།།

འབྲོག་རྟ་རང་གི་ཞོན་རྟ།།

འབྲོག་མྱི་རང་གི་སྤུན་ཟླ།།

 

ཐཽས། ༡༦-༡༠-༢༠༢༢

 

༄༅།། ཟླ་འཛིན།

 

དཀར་གསལ་ཟླ་བའི་ཞལ་ངོ་།།

མུན་པའི་ནང་དུ་བསྟུམས་སོང་།།

ཟླ་བ་མེད་པའི་ཡུལ་ཁམས།།

མུན་པའི་ཁྲོད་ན་མནར་འདུག།

 

མུན་པས་སྡེར་འབྲད་དྲག་པོས།།

ཟླ་བ་ཁྲག་གིས་བསྒྲིགས་བཅུག།

ཟླ་འཛིན་ལག་དམར་གཟའ་དེ།།

ཁྲག་དང་མུན་པར་སྲེད་འདུག།

 

 ཐོ་ཐོས། ༠༨-༡༡-༢༠༢༢

 

 

ཟླ་བ་བསྒྲུབས་དང་མ་བསྒྲུབ་ཚོར་རམ་ཀྱེ།།

ཟླ་བ་དངོས་དེ་འཛམ་གླིང་སྤྱི་ལ་དབང་།།

དེ་ནི་བསྒྲུབས་ཀྱང་མ་བསྒྲུབ་སྤྱི་དོན་ཞིག།

ང་ཚོས་གླེང་བྱ་ང་ཚོའི་ཟླ་བ་ལགས།།

 

ཐོས། ༠༩-༡༡-༢༠༢༢

 

 

风吹叶舞飞

相思随风去

岁月如秋冬

人要终归去

 

—-雪山浪子 2020.11.09

 

གོང་གི་རྒྱ་ཡིག་དེ་དང་ཐག་ཉེ་བོའི་ངང་བྲིས་པ་ཞིག

 

རླུང་གི་ཁྲོད་ན་སྟོན་ལོའི་རྣམ་ཤེས་ཉུལ།།

དྲན་གདུང་ལྕི་མོ་རླུང་དང་འགྲོགས་ནས་ཕྱིན།

ལོ་ཟླའི་འཆོས་པའི་ཚེ་སྨད་དགུན་ཁྲོད་ཀྱི།།

སྟོན་ལོ་ཇི་བཞིན་ངའང་དེ་བཞིན་འགྲོ།།

 

——ཐོ་ཐོས། 2020.11.11

 

༄༅།། ལོ་མའི་གར།

 

སྟོན་རླུང་ལྕི་མོས་ལུས་པོར་གྲང་འདར་བསླང་།།

ལོ་འདབ་སེར་པོས་དྲན་གདུང་རྒྱང་དུ་ཁྱེར།།

ཡོད་ཡོད་འདྲ་བའི་སེམས་ཀྱི་རི་ལུང་ན།།

མི་བུ་རྒྱང་དུ་བསྐྱོད་པའི་གཏམ་རྒྱུད་མངོན།།

 

ཞེས་དམྱལ་བ་བོས་2020 ལོའི་ཟླ་11པའི་ཚེས་11 ཉིན་ལ།

 

@རྨ་ཞོགས་དུང་གིས་བོད་ཡིག་ཏུ་བསྒྱུར་པ།

 

རླུང་བུས་ལོ་མ་གར་ལ་བསྒྱུར། །

དྲན་པ་རླུང་བུའི་འགྲོས་དང་འགྲོགས། །

ལོ་ཟླ་དུས་ཀྱི་འགྱུར་བར་འཐིམས། །

མི་ནི་ནམ་ཞིག་རང་མལ་ལོག།

 

ངའི་གྲོགས་བསྟན་པ་རིན་ཆེན་ལགས་ནས།

 

སྟོན་ལོ་སེར་པོས་སྒྱུ་མའི་གར་ཞིག་འཁྲབ།།

དགའ་བའི་ཚོར་བ་རྦ་རླབས་མཁའ་ལ་འཕྱུར།།

ལུས་སེམས་འགྱུར་ཉམས་རང་བཞིན་རབ་སྟོན་པའི།།

རྒྱལ་བོས་བརྙན་ཐུང་བཟོས་པ་ཤིན་ཏུ་རྨད།།

 

༄༅།། ང་ནི་ད་ལོའི་མི་མིན།

 

རླུང་བུ་ཤིག་ཤིག་ཁྲོད་ན།

སྟོན་ལོའི་རྣམ་ཤེས་ཉུལ་འདུག

ཕ་ཡུལ་དྲན་པའི་ཚོར་ཤེས།

རླུང་བུའི་ནང་དུ་འཐིམ་སོང་།

 

ལོ་ཟླས་འཆོས་པའི་ཚེ་སྨད།

བསྐམས་ནས་ས་ལ་འགྱེལ་པའི།

དགུན་སྟོད་ལོ་མ་ཇི་བཞིན།

ནམ་ཞིག་ས་ལ་འཐིམ་འགྲོ།

 

སང་ལོ་དབྱར་དུས་བསླེབ་དུས།

སྡོང་ལོས་ལྗང་མདོག་ངོམ་སྲིད།

ཡུལ་འདི་ད་ལོའི་ཡུལ་ཡིན།

ང་ནི་ད་ལོའི་མི་མིན།

 

——ཐོ་ཐོས། 2020.11.12

评论

此博客中的热门博文

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

༄༅།། བུ་མོ་ལཱེས་ལཱེས་ལ་བྲིས།

If I were Trump, I would say something like this: