Gyalpo Tamding A collection of poems སྙན་ངག་ཕྱོགས་བསྒྲིགས། 诗歌集 page 05

 ཐཱ་ཐོ།

 

རང་ལུས་བྲག་ཏུ་འདོད་ཅིང་རྡོ་བརྐོས་བསམས་ཤིང་སངས་རྒྱས་བཞེངས།། 

རང་ལུས་ཤིང་དུ་འདོད་ཅིང་ཤིང་བརྐོས་བསམས་ཤིང་སངས་རྒྱས་བཞེངས།།

རང་ལས་གོས་སུ་འདོད་ཅིང་གོས་ཐང་བསམས་ཤིང་སངས་རྒྱས་བཞེངས།།

རང་ལུས་དགོན་པར་འདོད་ཅིང་གཙོ་སྐུ་བསམས་ཤིང་སངས་རྒྱས་བཞེངས།།

 

གང་དུ་བྱིན་ཡང་སངས་རྒྱས་སྐུ་དང་མཉམ་དུ་གནས་གྱུར་པས།།

ཁྲོས་པའི་སྐབས་སུ་སེམས་ཀྱི་མཆེ་བ་ཆོས་གོས་སེར་པོས་བསྟུམས།།

སྡང་བའི་སྐབས་སུ་སེམས་ཀྱི་དུག་མདའ་འཚེ་བ་མེད་པས་བཞུས།།

སྐྱོ་བའི་སྐབས་སུ་སེམས་ཀྱི་སྡུག་བསྔལ་མི་རྟག་སྣང་བས་བསུབས།།

 

འདྲེ་ཐོ་ཐོས། ༢༠༡༩།༠༨།༠༩ ལ།

 

 

 

ཆུང་དུས།

 

བེའུ་རྫི་ཟེར་བའི་ཐ་སྙད་འདི།། 

མ་ཐོས་ལོ་མང་འགོར་ནས་བྱིན།། 

བློ་ཐག་ཉེ་སའི་ཐ་སྙད་འདི།། 

བྱིས་པའི་དུས་ཀྱི་མིག་ཆུ་ཡིན།།  

 

 

ཚོང་གི་ཉིན་གཞུག་ཤོས།

 

གང་ལྟར་ད་ལོའི་ཚོང་གིས་འདོད་པ་ཁེངས་བཅུག་སོང་།། 

ཡོང་འབབ་མང་བོ་མེད་ཀྱང་རན་པའི་ཁེ་སང་བླངས།།

དཀའ་ལས་མི་ཆེ་མི་ཆུང་བར་མ་བར་ཞིག་རེད།།

ཆང་དང་སྐྱིད་པོའི་རིགས་ལ་འགྲོ་སོང་མང་བོ་བཏང་།།

 

ཚོང་རོགས་རྒྱགས་པ་རིལ་རིལ་ཟ་སྟོབས་ཆེ་ནའང་།།

ལས་སྟོབས་དེ་འདྲ་ཆེ་རྒྱུ་མེད་པར་ཡ་རེ་མཚན།།

ཡིན་ཡང་ཁྱིམ་ཚང་གཅིག་གི་བཟའ་མི་ཡིན་པས་ན།།

ལས་ཀ་འཇོན་དང་མི་འཇོན་ལེ་བདའ་གང་ཡང་མེད།།

 

ད་ལོའི་ཚོང་འདི་གཉེན་ཉེ་བཟའ་མིའི་མཉམ་ཚོང་ཞིག།

ལས་ཀའི་ཁྲོད་ན་བུ་རབས་ཚ་རྒྱུད་ཆུང་མ་དང་།།

སྲིང་ཆུང་མ་དང་སྟོབས་པོ་ཆེ་ཡི་མག་པ་ཡོད།།

དགོད་ཞིར་རྩེ་ཞོར་ཉིན་རེའི་ལས་ཀ་ལེགས་གྲུབ་བྱུང་།།

 

ཐོ་ཐོས། ༡༧-༠༨-༢༠༡༩ ལ།

 

 

 

 

 

 

ཚོང་།

 

"ཁ་སང་དེ་རིང་དངུལ་ལོ་མང་བོ་བཟོས་ཡོད་ཀྱི་རེད་གནམ་གཤིས་ཧ་ལས་པ་བཟང་ཀ"

 

དངུལ་ལོ་ཆར་བས་དེད་དུས།། 

ཟས་ལ་བདག་པོ་མ་བྱུང་།། 

ཚོང་ལ་ཡོང་འབབ་མི་འདུག། 

སྔར་ལོའི་ཚོང་ནི་དེ་འདྲ།།

 

ད་ལོའི་ནམ་གཤིས་ཡག་མོད།། 

ཚོང་སའི་བཀོད་སྒྲིག་ཞན་པས།། 

སྐུ་མགྲོན་ཡོང་རྒྱུ་ཉུང་ཉུང་།། 

ད་ལོའི་ཚོང་ཡང་དེ་འདྲ།

 

ལོ་ངོ་མང་བོའི་སྔོན་ལ།། 

ཉིན་རེའི་ཚོང་གི་ཡོང་འབབ།། 

སུད་སྒོར་ཁྲི་ཡི་ཡན་ཆད།། 

སྒོར་མོ་ཙག་ཐོ་འབག་ཐོ།།

 

འདྲེ་ཐོས། ༢༠༡༩།༠༨།༣༠ ལ།

 

 

 

 

ཞོགས་ཇ་འཚོལ་དུ་ཡོང་བའི་བྱིའུ།

 

ཨར་འདམ་མཁྲེགས་པོའི་སྟེང་ན།།

བྱིའུ་ཁེར་འགྲོ་གཉིས་འགྲོ།།

ཞོགས་ཟས་འཚོལ་དུ་ཡོང་འདྲ།།

སྤང་ཐང་མིན་པས་སྐྱོ་སོང་།།

 

ཐོ་ཐོས། ༢༠༡༩།༠༩།༠༤

 

ཆར་བ།

 

ཆར་བ་འབབ་རྒྱུ་ཟེར་རུང་།། 

ཆར་གདུགས་ཕུབ་རྒྱུའི་བརྩིས་མེད།། 

མཁྲེགས་པོའི་ཀླད་རྙིང་འདི་ཉིད།། 

ཆར་བས་བརླན་ན་བསམ་སོང་།། 

 

ཐོ་ཐོས། ༡༠-༠༩-༢༠༡༩ ལ།

 

རྩེ་མཚར་ཞིག

(ཡུན་རིང་དུ་སྦས་པའི་རྒན་རྟགས་དེ་གསལ་བསྒྲགས་ཐེངས་ཤིག་བྱེད་འདོད་སོང་།)

 

མདང་དགོང་ལུས་གསོའི་ཤ་ཁུ་ཧེབ་ཀྱིས་འཐུངས་པའི་འབྲས་བུ་ཉིད།། 

ཞོགས་དུས་སྐྱ་རེངས་ཤར་དུས་ཆུང་མའི་འདོམས་ནས་སྨིན་ཏུ་བཅུག།

ཤ་རིགས་སྣ་གསུམ་དང་ནི་ཤིན་ཏུ་གསང་བའི་སྨན་རྩྭའི་བཅུད།།

བསྐོལ་ཡུན་ཇི་ཙམ་རིང་ན་ཕོ་མོའི་སྦྱོར་བ་དེ་ཙམ་རིང་།།

གཞན་གྱིས་རྒོལ་བ་འདུལ་སྟངས་ཤིག

 

རང་ཉིད་མི་ཞིག་ཡིན་པའི་བསམ་བློ་དེ།། 

རང་གི་སེམས་ནས་རིང་དུ་དོར་བྱེད་ཅིང་།། 

རང་བྱུང་ཁམས་ཀྱི་རྩི་ཤིང་གང་རུང་ཞིག། 

ཡིན་པར་བསྒོམས་ཤིང་གཞན་གྱིས་རྒོལ་བར་གཏད།།

 

ཐོ་ཐོས། ༢༠༡༩ ལོའི་ཟླ་༩ བའི་ནང་དུ་བྲིས།

 

འདྲེ་ཐོ་ངས་ཕྱིའི་འཇིག་རྟེན་ལ་ནང་སེམས་ཀྱིས་བསྟན་པའི་རྣམ་འགྱུར་ཞིག

 

སེམས་ཀྱིས་བཟོད་སྒོམ་ཅི་ནུས་པ།།

ལུས་ལ་ཁྲབ་རྨོག་གྱོན་པ་བཞིན།།

ཅི་ཙམ་བཟོད་ན་དེ་ཙམ་མཁྲེགས།།

གཞན་གྱིས་རྒོལ་བ་གནས་མེད་འགྱུར།།

 

ཁེངས་ར་མེད་ཅིང་ལེ་བདའ་མེད།།

རང་གིས་ཅི་ནུས་འབད་རྒྱུ་དེ།།

ནོར་བ་མེད་པའི་འཚོ་སྟངས་ཤིག།

ལམ་ལོག་མིན་པའི་གདམ་ཀ

 

འདས་པའི་གདམ་ཀ་གང་ཞིག་གིས།།

ད་ལྟའི་བདག་ཉིད་བསྐྲུན་བྱས་འདུག།

མ་འོངས་དུས་སུ་ཅི་འདྲ་ཉིད།།

ད་ལྟའི་གདམ་ཀས་ལུང་ཕྱེད་བསྟན།།

མདོར་ན་ཕན་ཐོགས་ཡོད་པ་གང་།།

མི་ཚེ་འདི་ཡི་འགྲུལ་བཞུད་ཁྲོད།།

ནོར་བུ་བཞིན་དུ་བསགས་བྱས་ཏེ།།

སྦྱིན་པར་བསམས་ཤིང་གནང་བ་གཙོ།།

 

 

ཞེས་འདྲེ་ཐོ་ཐོ་ང་ནས་ཚོམས་འགའ་རེའི་ནང་གི་རྩོད་གླེང་དེ་ཐོས་རྗེས། སེམས་ཚོར་འདི་འདྲ་ཞིག་ཐོན་བྱུང་བ་དེ་བསླབ་བྱའི་ཚུལ་དུ་མ་ཡིན་པར། ལེགས་སྐྱེས་ཀྱི་ཚུལ་དུ་རང་དང་བློ་ཐག་ཉེ་བའི་དྲྭ་གྲོགས་ཚོར་འབུལ་ན་འདོད་སོང་། ༢༠༡༩-༠༩-༡༦ ལ།

 

 

 

 

 

 

ཉི་མ་ཤར་དུས་ནུབ་དུས།

 

ཉི་མ་ཤར་ཐེངས་རེ་ལ། 

མཆོད་མེ་གཅིག་རེ་བསྒྲོན་ཡིན། 

ཉི་མ་ནུབ་ཐེངས་རེ་ལ།། 

མཆོད་མེ་གཟིམས་ནས་བུད་འགྲོ།།

 

དད་པའི་སྟོབས་ཀྱིས་ཡིན་ནམ།།

རང་གི་ཁེ་ཕན་བསམས་ཡིན།།

ཡིད་ཀྱི་ལྷ་ཁང་ནང་དུ།།

མཆོད་མེ་ཚེ་འབར་བཞེངས་ཡོད།།

 

མི་ཚེ་ཧྲིལ་པོ་ཟེར་ཀྱང་།། 

མཆོད་མེ་ཚེ་འབར་ཞིག་གི། 

འགྲན་ཡ་ཡོང་གི་མེད་ཀི། 

ཚེ་འདི་ཅི་འདྲའི་ཐུང་ཐུང་།། 

 

ཞེས་འདྲེ་ཐོ་ཐོ་ནས། དྲྭ་གྲོགས་ལྐོག་མིག་ལགས་ཀྱིས་བྲིས་པའི་སེམས་ཚོར་དེ་བཀླགས་རྗེས། རང་ཉིད་ཀྱི་སེམས་ཚོར་དེ་དང་ཅུང་ཙམ་འདྲ་མཚུངས་སུ་ཡོད་པ་དེ་དག་ཡི་གེར་བཀོད་ཡིན། ༢༠༡༩༠༩༡༦ ལ།

 

 

 

བཙུན་མོ་སྤྱན་ཟུར་མ།

 

བཙུན་མོ་བཙན་པོ་རྒྱལ་ཁམས་ཟུལ་གྱིས་གནོན་མཁན་མ།། 

སྤྱན་གྱི་ཟུར་ན་འབངས་ཡིད་འཕྲོག་པའི་མདའ་མོ་ཅན།། 

རྒྱལ་པོའི་ཁབ་ལ་གྱེན་ལོག་བྱེད་པའི་དཔའ་རྒོད་མ།། 

བྷོ་ཊའི་ཡུལ་ན་གླིང་གི་འབྲུག་མོ་ཇི་བཞིན་གྲགས།། 

 

ཞེས་འདྲེ་ཐོ་ཐོ་ནས་དམག་རྟ་ཆར་སྤྲིན་ནག་པོར་བཅིབས་པའི་བཙུན་མོ་སྤྱན་ཟུར་མར་བྲིས་པ་འདིས། བཙུན་མོའི་ཐུགས་ལ་མི་ཕོག་རོགས་དང་ཁྲིམས་ལ་མི་འགལ་རོགས་ཞེས་ཡར་ཞུ་དང་མཉམ་དུ་འབུལ་བ་ཡིན་ནོ།  ༢༠༡༩།༠༩།༡༩ ལ།

 

 

 

 

སྙིང་ངམ་སེམས།

 

ལ་ལར་སྙིང་ངམ་སེམས་ཤིག་མེད་པ་འདྲ།།

ལ་ལར་ཡོད་ཀྱང་མེད་ན་བཟང་བ་འདྲ།།

ལ་ལའི་སྙིང་རླུང་ས་ཁྱབ་རྡོ་ཁྱབ་རེད།།

ལ་ལས་སྙིང་ངམ་སེམས་ཀྱི་བྱེད་ལས་དོར།།

ལ་ལའི་ཁ་ས་དགོད་གཏམ་རྐྱང་རྐྱང་ཐོན།།

ལ་ལའི་ཁ་ལས་འདོད་གཏམ་རྐྱང་རྐྱང་སྟེ།།

དགོད་གཏམ་ཡིན་ན་འདོད་གཏམ་མིན་པའི་ཁྱབ།།

འདོད་གཏམ་ཡིན་ན་དགོད་གཏམ་ཡིན་པའི་ཁྱབ།།

 

རང་སྣང་གང་ཤར་ཡིན། རྩེ་མཚར་ཡིན། ཐོ་ཐོའི་བསམ་ཚུལ།

 

བཟི་ཡོད་ལ་བཟིའང་མེད།

 

ཁྱེད་ཀྱིས་མི་ནི་ཆང་གིས་བཟི་སོང་སྙམ།། 

འོན་ཀྱང་གཏམ་ཡང་ཆང་གིས་བཟི་སྙམ་ཚེ།། 

དོན་གྱིས་བཟི་བོ་དངོས་ནི་རང་ཉིད་དེ།། 

རང་གི་སེམས་དེར་དྲི་བ་ཡང་ཡང་ཐོངས།། 

 

ང་ལ་མཚོན་ན་གླིང་བྷེ་མི་ནི་བཟི།། 

ཡིན་ཡང་ཆང་དྲི་བྲོ་བ་ཚིག་གི་ཚོགས།། 

རྨོག་དང་མདའ་གྲི་ཐོགས་པའི་དཔའ་བརྟུལ་རྐྱང་།། 

འབངས་ལ་ལམ་སྟོན་མཛད་མཁས་སྣེ་ཁྲིད་རྐྱང་།། 

ནགས་ཕྱོགས་གསང་མྱུལ་བ་ལ་མི་ནི་བཟི།། 

མི་ནི་བཟི་བས་གཏམ་གྱི་ཚོགས་ཀྱང་བཟི།། 

དེ་ནི་གླིང་བྷེ་ཁོང་གི་ཁྱད་ཆོས་ཏེ།། 

གླུ་བ་ཁུ་བྱུག་ཚང་ཡང་དེ་བཞིན་ནོ།། 

 

ཞེས་བྲིས་ཏེ་ཐོ་ཐོ་ང་ནས། མི་ནི་ཆང་གིས་བཟི་ཡོད་ཀྱང་།།གཏམ་དེ་ཆང་གིས་བཟི་ནི་མེད།། ཆང་དྲི་ཅན་གྱི་གཏམ་དེ་དག། སྨན་ལ་འདོད་ཅིང་རོལ་བར་བྱ་ཞེས་ཚོམས་འདིའི་ཚོགས་མི་རྣམས་ལ་སྐུལ་མའི་ཚུལ་གྱིས་མཇུག་རྫོགས་པར་བྱའོ། ༢༠༡༩།༠༩།༢༢

 

 

 

 

 

སྐྲ་རིང་འཇོག་དོན།

 

གནའ་བོའི་བོད་དང་ཧིན་དུའི་རྒྱལ་མཚམས་ཏེ།། 

རྗེས་སུ་རྒྱལ་ཁབ་གཉིས་ཀྱིས་དབང་བསྒྱུར་འོག། 

སོ་སོའི་ནུས་པ་སྤྱད་ཅིང་བགོས་བྱས་པའི།། 

རྒྱལ་མཚམས་དེ་ནས་བརྒལ་བར་འཇིགས་སྣང་ཆེ།།

 

བྲག་རི་གང་གཟར་ནགས་རི་གང་རྫུབས་ཡོད།། 

གངས་རི་གང་མཐོ་རྫ་རི་གང་མང་ཡོད།།

དེ་རུ་གཅན་གཟན་ལྟ་བུའི་དམག་དཔུང་ཡོད།།

དེ་འདྲའི་རྒྱལ་མཚམས་བརྒལ་བར་འཇིགས་སྣང་ཆེ།།

 

འཇིགས་སྣང་དེ་འདྲ་ཆེ་བའི་རྒྱུ་རྐྱེན་གྱིས།།

ནམ་ཞིག་གློ་བུར་ཕྱིར་ལ་ལོག་འདོད་ཚེ།།

ང་ཡིས་བདག་ཉར་བྱས་པའི་སྐྲ་རིང་འདིས།།

འཇིགས་ཅན་བྲལ་རིར་འཛེག་པའི་ཐག་པ་བསྒྲིལ།།

 

ཞེས་ཚོམས་འདིའི་ཚོགས་མི་འོ་ཇ་དཀར་པོ་ཟེར་བའི་དྲིས་པའི་དྲི་བ་འདྲེ་ཐོ་ངའི་མགོའི་སྐྲ་དེ་མི་གཏུབས་པར་དེ་འདྲའི་རིང་བོ་འཇོག་དོན་ཅི་ཡིན་ཞེས་ལན་དུའོ། ༢༠༡༩།༠༩།༢༤ ལ།

 

སྟག་བྲག་གཞུང་།

 

ཉེན་ཁའི་ཁ་ན་དགྲ་བོའི་ཚོགས་ཀྱི་དུག་སོ་ལྟ་བུས་འཆའ་ལ་ཁད།། 

དྲག་རླུང་ནང་གི་སྤྲང་བོའི་ལུས་ཀྱི་པགས་རྩག་ཇི་བཞིན་རལ་ལ་ཁད།། 

འཁྱ་རེ་འཁྱོར་རེའི་ནད་པ་ཇི་བཞིན་སྟག་བྲག་གཞུང་དེ་འགྱེལ་ལ་ཁད།། 

བཅུ་དྲུགསོན་པའི་བཅུ་བཞི་བ་ཡི་ཕྱག་གི་པདྨོར་ལྷ་མིས་ཕུལ།།  

 

འདྲེ་ཐོ་ཐོ་ནས། ཚོགས་གཙོ་བླ་བྲང་སྐལ་བཟང་ལགས་ཀྱིས་གསུངས་པའི་ (སྟག་བྲག་གིས་སྲིད་དབང་མ་སྤྲད་པའི་སྐོར་གྱི་དྲིས་ལནཞེས་པའི་སྒྲ་ཐག་དེར་ཉན་རྗེས། རང་སྣང་གང་ཤར་གྱིས་གོང་གི་ཚིག་བཅད་དེ་བྲིས་ཡིན་ནོ། ༢༠༡༩།༠༩།༢༥ ལ།

 

ཉི་མའི་མིག་ཆུ། ༼གླུ་ཚིག༽

 

ཉི་མས་སྤྱན་ཆབ་གཏོར་བའི་ཐིགས་པ་རེས།།

མུན་པའི་སོལ་ནག་སྟུག་པོས་གཡོགས་བགྱིས་པའི།། 

ང་དང་ཁྱེད་ལ་བྱམས་བརྩེའི་གྲིབ་ཁྲུས་གནང་།། 

ཉི་མ་ངོ་སོ་བསྟོད་རྒྱུའི་སྐུ་ཚེ་བརྟན།། 

 

ཞེས་ངའི་སེམས་ནང་གི་ཉི་མ་མཆོག་ལ། སེམས་ནང་ནས་གུས་པས་ཕྱག་གསུམ་འཚལ་ཏེ། གཤམ་གྱི་གླུ་ཚིག་འདི་བྲིས་ཡིན་ནོ། 

 

ང་ཚོ་ནི་ཉི་མའི་འབངས་ཡིན་ལགས།

ཉི་མ་ཁྱེད་སྐུར་རབ་ཏུ་འབར་བའི་བྱམས་བརྩེའི་འོད་ཟེར་དེ།

ངེད་ཅག་མུན་པའི་ཀློང་འདི་ནས།

ཐར་བའི་མཆོད་མེ་ཚེ་འབར་ཞིག

 

ང་ཚོ་ནི་ཉི་མའི་འབངས་ཡིན་ལགས།

ཁྱེད་ཀྱི་སྤྱན་ཆབ་དྲོན་མོ་ཉོན་མོངས་འདག་པའི་བདུད་རྩི་དེ།

ངེད་ཅག་སེམས་པའི་འཁྱག་རོམ་འདི།

འཇུ་བའི་གཙང་བོའི་བཞུར་རྒྱུན་ཞིག

 

ང་ཚོ་ནི་ཉི་མའི་འབངས་ཡིན་ལགས།

ཁྱེད་ཀྱི་ཐུགས་དགོངས་ཡངས་པོ་འཛམ་གླིང་ཁེབས་པའི་མཛད་འཕྲིན་འདི།

ངེད་ཅག་མ་འོངས་མདུན་ལམ་དེ།

ཞི་བདེར་འགོད་པའི་དབུ་མ་བ།

 

གླུ་འདི་སུས་བླང་ནའང་ཆོག་ལ། ལེན་སྟངས་དང་དབྱངས་ཀྱི་ཐད་ནས་ཀྱང་རང་གིས་འདོད་མོས་ཇི་བཞིན་བླང་ན་དང་སྒྲིག་སྦྱོར་བྱེད་ཆོག

ཐོ་ཐོ་ནས། ༢༠༡༩།༠༩།༢༨ ལ།

 

 

 

 

 

 

སྔགས་བསྟོད།

 

སེང་གེའི་གཡུ་རལ་ཅན་གྱི་སྔགས་རྒན་འད།། 

དྲག་པོའི་གདུག་རྩུབ་དང་མེ་མདའ་ཡིས།།

སྲིད་དབང་སྒེར་གཅོད་ཚད་མེད་བྱེད་པ་པོའི།། 

བསམ་ངན་གཡོ་སྒྱུའི་རིགས་ཡོངས་གཙང་སེལ་བཟོ།།

 

ཐོ་ཐོས། ༢༠༡༩ ལོར་བྲིས།

 

མེ་སེང་གི་དུས་རབས།

 

ཨ་རོའོ། གློའུ་རྒན། གླེན་ཕྲུག 

འདྲེ་རྒན་ཁྱེད།

ཀླད་སྟོང་ཞིག་རེད་ཟེར་ན།

ཁོང་ཁྲོ་ལེན་ཤས་ཆེ།

མི་དགའ་མདོག་སྟོན་ཤས་ཆེ།

ཚིག་རྩུབ་བཤད་དེ་ཁ་འཛིང་བྱེད་ཤས་ཆེ།

འོན་ཀྱང་། 

རང་ཚུགས་རེ་འཛིན་ཐུབ་ན་མི་བཟང་ངམ།

རྒྱ་རྒན་ཚང་གི་དར་དམར་པོ་དེ་ལ་རྣམ་རྟོག་རེ་མི་ལེན་ནམ། 

དེ་ནི་འཛམ་གླིང་འདིའི་མི་རིགས་མང་བོ་ཞིག་གིས།

གདོན་རྫས་ཤིག་ལ་མཐོང་གི་ཡོད།

ལག་དམར་ཞིག་ལ་འདོད་ཀི་ཡོད།

དེ་མ་ཤེས་སམ།

ཚོར་མྱོང་ཡོད་དམ།

ཡིན་ནའང་།  

ཁྱེད་ཚོ་ལ་ཁག་མི་འདུག

རྒྱ་རྒན་ཚང་གིས་བཙན་དབང་གིས། 

ཁྱེད་ཚོའི་ལག་ཏུ་དར་དམར་པོ་དེ་བཞག

 

ཁྱེད་ཚོའི་སྡོད་གནས་དང་དགོན་པའི་ཕྱི་ནང་དུ།

དར་དམར་པོ་དེ་བཙན་དབང་གིས་བཙུགས།

 

ཁྱེད་ཚོས་དེ་ལ།

རྩ་བ་ཉིད་ནས་ངོས་ལེན་དང་དགའ་བསུ་མེད་པ་དེ།

ངས་ཤེས་ཀི་ཡོད། ཚོར་གི་ཡོད།

 

ཁྱེད་ཚོས་དར་དམར་པོ་དེའི་རིགས།

རང་གི་སེམས་ནང་དུ་བསྐྲུན་པའི།

གད་སྙིགས་གཡུག་ས་དེར་གཡུགས་ཡོད་པའང་།

ངས་ཤེས་ཀི་ཡོད། ཚོར་གི་ཡོད།

 

ང་ཚོ་ལ་མཚོན་ན། 

དར་དམར་པོ་དེ་ནི་དུས་ནམ་ཡང་གདོན་རྫས་ཤིག་ཡིན་འདུག

བཀྲ་མི་ཤེས་པ་ཞིག་ཡིན་འདུག

 

ཨ། གློའུ་རྒན།

ཁྱེད་ཀྱིས་དེ་ལྟར་འདོད་ཀི་ཡོད་དམ།

 

ང་ཚོ་ལ་ང་ཚོ་རང་གི་རྒྱལ་དར་དེ་ཡོད།

སེང་གེ་འགྱིང་བ།

དར་ཚོན་སྣ་ལྔ།

ཉི་མའི་དཀྱིལ་འཁོར།

 

ང་ཚོ་ལས་དཔའ་བོ་དང་དཔའ་མོ་མང་བོ་ཞིག

ཁྱེད་དང་ངའི་ཆེད་དུ།

ཁྱེད་དང་ངའི་མ་འོངས་པའི་བུ་རབས་ཚ་རྒྱུད་ཀི་ཆེད་དུ།

མེ་ལ་མཆོངས་ཤིང་།

མེ་ཡིས་བསྲེགས་ཚར།

མེ་ཡིས་སྲེག་གི་ཡོད།

གློའུ་ཕྲུག་ཁྱེད་ཀྱིས་ཤེས་སམ།

བརྗེད་སོང་ངམ།

 

མེ་མདས་ཀྱང་ཉིན་མཚན་བྱས་ནས།

ང་ཚོའི་བོད་རིགས་སྤུན་ཟླ་མང་བོ་ཞིག

གསོད་ཀི་ཡོད་པ་དང་།

སྔར་མང་བོ་ཞིག་བསད་ཚར་བ་དེའང་།

བརྗེད་སོང་བ་ཡིན་ནམ། 

 

ཨ་མྱེ་དང་ཨ་མ་ལོ་ལོན་དེ་ཚོའི་ཁ་ནས།

གོ་མ་སོང་ངམ། གླེན་ཕྲུག

 

ང་ཚོའི་མ་འོངས་པའི་མདུན་ལམ་དེ་

རང་དབང་ལྡན་པ་ཞིག་དང་། 

བདེ་འཇགས་ཡོད་པ་ཞིག་ཏུ་བསྐྲུན་ཕྱིར།

མེའི་ནང་མཆོངས་ཤིང་།

མེ་ལ་སྐྱབས་བཅོལ་ཏེ།

མེ་ཡིས་སྲེག་ཞོར་དུ་འཛམ་གླིང་འདིར།

སྐད་འབོད་དང་སྨྲེ་སྔགས་འདོན་གི་ཡོད་པའི།

བོད་རིགས་སྤུན་ཟླ་དེ་དག

བརྗེད་སོང་ངམ།

 

ང་ཚོ་ལ་དུས་ནམ་ཡང་། 

མེས་པོའི་རྒྱལ་ཁབ་གཅིག་ལས། 

གཉིས་པ་ཞིག་གཏན་ནས་མེད།

ཡོད་པ་དེ་ནི།

བཙན་འཕྲོགས་བྱས་སོང་བའི་

བོད་རྒྱལ་ཁབ་དེ་ཡིན་འདུག

དེ་བརྗེད་སོང་ངམ།

དེ་བརྗེད་ན།

འགྲིག་གི་མེད།

ཁས་ལེན་མེད།

 

ང་ཚོ་ལ་ང་ཚོ་རང་གི་རྒྱལ་ཁབ་དེ་ཡོད་མྱོང་།

དེ་ཤེས་སམ།

ང་ཚོས་ཀྱང་ང་ཚོ་རང་གི་མེས་པོའི་རྒྱལ་དར་དེ།

རང་རང་གི་ཁྱིམ་དང་སེམས་གཉིས་ལ་ཉར་ཡོད།

དེ་ཤེས་ཡོད་རྒྱུ་རེད་ཡ།

 

འདྲེ་རྒན། 

དེ་ཉར་རྒྱུ་རྩ་བ་ནས་མ་བརྗེད་རོགས།

 

ད་བདེ་མོ་བྱོས། གཟབ་གཟབ་བྱོས།

 

ཐོ་ཐོས། ༢༠༡༩༡༠༠༡

 

སྙིང་།

 

ང་ནི།

གློ་བུར་དུ། 

ཐོན་སོང་།

སྐྱིད་སྣང་ཞིག་གིས།

ལུས་ཡོངས་ཁེངས།

འདྲེ་ཐོ་ངའི།

ཚོར་བས་བཟུང་ཡོད་པ།

ཡིད་ཀྱིས་བསྒོམས་ཡོད་པ།

དམར་མདངས་དང་དཀར་མདངས།

ཚོར་བའི་ནང་གི་སྙིང་དམར་པོ་དེ།

སྒྱུ་རྩལ་ལམ་གྱི་སེམས་དམར་པོ་འདི།

སྙིང་སྡུག་མ་ཞིག་གི

སེམས་གྲོགས་མ་ཞིག་གི

འཆང་འདོད་སའི།

རེག་བསམ་རྒྱུའི།

དེ། དེ་དང་དེ།

 

རེ་ཞིག་ནས།

ང་སྒྱུ་རྩལ་ལས་ཕྱི་ལ་ཐོན།

ཚོར་བའི་ཕྱི་རོལ་ན།

Peperoni osso 

ངས་དོ་དགོང་ཟ་འདོད་པའི་དགོང་ཟས་ཞིམ་པོ།

དགོང་ཟས་ཞིམ་པོ་དེ་དང་འདི།

 

ཞེས་འདྲེ་ཐོ་ནས་བརྩམས། ༢༠༡༩།༡༠།༠༤ ལ།

 

གཏེར་མཛོད།

 

ས་སྟེང་འདི་ན་འདོད་དང་བདེ་བ་དང་།། 

མིའི་རིགས་འབྱུང་བའི་མཆོག་གྱུར་གཏེར་མཛོད་དུ།།

འདི་ལས་གཞན་ཞིག་ངས་ནི་ཤེས་མ་སོང་།།

གཏེར་གྱི་བདག་མོ་དེ་དག་ངོ་སོ་བསྟོད།།

 

ས་འོག་དེ་ནས་གཏེར་འདོན་ཡོད་ཟེར་ན།། 

གཏེར་སྟོན་རྣམས་ཀྱིས་ས་བདག་ལྷ་མོ་གང་།།

གངས་རིའི་ལྗོངས་སུ་གདན་འདྲེན་བྱེད་པར་ཞུ།།

ཁ་བ་ཅན་ལ་མི་གྲངས་མང་དུ་ཆུགས།

 

ཞེས་འདྲེ་ཐོ་ཐོ་ནས། ༢༠༡༩༡༠༠༨ ལ།

 

 

མེ་ཏོག་ལམ་དུ་འགྲོ་ན་འདོད།

 

གནའ་བོའི་སྐྱིད་ས་སྐྱིད་ཡུལ་ང་ཡི་ཕ་ཡུལ་བོད་ཁམས་དེ།། 

ད་ལྟ་སྡུག་ས་སྡུག་ཡུལ་མི་རིགས་གཞན་པས་དབང་བསྒྱུར་འོག།

གནའ་དུས་བོད་སྐད་བཤད་ཅིང་བོད་གླུ་གྱེར་སའི་ཕ་ཡུལ་དེ།། 

དེང་སང་རྒྱ་སྐད་བཤད་དེ་རྒྱ་གླུ་ལེན་སའི་རྒྱ་གྲོང་ཞིག།  

 

མི་རིགས་བོད་རིགས་ཡིན་པ་བོད་དང་ཁ་ཐག་རིང་བ་ངས།། 

བོད་རིགས་བུད་མེད་དག་གི་གཉའ་མ་མཇལ་མྱོང་མེད་འདི་སྐྱོ།། 

ཚེ་འདིར་བོད་མིར་སྐྱེས་ཀྱང་རང་དང་རིགས་མཐུན་བོད་པ་མོར།། 

ཤ་དང་མཆིན་པ་མ་སྦྱར་མགོ་སེར་ཡུལ་ནས་ཤི་ཚེ་གྱོང་།།

 

བོད་ཁམས་ངོ་སོ་བསྟོད་རྒྱུའི་དབྱར་ཟླ་བརྒྱད་པའི་སྤང་ཐང་དུ།། 

མེ་ཏོག་འཇའ་ཚོན་བཀྲ་བའི་དར་གོས་བཏིངས་པའི་གདན་ཐོག་ཏུ།། 

ལྷན་སྐྱེས་དྲི་ཞིམ་ཁྱབ་པ་རང་རིགས་བུད་མེད་དཔྱིད་དཔལ་མའི།། 

གཉའ་ཁར་མེ་ཏོག་བསྟར་ཏེ་མེ་ཏོག་ལམ་དུ་འགྲོ་ན་འདོད།།

 

ཅེས་ཐོ་ཐོ་ནས། ༢༠༡༩༡༠༡༠ ལ།

 

གངས་ཅན་པ།

 

ཁྲག་དྲི་བྲོ་བའི་གངས་རིའི་རྩེ་མོ་ན།།

གངས་སེང་རྨས་མ་ཞིག་གི་ཁྱིམ་ཤུལ་ཡོད།།

གངས་ལྷ་མེ་ཏོག་གཅིག་གི་འཁྲུངས་ས་ཡོད།།

ངེད་ཅག་གངས་ཅན་པ་ཡི་རླུང་རྟ་ཡོད།།

རྔམ་བརྗིད་བྲག་རི་བརྩེགས་པའི་རྩིག་ངོས་སུ།།

རྒུད་པའི་རྒྱལ་ཁབ་ཞིག་གི་ཕོ་བྲང་ཡོད།།

འདས་པའི་བཙན་པོ་དག་གི་རྣམ་ཤེས་ཡོད།།

ངེད་ཅག་བོད་པའི་མེས་པོའི་ལ་ཞེན་ཡོད།།

 

ལྷོག་ལྷོག་མེ་ལྕེས་བསྟུམས་པའི་སྨྲེ་ངག་ཁྲོད།།

བདག་གཞན་མཉམ་བརྗེའི་ཞི་བའི་རྒོལ་ལན་ཡོད།

བུ་རབས་ཚ་རྒྱུད་བསམས་པའི་རེ་འབོད་ཡོད།།

ངེད་ཅག་ཆིག་སྒྲིལ་ཡོང་བའི་མན་ངག་ཡོད། 

 

ཅེས་དྲི་བཀུམ་གསར་སྐྱེས་ནས། ༢༠༡༩།༡༠།༡༣

 

 

ཐོན་མིའི་ལོ་ཙྭ།

 

གཟབ་དགོས་ས་ཤིག་ནི། ཐོན་མིའི་ལོ་ཙཱ་ཞེས་པའི་མཉེན་ཆས་འདི་བེད་སྤྱོད་གཏོང་སྐབས། ལོ་ཙཱ་ལ་བསྒྱུར་བྱའི་ཡིག་ཆ་དང་ཚིག་གང་ཞིག་ཡིན་ཡང་། བསྒྱུར་ཚར་བ་དག་རང་འགུལ་གྱིས་ཐོན་མིའི་ལོ་ཙཱ་ཞེས་པའི་མཉེན་ཆས་དེའི་མ་ལག་ནང་དུ་བསགས་འདུག་སྟེ། དེ་དག་གསུབ་འདོད་ཀྱང་རང་ཐོག་ནས་ཧ་ལམ་སུབ་ཐབས་མེད་པ་འདྲ་ཞིག་ཏུ་ཆགས་འདུག དེའི་ཕྱོགས་ལ་མཉེན་ཆས་འདི་བེད་སྤྱོད་གཏོང་མཁན་གྱི་བོད་རིགས་སྤུན་ཟླ་དེ་ཚོས། ཧ་ཅང་གཟབ་གཟབ་བྱེད་ཐུབ་ན་བདེ། གང་ལྟར་དེ་ནི་མཉེན་ཆས་དེའི་ཞན་ཆའམ། རྒྱལ་སྤྱིའི་རྩིས་འཕྲུལ་དང་འཛམ་གླིང་དྲྭ་རྒྱའི་མཉེན་ཆས་བཟོ་སྐྲུན་གྱི་འགྲིག་དང་འགལ་བའམ། ཚད་ལྡན་མིན་པའི་མཉེན་ཆས་ཤིག་ཡིན་པ་རང་བཞིན་གྱིས་ར་སྤྲོད་བྱས་ཡོད་པ་ཞིག་རེད་འདོད།   

 

དེ་བས་ང་རང་གི་བསམ་ཚུལ་ཡིན་ན། མཉེན་ཆས་འདི་ནི་ཧ་ཅང་གཟབ་དགོས་སའི་མཉེན་ཆས་འཇིགས་ཅན་ཞིག་རེད་འདོད། རྒྱུ་མཚན་དེའི་དབང་གིས་བོད་རིགས་སྤུན་ཟླ་ཚོས་མཉེན་ཆས་འདི་ལ་ཡིད་ཆེས་དང་བློ་གཏད་བྱེད་རྒྱུ་དེ་འདྲ་མེད་སྙམ། ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཀྱི་གསར་འགྱུར་དང་། ཕྱིའི་རྒྱལ་ཁབ་ཏུ་བོད་དོན་དང་འབྲེལ་བའི་གསར་འགྱུར་མང་བོ་མི་ཉུང་བ་ཞིག རྒྱལ་ཁབ་མི་འདྲ་བའི་ཡིག་རིགས་མི་འདྲ་བ་མང་བོའི་ཐོག་ནས་སྤེལ་ཡོད་པས། དེ་དག་གི་དོན་གོ་ཕྱིར་མཉེན་ཆས་འདི་བེད་སྤྱོད་བཏང་སྟེ། རྒྱུ་མཚན་རྟོགས་འདོད་པའི་བོད་རིགས་སྤུན་ཟླ་དེ་ཚོས། ཤིན་ཏུ་གཟབ་དགོས་ས་ཤིག་ནི་མཉེན་ཆས་འདིས་བསྒྱུར་ཟིན་པ་དང་ཁྱེད་ཀྱིས་བཀླགས་ཟིན་པའི་ཡིག་ཆ་དེ་དག་ཡོད་ཚད། མཉེན་ཆས་འདིའི་མ་ལག་ནང་དུ་རང་འགུལ་གྱིས་བཅུག་ཡོད་ལ། དེ་དག་ཤོར་ས་དང་སྦས་ས་གང་ཡང་མེད།

 

དེ་ལྟར་ན། མཉེན་ཆས་འདི་ལ་བཟང་ཆ་ཡོད་ཀྱང་རུང་། དེ་ལྟ་བུའི་ཞན་ཆའམ། དེ་ལྟ་བུའི་འཇིགས་དགོས་ས་དང་། གཟབ་དགོས་སའི་ལྟག་སྒོ་ཞིག་ཁོང་ཚོས་ཉར་ཚགས་བྱས་ཡོད་དེ། དེ་ནི་ཁྱེད་ཀྱི་ཁྱིམ་ལ་གསང་མྱུལ་བྱེད་དུ་འཛུལ་སའི་སྒོ་མོ་ཞིག་དང་། སྒོ་ཟྭ་དེ་འབྱེད་བྱེད་ཀྱི་གསང་བའི་ལྡེ་མིག་དེའང་ཁོང་ཚོས་ཉར་ཡོད། མདོར་ན་ཐོན་མིའི་ལོ་ཙྭ་ཞེས་པའི་མཉེན་ཆས་དེའི་ལྟག་སྒོ་དེ་དང་། བཙོན་ཁང་གང་ཡང་རུང་བ་ཞིག་ལྕགས་སྒོ་དེ་གཉིས་ཀྱི་བར་ཐག་ནི་ཧ་ཅང་གི་ཉེ་བོ་ཞིག་རེད་འདོད།

 

གཞན་ཐོན་མིའི་ལོ་ཙྭ་ཞེས་པའི་མཉེན་ཆས་འདིའི་བེད་སྤྱོད་གཏོང་མཁན་གྱི་མིང་ཐོག་ནས་མནན་ན། རྒྱ་ཡིག་ལས་བོད་ཡིག་འཆར་རྒྱུ་མེད། དཔེར་ན། རྒྱའི་ཡི་གེ་ནང་དུ། 翻译记录 ཟེར་བ་དེ། བོད་ཡིག་ཏུ་ཡིག་སྒྱུར་ཡིག་ཚགས་སམ། ཡིག་སྒྱུར་ཟིན་ཐོ་ཞེས་བོད་མི་རིགས་རང་གི་སྐད་ཡིག་ནང་དུའང་བཀོད་ཡོད་ན། མཉེན་ཆས་འདི་བེད་སྤྱོད་གཏོང་མཁན་དེས་རང་གིས་བྲིས་པ་དང་བཤུས་པ་དག་དེར་ཉར་ཡོད་པ་ཤེས་ཐུབ་པར་ཕན་ཐོགས་ཡོད་མོད། འོན་ཀྱང་དེ་རུ་རྒྱ་ཡིག་ཁོ་ན་ལས། བོད་ཡིག་གཅིག་ཀྱང་མཐོང་རྒྱུ་མེད། ཡ་མཚན་ཞིག་ལ། མཉེན་ཆས་འདི་བོད་མི་རིགས་བསམས་ནས་བཟོས་པའི་ཡིག་སྒྱུར་མཉེན་ཆས་ཤིག་ཡིན་ཟེར་ཀི་ཡོད་ན། ཅིའི་ཕྱིར་དེ་ལ་རྒྱ་ཡིག་རྐྱང་བ་ལས་བོད་ཡིག་ཏུ་བཀོད་མེད། དེ་ལའང་བསམ་བློ་རེ་གཏོང་ས་ཡོད་པ་འདྲ། ་་་་་་

 

ངས་ངའི་བསམ་ཚུལ་འདིའི་སྐོར། མཉེན་ཆས་འདི་བརྒྱུད་སྐུར་བྱེད་ཀྱི་ཡོད་ཅིང་། མཉེན་ཆས་འདི་བེད་སྤྱོད་གཏོང་སྟངས་གསལ་བཤད་བྱེད་ཀྱི་ཡིན་ཟེར་བའི་བོད་ནང་གི་བུད་མེད་གཅིག་ལ་ཁ་བརྡ་བྱས་ཡིན་མོད། འོན་ཀྱང་མོ་ནི་ཀློའུ་མོ་ཞིག་ཡིན་པ་འདྲ། ང་ལ་ཁྱེད་ཀྱིས་ སྐྱག་ཁ་ཚུམས” ཟེར་བ་ལས། མོའི་རྣ་ནང་དུ་ངའི་སྐད་ཆ་གཅིག་ཀྱང་འགྲོ་ས་མེད།

 

ཐོ་ཐོའི་བསམ་ཚུལ་ཡིན། ༢༠༡༩།༡༠།༡༣

 

 

 

མ་ཧཱ་བྷ་ར་ཏཱ་རྒྱལ་ཁབ།

 

ངས་དེ་ཉིད་རང་གི་བརླགས་སོང་བའི་དང་རླག་བཞིན་པའི་རྒྱལ་སྲིད་ཅིག་ལ་བསམས་ཤིང་ཆེས་མཇུག་ཏུ་འདུག་གི་ཡིན། སྲུང་གི་ཡོད། བསྲུང་གི་ཡིན། 

 

དེ་ན་ང་ཚོའི་ཐོབ་ཤོར་གཉིས་ཀྱི་ལོ་རྒྱུས་ཡོད། དེ་ན་ང་ཚོའི་རང་ཁྱིམ་དང་རང་སྲིད་ཀྱི་དོན་དུ་དཀའ་ལས་བརྒྱབ་པའི་བརྒྱུད་རིམ་ཡོད། ངས་དེ་ཉིད་རྩ་བ་ཉིད་ནས་དོར་གི་མིན། 

 

དང་པོ་དེ་ལ་རྒྱལ་ཁབ་དངོས་ཤོར། གཉིས་པ་དེ་ལ་རྒྱལ་ཁབ་དངོས་དེ་བརྩད། གསུམ་པ་དེ་ལ་རྟགས་མཚོན་ལྟ་བུའི་རྒྱལ་སྲིད་དེའི་ཕྱེད་ཀ་ཤོར། དེ་ནས་ཕྱེད་ཀ་དེ་བསྐྱུར། དེ་ནས་གསར་འཛུགས་བྱས། དེ་ཡང་དོར་དགོས་ཆགས། འོན་ཀྱང་ངས་དོར་གི་མིན།

 

ཐེངས་འདིར་ངས་བདེན་པའི་ཨུ་ཚུགས་ཤིག་ལ་བསམས་ཏེ། རང་ཚུགས་དང་ཨུ་ཚུགས་གཉིས་ཀྱི་བར་ནས་ཁྱེད་ཚོས་དོར་ཚར་བའི་དང་དོར་གི་ཡོད་པའི་རྒྱལ་སྲིད་དེ་བསྲུངས་ནས་འདུག་གི་ཡིན། 

གནའ་ཤུལ་ལས། རྒྱལ་ཁབ་གཅིག་གིས་གཞི་འཛིན་སའི་ཡུལ་ཁམས་དེ་ནི་རྒྱལ་སྲིད་དེའི་ལོ་རྒྱུས་དངོས་འཚོལ་སའི་བང་མཛོད་ཆེན་པོ་ཞིག་དང་གཅིག་མཚུངས་ཡིན།

 

ང་ཚོས་ཡུལ་ཁམས་དེ་དོར་རྒྱུ་ཡིན་ཟེེར་བ་དེ་ནི། ང་ཚོས་རང་གི་རྒྱལ་ཁབ་དེ་དོར་རྒྱུ་ཡིན་ཟེར་བ་དང་གཅིག་མཚུངས་རེད།

 

ང་ཚོས་འདས་སོང་བར་རྗེས་དྲན་དང་དཔྱད་ཞིབ་བྱེད་ཞོར། མ་འོངས་པའི་ལམ་ཁ་དེའི་ནང་དུ་ཇི་ལྟར་བཞུད་པར་རམ་འདེགས་བྱེད་ཆོག

 

ང་ཚོས་རང་ཁྱིམ་དང་རང་གི་ཁྱིམ་ལྟ་བུའི་རང་གི་རྒྱལ་ཁབ་དེ་རང་ངོས་ནས་དོར་རྒྱུའི་དཔེ་མེད།  ནམ་ཞིག་གཞན་ཞིག་གིས་འཕྲོགས་སོང་བ་ཡིན་ན། ང་ཚོས་དང་ང་ཚོའི་མི་རབས་ནས་མི་རབས་བརྒྱུད་དེ། དེ་ཉིད་ཕྱིར་ལེན་རྒྱུར་འབད་པ་བྱེད་ཆོག

 

གང་ལྟར། ང་ལ་མཚོན་ན། འདི་ནི་སྐད་འཕྲིན་ཚོགས་པ་ཙམ་ཞིག་མ་ཡིན་པར། འདི་ནི་ངའི་ཁྱིམ། ངའི་སྡེ་བ། ངའི་རྒྱལ་ཁབ་ལྟ་བུ་ཞིག་ཡིན་ལ། འདི་ན་ང་དང་ངའི་བོད་རིགས་སྤུན་ཟླ་དག་གི་བསམ་བློ་དང་སྙིང་སྟོབས་ཡོད། ལྷག་པར་ཚོགས་གཙོ་ཁྱེད། ཡང་ན་བཟའ་དཔོན། ཡང་ན་སྡེ་དཔོན། ཡང་ན་རྒྱལ་བོ། ཡང་ན་སྲིད་སྐྱོང་ལྟ་བུའི་ཁྱེད་ཀྱི་བསམ་བློ་དང་། ཁྱེད་ཀྱིས་རང་མི་རིགས་ལ་བཟུང་བའི་ལྷག་བསམ་དེའང་ཡོད། 

 

རྒྱུ་མཚད་འདི་འདྲ་མང་བོ་ཞིག་གི་རྐྱེན་གྱིས། ཐོ་ཐོ་ང་ནི། འདི་ནས་གཏན་སྡོད་བྱེད་རྒྱུ་ཡིན་ལ། ཐོ་ཐོ་ང་ནི་གནའ་ཤུལ་དུ་ཆགས་པའི་མ་ཧཱ་བྷ་ར་ཏཱའི་རྒྱལ་ས་འཛུགས་སའི་ཡུལ་ཁམས་འདིའི་སྲོག་དང་རྣམ་ཤེས་སུ་གྲུབ་ན་འདོད། དེ་ལྟར་ང་ནི་གནས་འདི་ནས་རྩ་བ་ཉིད་ནས་འགྲོ་རྒྱུ་མིན་ལགས། དེ་བས་ང་ནི་འདིར་ལྷིང་འཇགས་ངང་འདུག་འཇུག་རོགས།  ངས་ལྷིང་འཇགས་དང་ཞི་བདེའི་ཁྲོད་ནས། བརླགས་སོང་བའམ་འཕྲོགས་སོང་བའི་རྒྱལ་ཁབ་དེ་ལ་མྱ་ངན་བྱེད་ཞོར། རྒྱལ་ཁབ་དེ་དང་འབྲེལ་བའི་ཐོབ་ཤོར་གྱི་ལོ་རྒྱུས་ཡིག་ཚགས་དེ་དག་ནས། རྒྱལ་ཁབ་གསར་པ་གང་རུང་ཞིག་གི་དར་རྒུད་ལ་གང་གིས་ཕན་པ་དང་གང་གིས་གནོད་ཀི་ཡོད་པ་བཅས་ལ་དཔྱད་པར་བྱའོ། 

 

ཐོ་ཐོ་ནས། མ་ཧཱ་བྷ་ར་ཏཱ་རྒྱལ་ཁབ་ཀྱི་འབངས་མི་ཡོངས་ལ་ཕུལ་ཡིན། ༢༠༡༩།༡༠།༡༩

 

 

ཨ་ཕ་བརྩེ་བར་སྤྲིངས་པའི་འཕྲིན་ཐུང་།

 

ཨ་ཕ་བརྩེ་བ། མི་རིགས་གང་ཞིག་དང་གདོང་གཏད་དེ་སྐད་ཆ་བཤད་ཀྱི་ཡོད་པ་དེ་ལའང་བསམ་བློ་རེ་གཏོང་དགོས་སྙམ། རྒྱ་མི་རིགས་ལ་རྒྱ་སྐད་དང་། དབྱིན་ཇི་མི་རིགས་ལ་དབྱིན་སྐད། བོད་ལ་བོད་སྐད། དེ་བཞིན་དུ་ཕྱིའི་རྒྱལ་ཁབ་ནས་བོད་དོན་གླེང་ཚེ། དེ་དག་ལ་ར་སྤྲོད་ཡོང་བའི་ཕྱིར། དབྱིན་སྐད་བཤད་དགོས་པའི་མཁོ་བའང་ཡོད་སྲིད།

 

ཨ་ཕ་བརྩེ་བ། དབྱིན་ཇི་མགོ་སེར་ཞིག་ལ་བོད་སྐད་ཐོག་ནས་བོད་དོན་གླེང་ཐབས་མེད་པ་བཞིན། མགོ་སེར་གཙོ་བྱས་པའི་རྒྱལ་ཁབ་དེ་དག་ནས། བོད་དོན་གླེང་སྐབས། སྐད་རིགས་གཙོ་བོ་མིན། བརྡ་སྤྲོད་ཐུབ་རྒྱུ་དེ་གཙོ་བོ་ཞིག་ཡིན་རྒྱུ་རེད་འདོད།

 

ཨ་ཕ་བརྩེ་བ། མི་རིགས་གཞན་ལ་རྒྱལ་ཁབ་ཡོད་རྐྱེན། ང་ཚོས་མི་རིགས་དེའི་སྐད་དང་ཡི་གེ་བསླབས་ཏེ། མི་རིགས་དེའི་རྒྱལ་ཁབ་དེ་ཅིའི་ཕྱིར་ང་ཚོ་བོད་ནང་བཞིན་ཉམས་ཆགས་སུ་སོང་མེད་དོན་བཅས་ཕྱོགས་མང་བོ་ཞིག་ལ་དཔྱད་ཞོར། ང་ཚོ་བོད་པ་ཚང་གིས་རྒྱལ་ཁབ་དེ་ཤོར་ཡོད་པ་དང་ཤོར་རྐྱེན། འཕྲོག་མཁན་སུ་ཡིན་པ་བཅས་མི་རིགས་དེའི་སྐད་ཡིག་གི་ཐོག་ནས་མི་རིགས་དེ་དག་ལ་ར་སྤྲོད་གང་ཅི་ཐུབ་བྱ་དགོས།

 

ཨ་ཕ་བརྩེ་བ། བོད་རང་གི་སྐད་དང་ཡི་གེ་ནི་བོད་དོན་སྒྲུབ་བྱེད་ཀྱི་ལག་ཆ་གཙོ་བོ་དེ་ཡིན་འདུག་མོད། འོན་ཀྱང་མང་བོ་ཞིག་རྟེན་དང་བརྟེན་པའི་འབྲེལ་བ་ཡིན་པས། གཞན་དབང་དུ་སོང་བ་གང་ཞིག་རང་དབང་དུ་ཡོད་པ་ལ་བསྒྱུར་འདོད་ན། གཞན་དེ་ངོ་ཤེས་དགོས་པ་གལ་ཆེན་ཡིན་ལ། གཞན་དེ་ལ་རང་ཉིད་ར་སྤྲོད་རྒྱུའང་གལ་ཆེན་ཡིན་པས། རང་གི་ཡི་གེ་དང་ཕ་སྐད་ཀྱི་སྟེང་དུ། གཞན་གྱི་སྐད་ཡིག་ལ་སྦྱངས་པ་བྱེད་ཐུབ་ན་ཤིན་ཏུ་ལེགས།

 

ཞེས་ཐོ་ཐོས།

ཆུང་ས་ནས་ཆེ་སར།

 

ཡོད་ཚད་ཆུང་ས་ནས་ཆེ་སར་འགྲོ་རྒྱུ་དང་། ནོར་འཁྲུལ་ཆུང་བའི་རིགས་བཅོས་ཏེ་ཆེ་བའི་རིགས་ལ་རམ་འདེགས་དང་གཞི་རྐང་འཛུགས་དགོས་པ་ཞིག་རེད་འདོད།

འཚོ་གནས་ཁྲོད། ཁ་བརྡའི་ཁྲོད། གང་ཞིག་གི་རིགས་ཡིན་ཡང་རུང་། རང་གིས་བེད་སྤྱོད་མ་བྱས་པའི་སྔོན་དུ། དེ་ལ་ནོར་བ་ཡོད་མེད་དང་། དེ་སྤྱད་ན་འགྲིག་དང་མི་འགྲིག བཟང་དང་མི་བཟང་། ཕན་ཐོགས་ཡོད་མེད་བཅས་ལ་ཅུང་ཙམ་རེ་དཔྱད་ཐུབ་ན་དང་། བསམ་གཞིགས་རེ་བྱེད་ཐུབ་ན། དེ་ལ་ལེགས་ཆ་ཧ་ཅང་ཡོད་སྙམ།  

 

ཐོ་ཐོའི་བསམ་ཚུལ་ཡིན།

 

གཉིས་ཀ་མིན་པའམ་མེད་པའི་ལན།

 

རང་ཉིད་གླུ་བ་ཞིག་ཡིན་པར་མ་ཟད། རང་གིས་ཀྱང་བོད་མི་རིགས་དགའ་སའི་གླུ་ཚིག་དང་དབྱངས་གཉིས་རྩོམ་ཐུབ་མཁན་ཞིག་ཡིན་ཚེ། བསམ་བློ་དང་ཤེས་ཡོན་གཉིས་ཀྱི་ཆ་ནས་ཁྱེད་ཀྱིས་བཤད་པ་ལྟར་གང་ཡང་མེད་ནི་ཞིག་ཡིན་རྒྱུ་མ་རེད་འདོད། གང་ལྟར་ང་རང་གི་ལྟ་ཚུལ་ནི།

བདུད་བྷེ་ཁོང་ནི་རང་གི་མི་རིགས་ཀྱི་རྒུད་པ་དེ་དང་འབྲེལ་ཏེ་བྱུང་བའི་སེམས་ཀྱི་སྡུག་བསྔལ་མང་བོ་ཞིག་ཆང་ལ་བརྗེས་ཤིང་། ཆང་གིས་སྡུག་བསྔལ་དེ་དག་གསོད་དུ་འཇུག་གི་ཡོད་པའི་དང་། མཐའ་མར་རང་ཉིད་ཀྱང་ཆང་གིས་བསད་དུ་བཅུག་པའི་བོད་མི་སྡུག་བསྔལ་བ་ཞིག་རེད་འདོད།  

འདི་ན་བདུད་བྷེ་ལགས་ཀྱིས་བླངས་པའི་གཞས་ཚིག་ཅིག་སྟེ། འགའ་རེའི་ཁ་ནང་གི་གཉིས་ཀ་མིན་པའམ་མེད་པ་” ཞིག་གིས་གྱེར་པའི་གཞས་ཚིག་ཅིག་རེད། གཞས་ཚིག་འདི་ཟིན་ཐོར་ཕབ་མཁན་ནི་གཙང་རྡོ་ཟེར་བ་ཞིག་ཡིན་འདུག གཞས་ཚིག་ནི།

 

 

གྲོགས་པོ་ལགས་བརྗེད་པ་མི་སྲིད། །

ཟླ་མེད་ཀྱི་ལྷག་བསམ་འདི་དང་། །

དཔའ་མཛངས་ཀྱི་སྙིང་སྟོབས་འདི་ཡིས། །

གངས་འདི་ལ་ཞབས་རྗེས་བཞག་ཡོད། །

 

གྲོགས་པོ་ལགས་བརྗེད་པ་མི་སྲིད། །

གཟི་བརྗིད་ཀྱི་མཛད་རྗེས་འདི་དང་། །

གཅེས་སྲོག་གི་ཁྲག་རྒྱུན་འདི་ཡིས། །

གངས་འདི་ལ་ཕྱག་བྲིས་གནང་ཡོད། །

 

གྲོགས་པོ་ལགས་བརྗེད་པ་མི་སྲིད། །

ཆོལ་གསུམ་གྱི་བདེ་སྐྱིད་ཆེད་དུ། །

རིན་བྲལ་གྱི་གཅེས་སྲོག་འདི་ཡིས། །

གངས་འདི་ལ་དཔའ་རྟགས་བཞག་ཡོད། །

 

ཐོ་ཐོའི་བསམ་ཚུལ་ཡིན། ༢༠༡༩།༡༠།༢༣

དཔྱིད་དཔལ་མའི་སྐྱོ་གླུ།

 

ལུས་པོ་ཅུང་ཙམ་བདེ་དང་མི་བདེའི་བར།། 

སྨན་དང་བཅོས་ཐབས་སྣ་ཚོགས་སྟེན་ཞོར་དུ།། 

ན་བ་ཚ་བའི་ཟུག་གཟེར་བསྲན་ཀྱང་རུང་།། 

རྒས་པའི་སྡུག་བསྔལ་སྲོན་ཐབས་མེད་པ་ཞིག། 

 

སེམས་ཁམས་ཅུང་ཙམ་སྐྱིད་དང་མི་སྐྱིད་ཁྲོད།།

ཆོས་དང་ལྷ་ལ་སྐྱབས་སུ་ཞུ་ཞོར་དུ།།

སེམས་ཀྱི་ཆགས་སྡང་ཐབས་ཀྱིས་དོར་ཀྱང་རུང་།།

རྒས་པའི་ཚོར་ཤུགས་དྲག་པོས་མནར་ནས་ཡོང་།།

 

མོ་རྐྱང་ཡིན་ལ་མིན་པའི་འཚོ་གནས་ཁྲོད།།

ཕོ་རྐྱང་སྤྱང་ལྟོགས་འདྲ་བས་ཟ་གྲབས་བྱེད།།

རྒད་པོ་ཧོན་ལོག་དག་གིས་ཆགས་གཏམ་སྨྲ།།

ཕོ་གསར་རྐྱལ་སྟོང་དེ་ཚོས་ཚིག་རྩུབ་སྨྲ།།

 

དམིགས་སུ་བཀར་བར་སེམས་རྩེ་གཏད་ཞོར་དུ།། 

སེམས་དང་སེམས་པ་གཅིག་ལ་གཅིག་འབྲེལ་ངང་།། 

ཚེ་གྲོགས་ཤིག་གི་བསམ་པ་བཟུང་བྱས་ཏེ།། 

དཔྱིད་དཔལ་བུ་མོ་སེམས་ཀྱིས་གཅེས་ན་འདོད།། 

 

ཞེས་ཐོ་ཐོ་ནས། དཔྱིད་དཔལ་མའི་སྐད་ཆ་འགའ་ཞིག་ཟིན་ཐོར་ཕབ་པ་དང་ཆབ་གཅིག་ཏུ། ཐོ་ཐོ་ངའི་ཚོར་བའི་ཟུར་ཙམ་ཞིག་ཀྱང་སྦ་གསང་མེད་པར་བྲིས་ཡོད། ༢༠༡༩།༡༠།༢༧

སེམས་དང་འཇིག་རྟེན།

 

དཀོན་མཆོག་ཟེར་ཡང་གྲུབ་ས་རང་གི་སེམས།། 

སངས་རྒྱས་ཟེར་ཡང་གཏད་ས་རང་ཉིད་སེམས།།

སྐྱབས་སུ་འགྲོ་མཁན་རང་གི་སེམས་ཉག་གཅིག། 

སྐྱབས་སུ་འབབ་སའང་མཐར་ཐུག་རང་སེམས་སྟེང་།།

 

མདོར་ན་ཡོད་ཚད་རང་གི་སེམས་ཁོ་ན།།

སེམས་ཀྱི་ནུས་པ་དཔག་དཀའི་འདོད་འཇོ་ཞིག།

རྩེ་གཅིག་དམིགས་པའི་སེམས་ཀྱི་ཉམས་ལེན་ཁྲོད།། 

འཇིག་རྟེན་འདི་རུ་ལྐོག་གྱུར་མེད་པ་འདྲ།།

 

འདྲེ་ཞེས་དམོད་ཀྱང་གྲུབ་ས་རང་སེམས་སྟེང་།།

ལྷ་ཞེས་གསོལ་ཡང་དད་ས་རང་སེམས་ཏེ།།

ལྷ་འདྲེ་གཉིས་ནི་སེམས་ཀྱི་སྣང་གཟུགས་ཤིག།

ཡོད་མེད་ཡིན་མིན་སེམས་ཀྱིས་སྣང་ཚུལ་ཙམ།།

 

འདྲེ་ཐོ་ཐོས། ༢༠༡༩-༡༡-༠༡ ལ།

 

 

 

 

 

 

ཐ་མག་དང་འདྲེ་ཐོ།

 

འདྲེ་ཐོ་ངའི།

ཉིན་རེའི་ཁ་ཟས་ནི་ཐ་མ་ཁ།

འོན་ཀྱང་པདྨའི་མེ་ཏོག་གློ་ཁ་དེ་ནི།

ངས་འདོད་གླུ་གྱེར་ཞོར།

མཚན་རེའི་སྦྲང་རྩི་བལྡག་ས་དང་།

ཞོ་དང་འོ་མས་མཆོད་འབུལ་བྱེད་སའི་བསྟེན་གནས་ཤིག

 

འདྲེ་ཐོ་ངའི།

ཉིན་རེའི་ཁ་ཟས་ཞིམ་ཤོས་ནི་ཐ་མ་ཁ།

ཚེ་སྲོག་ནི་ཐ་མག་ཏུ་འཐིམ་བཞིན།

ཚེ་སྲོག་ནི་རང་བྱུང་ཁམས་སུ་འཐིམ་འགྲོ།

 

ཐོ་ཐོས། ༢༠༡༩།༡༡།༠༦

 

དཔེ་ཀློག་ཁྲོད་ཀྱི་ཚོར་སྣང་ཞིག

 

ཚེ་རབས་བརྗེས་ཀྱང་བོད་དོན་མི་བརྗེད་ཅིང་།། 

གང་དུ་སྐྱེས་ཀྱང་བོད་ཞེན་གནས་པར་སྨོན།། 

ངལ་དང་དུབ་པ་ཇི་ལྟ་ཡོད་ཀྱང་རུང་།། 

ཚེ་ནས་ཚེ་ལ་བོད་དུ་སྐྱེ་བར་སྨོན།། 

 

ཞེས་པའི་ཤོ་ལོ་ཀ་འདི་ནི་འདྲེ་ཐོ་ཐོ་ངས་དཔེ་ཀློག་བྱེད་བཞིན་པའི་ཁྲོད་ཀྱི་མྱོང་ཚོར་ཅིག

དཔྱོད་ལྡན་པ།

 

གསོན་པའི་ཚེ་ན་རང་ནུས་གང་ལྕོགས་ཀྱིས།། 

སྣོད་ཀྱི་འཇིག་རྟེན་བཅུད་ཀྱི་སེམས་ཅན་ལ།། 

ཕན་པ་ཅི་རིགས་སྒྲུབ་པའི་མཛད་པ་དེ།།

དཔྱོད་ལྡན་མི་ཡི་མི་ཚེའི་བརྒྱུད་རིམ་ཤིག། 

 

བསམ་བློ་གཏོང་སྟངས་སམ་ཚིག་གི་སྦྱོར་སྟངས་བཅས་ནོར་ཡོད་ཤས་ཆེ། གང་ལྟར་འདི་འདྲ་ཞིག་མཛུབ་འོག་ནས་ཤོར་སོང་ལགས། ཞེས་ཐོ་ཐོ་ནས། ༢༡༠-༡༡-༡༠ ལ།

 

 

འདྲེ་ཐོ་ང་།

 

ཕ་མའི་ཐུགས་ན་འདྲེ་ལས་ལྷ་རུ་འདོད།། 

གྲོགས་དང་ན་ཟླའི་མིག་གིས་འདྲེར་མཐོང་ཡང་།། 

འདྲེ་ཐོ་ང་ནི་སྐྱེ་ཚུལ་མི་ཡི་ལུགས།། 

སེམས་ཀྱང་དམིགས་བསལ་མེད་ཅིང་མིའི་སེམས་ཉིད།།

 

གང་ལྟར་འདྲེ་དང་ལྷ་ལས་མི་གཤིས་གཙོ།། 

ཐ་སྙད་རྫིག་པོའི་ཚོགས་ལས་དོན་དངོས་གཙོ།། 

འདྲེ་ཐོ་འདྲེའམ་ལྷ་དང་མི་ཡིན་མིན།། 

འདྲེ་ཐོ་རང་གིས་ཀྱང་ནི་འགྲེལ་རྒྱུ་དཀའ།།

 

འདྲེ་མིང་ལྷ་མིང་གང་འདོད་འདོགས་སྤྲོ་བར།།

ཡོངས་གྲགས་མི་ཡི་གཤིས་ཀས་མ་བཅིངས་པའི།།

འདྲེ་ཐོ་ང་ནི་ཅུང་ཙམ་སྨྱོས་ཡོད་འདྲ།།

གང་ལྟར་རྒྱུན་ལྡན་ཞིག་ནི་མིན་པ་འདྲ།།

 

ཞེས་ཐོ་ཐོ་ངས་རང་ཉིད་བརྗོད་པ་ནི་འདི་འདྲ་ཞིག ༢༠༡༩-༡༡-༡༢ ལ།

 

ཞོགས་པ་བདེ་ལེགས།

 

ཞོགས་པའི་རླུང་ཡོངས་སྨན་དུ་གྱུར་བྱས་ཏེ།། 

གཟུགས་ཀྱི་ཕུང་བོའི་ཚོགས་སུ་བརྒྱབ་ནས་ཀྱང་།། 

ནད་དང་སྡུག་བསྔལ་བཅས་ནི་དག་པར་མཛོད།། 

དབུ་མར་མཐར་ཕྱིན་བར་དུ་གནས་པར་ཤོག།

 

ཅེས་འདྲེ་ཐོ་ཐོ་ནས། ༢༠༡༩ ལོའི་ཟླ་ ༡༡ ཚེས ༡༢ ལ།

 

ཁ་བའི་མིག་ཆུ་ལྷབ་ལྷབ་ཏུ་འབབ་པ།

 

ལྷབ་ལྷབ་འབབ་པའི་ཁ་བ་ཡི་མིག་ཆུ།།

མདེའུ་འགད་པའི་མེ་ལྕེ་ཡིས་བཞུས་སོང་།།

སེང་གེ་དཀར་མོའི་ལྷིང་འཇགས་ཀྱི་ཞིང་ཁམས།།

ཁྲག་རྒྱུན་དམར་པོའི་བཞུར་སྒྲ་དེས་དཀྲོགས་སོང་།།

 

ཁ་བའི་ལྗོངས་སུ་ལྷབ་ལྷབ་འབབ་པའི་ཁ་བ་ཡི་མིག་ཆུ།།

ཙི་ན་བ་ཡི་མདེའུ་འགད་པའི་མེ་ལྕེ་ཡིས་བཞུས་སོང་།།

ཚང་ན་ཉལ་བའི་སེང་གེ་དཀར་མོའི་ལྷིང་འཇཊ་ཀྱི་ཞིང་ཁམས།།

གཙང་བོར་གྲུབ་པའི་ཁྲག་རྒྱུན་དམར་པོའི་བཞུར་སྒྲ་དེས་དཀྲོགས་སོང་།། 

 

ཞེས་ཐོ་ཐོ་ནས།

དྲྭ་འབུ་འདྲེ་ཐོ་ངའི་སྐད་ཆ་འགའ་ཞིག

 

འདྲེ་ཐོ་ང་ལ་མཚོན་ན། དྲྭ་ཐོག་ནས་སམ། སྐད་འཕྲིན་ཚོགས་པ་མི་འདྲ་བའི་ནང་ནས། བོད་རིགས་སྤུན་ཟླ་དང་ཁ་བརྡའམ་བགྲོ་གླེང་བྱེད་སྐབས། མི་ཟེར་བ་དེ་ནི་ཚོར་ཤེས་རྣོན་པོ་ཞིག་གིས་གྲུབ་པའི་གཟུགས་ཅན་ཕུང་བོ་འགྱུར་བའི་རང་བཞིན་ཅན་ཞིག་ཡིན་པར་བསམས་ཤིང་། རང་གི་སེམས་ནང་དུ་མི་གཞན་པའི་བརྒྱུད་ནས་ཐོན་པའི་མི་མཛེས་པ་དང་མི་ལེགས་པའི་རྣམ་པ་དང་སྤྱོད་པ་རེད་འདོད་པ་དེ་དག་གི་རིགས་ལ་བཟོད་ཅི་ཐུབ་བཟོད་སྒོམ་བྱེད་རྒྱུར་འབད་རྒྱུ་གཙོ། འོན་ཀྱང་སྐབས་རེར་གནས་ལུགས་ཡོད་པའི་ཐོག་ནས་དང་ཁ་གསལ་བོའི་ངང་ནས་གཞན་གྱི་མི་ལེགས་པའི་ཚིག་རྩུབ་དང་སྤྱོད་པ་འཇིགས་སུ་རུང་བ་དེ་འདྲའི་རིགས་བསམ་ཚུལ་དང་ཐེ་ཇུས་ཀྱང་བྱེད་མི་ཆོག་པ་ཞིག་མ་རེད་འདོད། ཡིན་ནའང་། ང་རང་ལྟ་བུ་ཡིན་ན། ཧ་ལམ་བཟོད་ཀི་ཡོད་ལ་ཇུས་གཏོགས་ཟེེར་བ་དེའང་བྱེད་ཀི་མེད་ཅིང་། ཁ་བཙུམས་ནས་བསྡད་ཡོད། ཡོངས་གྲགས་སུ་བཤད་ཀི་ཡོད་པའི་སྤྱི་ཚོགས་ལ་འགན་ཁུར་གནང་མཁན་ཟེེར་བ་དེའི་ཁུངས་སུའང་གཏོགས་མེད་པའི་མི་བུ་ལྷག་མའམ་དོན་བྱེད་ཀྱི་ནུས་པ་ཉམས་པའི་མི་ཞིག་ཡིན་ས་རེད་ཅེས་ཚོད་དཔག་བྱས་ཀྱང་མི་འགྲིག་པ་ཅི་ཡང་ཡོད་རྒྱུ་མ་རེད་འདོད།

འོན་ཀྱང་། མི་རིགས་གཞན་པ་སྟེ། ལྷག་པར་དུ་ང་ཚོ་ལ་དབང་སྒྱུར་བྱེད་མཁན་གྱི་མི་རིགས་དེ་དག་ལས། སུ་ཞིག་གིས་ང་ཚོའི་རིགས་ལ་དམའ་འབེབ་དང་མཐོང་ཆུང་བྱེད་པ། ལོ་རྒྱུས་ལ་འཁྱོག་བཤད་དང་འཁྱོག་འགྲེལ་རྒྱག་པ་བཅས་ལ་རྩ་བ་ཉིད་ནས་བཟོད་སྒོམ་བྱེད་མི་ཐུབ་ལ། གང་ཐུབ་ཅི་ཐུབ་ཀྱིས་རྒོལ་ལན་སྤྲོད་རྒྱུའི་བསམ་པ་ཡོད་ཅིང་།

དྲྭ་ཐོག་བརྒྱུད་དེ་སྤྲད་མྱོང་ཡོད་སྲིད་དེ་མེད་མི་སྲིད་པ་ཞིག་མ་ཡིན་ནོ་ཞེས་ཞུ་འདོད་སོང་ལགས།

 

ཞེས་ཐོ་ཐོས། ༢༠༡༩།༡༡།༡༤ ལ།

 

 

 

 

ཅི་ཡང་མི་མཁོ།

 

ཁོང་ཚོས་ང་ཚོའི་གྲི་ཁ་དང་མདུང་རྩེ།

མདའ་གཞུའི་སྣེ་མོ་དང་རྟ་རྒོད་ཀྱི་རྨིག་འོག་ནས།

ཕམ་ཁ་ཁུར་མྱོང་ཡོད་ཅིང་། རྒྱལ་ས་ཀྱང་ཤོར་མྱོང་ཡོད།

 

ང་ཚོས་ཁོང་ཚོའི་བོའུ་སྐད་དང་འགད་རྫས་ཀྱི་ཁྲོད་ནས།

ཕམ་ཁ་ཉོས་ཤིང་རྒྱལ་ཁབ་ཀྱང་ཤོར་སོང་།

 

ད་ནི། ང་ཚོ་ལ་ཞི་བདེ་དང་རྒྱལ་ཁབ་ལས།

ཅི་ཡང་མི་མཁོ། གྲི་དང་མདུང་མི་མཁོ།

མེ་མདའ་དང་འགད་རྫས་མི་མཁོ།

ད་ནས་བཟུང་།  

ཁོར་ཡུག་ལ་བདེ་འཇགས་དང་།

ཚེ་སྲོག་ལ་བརྩི་མཐོང་ཡོད་ཕྱིར།

བྱམས་བརྩེ་དང་སྙིང་རྗེའི་ཕྱོགས་ནས།

ང་ཚོས་བདག་གཞན་མཉམ་བརྗེ་ཡི།

གཤིས་ཀ་རྩ་ཆེན་དེ་མུ་མཐུད་དུ་འཛིན་སྐྱོང་བྱེད་ཆོག 

 

འོན་ཀྱང་། འཚོ་གནས་ཀྱི་ཆ་ནས། 

ང་ཚོ་ནམ་རྒྱུན་དབུལ་བོ་བྱས་ནས།

ཡང་ན་ཉམས་ཆུང་བྱས་ནས་འདུག་མི་དགོས་པར།

ང་ཚོ་འགྲན་རྩོད་ཀྱི་ཁྲོམ་རར་ཞུགས་ཤིང་།

རང་ཉིད་རྒྱལ་བར། རང་ཉིད་བརྙས་བཅོས་ལས་ཐར་བར།

ང་ཚོ་ལ་བདག་འཛིན་དང་བདག་གཅེས་ཀྱི་ཚོར་བ་དྲག་པོ་མཁོ།

ང་ཚོས་བདག་འཛིན་ལ་བཀུར་ཏེ་རྒྱལ་འདོད་པ་དེ་ནི།

ང་ཚོས་ཞི་བདེ་དང་རང་དབང་བསམས་པས་ཡིན་ལ།

ང་ཚོར་བདེ་འཇགས་དང་ཐོབ་ཐང་དེ་དགོས་མཁོ་ཡོད་པས་སོ།

 

ཐོ་ཐོས། ༢༠༡༩།༡༡།༡༩

 

འདྲེ་ཐོ་གློ་བུར་དྲན་པའི་རྒྱུ་མཚན་ཅི།

 

ཚེ་འདིར་ལུས་འབྲེལ་ཐེངས་ཤིག་བྱེད་འདོད་སའི།།

འོད་དཀར་མ་ཡིས་འདྲེ་ཐོ་དྲན་དོན་ཅི།།

ཡུན་རིང་དུས་རིང་ཉིན་རིང་མཚན་རིང་ཁྲོད།།

མིག་ནས་སེམས་ནས་རྣ་ནས་འདྲེ་ང་གཡུགས།།

 

རྒྱ་མཚོར་འཐིམ་པའི་ཁྱེད་ཀྱི་རྨི་ལམ་དེར།།

རླུང་བུ་གཞོན་ནུའི་འདོད་པའི་ཚོར་བ་ཡིས།།

ཤུག་ཤུག་རེག་པས་ཁྱེད་ཉིད་དགའ་དྲག་སྟེ།།

མཉེན་པའི་མཛུབ་རྩེར་ཉི་མའི་དཀྱིལ་འཁོར་དྲངས།།

 

ཁྱེད་ཀྱི་སྒེག་ཉམས་རྒྱ་མཚོའི་འགྲམ་ན་ངོམ།།

ཉི་མའི་འཛུམ་མདངས་ཁྱེད་ཀྱི་མཛུབ་རྩེ་ནས།།

རྒྱང་རིང་གནས་པའི་འདྲེ་ཐོའི་སེམས་ལ་ཕོག།

རྒྱ་མཚོའི་འགྲམ་ནས་ཁྱེད་དང་འབྲེལ་ན་འདོད།།

 

ཅེས་འདྲེ་ཐོ་ཐོ་ནས་འོད་དཀར་མར་སྤྲིངས།། ༢༠༡༩།༡༡།༢༢

འདྲེ་ཐོ་ངས་སྙན་ངག་ལ་ལྟ་སྟངས།

 

ང་ཚོས་སྙན་ངག་འབྲི་སྐབས། མེ་ལོང་མ་ལ་གཞི་བཅོལ་དགོས་ཟེར་བ་དེ་ནི། བོད་རྣམས་ཀྱིས་རྒྱ་གར་བ་ཞིག་གིས་ལོ་མང་བོའི་སྔོན་དུ་བཤད་མྱོང་བའི་སྐད་ཆ་དེ་དག་ཇི་མ་ཇི་བཞིན་དུ་ལད་ཟློས་བྱོས་ཟེར་བ་དང་གཅིག་མཚུངས་ཤིག་རེད་འདོད། དེ་བཞིན་དུ་དེའི་ནང་གི་བརྗོད་དོན་ལ་སྦྱར་ཡོད་པའི་ཐ་སྙད་མང་བོ་ཞིག་ཀྱང་རྒྱ་གར་བའི་གནས་དང་སྒྲུང་གཏམ་སོགས་ཡིན་པ་འདིས་ཀྱང་། ང་ཚོ་བོད་མི་རིགས་ལ་རྒྱ་གར་བའི་ཆུ་ཐུངས། རྒྱ་གར་བའི་རྒྱན་ཆ་ཐོགས། རྒྱ་གར་བའི་སྒྲུང་གཏམ་ལ་ཉོན་ཞེས་སྐུལ་མ་བྱེད་ཀྱི་ཡོད་པ་དང་གཅིག་མཚུངས་ཤིག་རེད་འདོད།

 

སྙན་ངག་ཟེར་བ་ནི། མི་སྒེར་བ་ཞིག་གི་ཆེས་རྣོ་བའི་ཚོར་བ་དེ་ཉིད། ཕྱིའི་དངོས་པོ་དང་ནང་གི་སེམས་ལ་འབྲེལ་ཏེ་བྱུང་བའི་སེམས་ཚོར་དམར་རྗེན་རྗེན་མ་དེ་དག་ཡིན་ལ། དེ་དག་ངག་གི་སྒྱུ་རྩལ་དང་། ཐ་སྙད་ཀྱི་སྒྲིག་སྦྱོར་རམ། ཐ་སྙད་ཀྱིས་མཛེས་བཟོ་ལ་བརྟེན་ཏེ་ཡི་གེར་ཕབ་ཞིང་དོ་སྟོན་པ་དེ་ནི་སྙན་ངག་ཡིན་ནོ་ཞེས་འདྲེ་ཐོ་ངས་བཤད་ཡིན། བྲིས་ཡིན། 

 

གལ་སྲིད་བུད་མེད་ཀྱི་ལུས་པོ་དེ་ནི་སྙན་ངག་ཅིག་ཡིན་ཚེ། ཁྱེད་ཀྱི་ཚོར་བ་དེས་ཁོ་མོའི་ཕྱིའི་རྣམ་པ་ནས་ནང་གི་སེམས་དང་། ཕྱིའི་གྱོན་གོས་ནས་ནང་གི་གཅེར་པུའི་ལུས་བཅས་ལ་རེག་མ་ཐུབ་ཚེ། ཁྱེད་ཀྱི་སྙན་ངག་གི་རྣམ་ཤེས་དེ་བརླགས་ཚར་རེད། སྲོག་ཤིང་དེ་ཤི་ཚར་རེད་ཅེས་འདྲེ་ཐོ་ངས་བཤད་ཡིན།

 

སྤྱིར་ངས་བྲིས་པ་དག སྙན་ངག་ཡིན་མིན་མི་ཤེས། འོན་ཀྱང་སྙན་ངག་གི་ཆེད་དུ་སྙན་ངག་བྲིས་པ་ཞིག་མ་ཡིན་པར། སྙན་ངག་འབྲི་དབང་མེད་པས་དང་། སེམས་ཀྱི་ན་ཟུག་ཁག་གཅིག་སྙན་ངག་གི་ལམ་ནས་བསྟན་ཏེ། སྙན་ངག་གིས་ན་ཟུག་དེ་དག་ལ་སྨན་བཅོས་བྱེད་དགོས་པའི་དབངགིས། ངས་སྙན་ངག་རེད་འདོད་པའི་སྙན་ངག་དེ་དག་བྲིས་ཡིན། ང་སྙན་ངག་པར་གྱུར་ཉིན་ནས་ངའི་སེམས་ཀྱང་ནད་པར་ཆགས་འདུག སྙན་ངག་ནི་ངའི་སེམས་པར་ནད་བཅོས་དང་སྨན་བཅོས་བྱེད་མཁན་གྱི་སྨན་མོ་ཞིག

གང་ལྟར་ངས་སྙན་ངག་ལ་བཟུང་བའི་ལྟ་ཚུལ་ལམ་བསམ་ཚུལ་ནི་འདི་འདྲ་ཞིག་ཡིན་ལ། ནོར་ཡོད་སྲིད་རྒྱུ་རེད། འོན་ཀྱང་ང་ལ་མཚོན་འདི་ལྟར་ཡིན་ལ། དེ་ལྟར་འབྲི་བཞིན་ཡོད། སྙན་ངག་ཡིན་ཀྱང་མིན་ཀྱང་། དེ་ནི་ང་རང་གི་འབྲི་སྲོལ་ཞིག 

 

ང་ལ་མཚོན་ན། སྙན་ངག་གི་གཞུང་ཟེར་བ་ཅི་ཡང་མཁོ་དོན་མེད། ངས་ང་རང་གི་ཕ་སྐད་དམ་ཡང་ན་མ་སྐད་ཅེས་བཤད་ཀི་ཡོད་པའི་བོད་རང་གི་སྐད་དང་ཡི་གེ་གཉིས་ཡག་པོ་ཞིག་ཤེས་ན་ཆོག་འདོད་ཀི་ཡོད། གཙོ་བོ་དེ་ནི་མི་རང་གི་ཚོར་བ་དངོས་དེ་དང་། མི་གཞན་གྱི་ཚོར་བ་དེ་ཇི་ལྟ་བ་བཞིན་རང་གིས་ཚོར་ཐུབ་ཀི་ཡོད་པ་དེའི་རིགས་ཡིན། དེ་བཞིན་དུ་ཕྱིའི་དངོས་པོ་དེ་དག་རང་གིས་ཇི་ལྟར་ཚོར་བ་དེ་ལ་གཞན་གྱིས་ཤུགས་རྐྱེན་ཕོག་ཏུ་མ་བཅུག་པར་རང་གིས་སྐད་ཆ་བཤད་སྲོལ་དང་ཐ་སྙད་སྦྱོར་སྟངས་བེད་སྤྱད་དེ་ཡི་གེར་ཕབ་པ་དེ་ཡིན་འདུག་སྙམ།

 

གང་ལྟར་སྐད་ཆ་བཤད་སྟངས་ལ་གཞུང་ཞིག་དགོས་ཟེར་ན། རང་གི་སྐད་དང་ཡི་གེ ཚོར་བ་བཅས་བཙོན་འཇུག་བྱས་པ་དང་གཅིག་མཚུངས་ལྟ་བུར་ཆགས་ཀི་ཡོད་སྙམ། འདིའང་འདྲེ་ཐོ་ངའི་བསམ་ཚུལ་ཙམ་ཞིག ནོར་ཡོད་ན་ང་ནོར་བ་ཞིག་རེད། མཁས་པ་ནོར་བ་ཞིག་མ་རེད། སྙན་ངག་གི་མཁན་པོ་ཟེར་བའི་མི་ཞིག་ཀྱང་ནོར་བ་མ་རེད། སྙན་ངག་པ་རེད་དང་མ་རེད། ཡིན་དང་མིན་ཟེར་ཀི་ཡོད་པའི་འདྲེ་ཐོ་ང་རང་ནོར་བ་ཞིག་རེད། དེ་བས་འདྲེ་ཐོ་ང་ལྟ་བུའི་མི་ཆུང་ཆུང་། མཁས་པའང་མིན་པ་ཞིག ནོར་ཡོད་ཀྱང་འདིར་དགོངས་དག་ཞུ་མཁོ་དོན་ཆེན་པོ་མེད་པ་འདྲ། ཞུ་རྒྱུའང་མིན།  

 

ལྷག་པར་བོད་མི་རིགས་ཀྱིས་སྐད་ཆ་བཤད་སྟངས་དང་སྙན་ངག་འབྲི་སྟངས། མཐའ་གཅིག་ཏུ་རྒྱ་གར་བའི་ལད་ཟློས་བྱེད་དགོས་ཟེར་ན། དེ་བས་ཀྱང་ངོ་རྒོལ་ཡོད། དེ་བས་ཀྱང་དགོངས་དག་ཞུ་འདོད་མེད།

 

ཡང་གཅིག་བཤད་ན། སྙན་ངག་ཅེས་པ་ནི་ཇི་ལྟར་འབྲི་དགོས་ཞེ་ན། སྙན་ངག་གི་བརྗོད་བྱ་སྟེ། ཚོར་བ་འདྲ་མིན་སྣ་ཚོགས་ཀྱིས་ཁེངས་པའི་བུད་མེད་གཅེར་པུའི་ལུས་ལྟ་བུ་དེ་ལའམ། ལུས་ཡོངས་སུ་རྫོགས་པ་དང་། ལྷག་པར་དུ་མོ་མཚན་ཁའི་སྤུ་ཉག་རེ་རེའི་སྣེ་མོ་དང་སྤུ་གསེང་རེ་རེ་ལ། འདོད་པ་ལྟར་ཁྱེད་ཀྱི་ཚོར་བའི་མེ་ལྕེ་དེས་རེག་ཐུབ་པ་ཞིག་བྱེད་དགོས་ཤིང་། རེག་ཞོར་དུ་རེག་པའི་ཚོར་བ་དང་རེག་བྱའི་ཚོར་བ། མཐའ་མཇུག་གཉིས་ཀ་མཉམ་བསྡེབས་ཀྱི་ཚོར་བ་བཅས་རང་ལ་གོམས་པའི་ངག་གི་རྩལ་སྣ་ཚོགས་སྤྱད་དེ་ཐོན་པའི་སྐད་ཆ་དག་ཡི་གེར་འབྲི་དགོས་པ་ཞིག་རེད་འདོད། གང་ལྟར་ལྟ་སྟངས་དེ་འགྲིག་ན་ཆོག མ་འགྲིག་ཀྱང་ཆོག ངས་ནི་ཇི་ལྟར་ཚོར་ན་དང་ཇི་ལྟར་ཤར་ན། དེ་ལྟར་འབྲི་བཞིན་ཡོད་ལགས།

ཐོ་ཐོ་ནས། ༢༠༡༩།༡༡།༣༠ ལ།

 

ཆང་གིས་བཟི་བའི་མཚན་མོ།

 

ཆང་གིས་བཟི་བའི་མཚན་དེར།། 

ཆང་ཕོར་ཁ་ཡི་དབུ་བ།། 

ཁ་བའི་རི་བོར་འཁྲུལ་སོང་།། 

གངས་སེང་དྲན་དུ་བཅུག་སོང་།།

 

ཁ་བའི་ཁྲོད་ཀྱི་བོད་ཁམས།

ང་རང་ཕ་ས་ཕ་ཡུལ།

ཆུང་དུས་ཧེར་ལྭ་བསྐོན་ས།

མིག་ཁ་རྩིད་པས་འགེབས་ས།

 

ཕ་ཡུལ་ཐེངས་མང་དྲན་པའི།། 

བསགས་པའི་མིག་ཆུ་དྲོན་མོ།།

རྨི་ལམ་ནང་དུ་བཤད་པའི།། 

སེམས་གཏམ་ཁུར་པོར་བཅུག་ཡོད།།

 

ཐོ་ཐོས། ༢༠༡༩།༡༡།༣༠ ལ།

ལག་འཇུ།

 

ལག་འཇུ་དམ་པོ་དེ་ཉིད་ལྷོད་མ་འཇུག།

ཚིགས་ཇ་ཞིམ་པོ་དེ་ནི་མཉམ་འཐུང་བྱ།།

མེ་ཏོག་དམར་དམར་བཀྲ་བའི་འདབ་མའི་འོག།

ཁྱེད་ཀྱི་མཆུ་སྒྲོས་དམར་པོ་ང་ཡིས་འཇིབ།།

འཛུམ་གྱིས་སུས་དང་ངས་ཀྱང་འཛུམ་བསྟན་ཡོང་།།

འཛུམ་གྱི་མེ་ཏོག་བཞད་ཚེ་མི་ཡི་སེམས།།

མེ་ཏོག་ལྡུམ་རའི་ནང་བཞིན་དགའ་ལྷང་ལྷང་།།

འཛུམ་དང་མེ་ཏོག་བཀྲ་བ་འཇིག་རྟེན་རྒྱན།།

 

ཞེས་ཐོ་ཐོ་ནས། ༢༠༡༩-༡༢-༠༢ ལ།

 

བུད་མེད་ཀྱི་སྐྱོ་གླུ།

 

དགའ་རབས་དུང་རབས་བཤད་ཚེ་ངུ་ལ་ཁད།།

གཡབ་རབས་རྒྱག་རབས་བཤད་དུས་ངར་ངར་བྱེད།།

སྙིང་རྗེ་བསམས་ནས་ཐེངས་ཤིག་བཞོན་དུ་བཅུག།

ཐོག་ལ་མཆོངས་མ་ཐག་ཏུ་ཁུ་བ་ཤོར།།

 

ལུས་འབྲེལ་མ་བྱས་སྔོན་དུ་མདུང་བཞིན་མཁྲེགས།། 

བརླ་དང་ལྟེ་ཁུང་གཡས་གཡོན་བཙུགས་བྱས་ཚེ།། 

ཟུག་གཟེར་ཚབ་ཆེན་བཟོ་བའི་ནུས་པ་ལྡན།། 

འོན་ཀྱང་དངོས་སུ་འབྲེལ་ཚེ་བཀུམས་ནས་འགྲོ།། 

བལྟས་ན་ཤིན་ཏུ་རྫིག་ཅིང་འཇིགས་ཅན་ཞིག། 

འདོད་དང་དགའ་བའི་རྣམ་འགྱུར་མངོན་བྱས་ཚེ།།

བློ་ལ་ཤིན་ཏུ་འབབ་པའི་སྟག་ཤར་ཞིག། 

འོན་ཀྱང་དངོས་སུ་འབྲེལ་ཚེ་ལག་ཆ་སྐྱོ།།

 

དེ་དང་དེ་འདྲའི་ཕོ་གསར་ཨེ་ཡིན་ཀྱེ།།

ཡིན་ཚེ་བུ་མོ་ང་ལ་རྒྱང་སྐོར་བྱོས།།

སྨྲེ་སྔགས་ཤུབ་བུར་ཟློ་བའི་མཚན་མོ་རེའི།།

འཁྲུག་སྤྱོད་ལེགས་འགྲུབ་མིན་པར་ང་ནི་སུན།།

 

ཞེས་འདྲེ་ཐོ་ཐོ་ནས་ཚོམས་འདིའི་བུད་མེད་དག་གི་ཚབ་བྱས་ཏེ་སྐྱོ་གླུ་འདི་བླངས་པའོ། ༢༠༡༩།༡༢།༠༣ ལ།

 

 

འགྲོ་སོང་མེད་པའི་ཁྲིམས་ཁང་།

 

སྤྱིར་ནང་ཆོས་ཡིན་ཡང་ཆོག ཁ་ཆེ་བའི་ཆོས་ཡིན་ནའང་ཆོག ཁོང་ཚོས་དང་ཐོག་དམྱལ་བ་ཟེར་བའི་ཡུལ་འཇིགས་ཅན་ཞིག་ཡོད་ཅེས་མིའི་སྣང་ངོར་བསྐྲུན་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སྐབས་དེའི་མིའི་རིགས་ཀྱི་བསམ་བློའི་ཚད་དང་བསྟུན་ཏེ་བཟོས་པའི་བཅའ་ཁྲིམས་ལྟ་བུ་ཞིག་སྟེ།  སྐབས་དེའི་འཛམ་གླིང་གི་གནས་སྟངས་དང་ཚན་རིག རྒྱལ་ཁྲིམས་བཅས་ནི་དེང་སྐབས་བཞིན་ཡར་རྒྱས་དང་ཞིབ་ཕྲ་དེ་འདྲ་མེད་པས་ན།  མིའི་རིགས་ཀྱི་མི་ལེགས་པའི་བྱ་སྤྱོད་དང་། བྱ་སྤྱོད་དེ་དག་ལས་བྱུང་བའི་མཇུག་འབྲས་ཚབ་ཅན་བཅས་སྔོན་འགོག་བྱེད་པའི་ཡུལ་ཁྲིམས་དང་རྒྱལ་ཁྲིམས་ཀྱི་ཚབ་ཏུ། དམྱལ་བ་དང་དམྱལ་བའི་ཁམས་སམ་ཡུལ་ཞེས་པའི་མི་སེམས་ལ་ཁ་གཏད་པའི་བཅའ་ཁྲིམས་ལྟ་བུ་དེ་དག་བཟོས་པ་ཞིག་ཡིན་པར་མ་ཟད། ཁྲིམས་འགལ་བྱས་པའི་རིགས་ལ་དམྱལ་བའི་ཁམས་ཞེས་པའི་གཟུགས་མེད་ཀྱི་ཁྲིམས་ཁང་ཞིག་ཀྱང་བཟོས་པ་རེད་འདོད། མདོར་ན། དེང་སྐབས་ང་ཚོས་ཡོངས་གྲགས་སུ་བཤད་བསྡད་པའི་དམྱལ་བའམ་དམྱལ་བའི་ཁམས་ཞེས་པ་དེ་ནི། གདོད་མིའི་མི་དང་དེའི་རྗེས་སུ་བྱུང་བའི་གནའ་བོའི་མི་དག་གིས་སྐབས་དེའི་ཁོར་ཡུག་དང་མིའི་བསམ་བློའི་ཚད་དང་བསྟུན་ཏེ་བཟོས་པའི་བཅའ་ཁྲིམས་དང་། དངུལ་སྒོར་མང་བོས་འགྲོ་སོང་གཏོང་མི་དགོས་པའི་གཟུགས་མེད་ཀྱི་ཁྲིམས་ཁང་ཞིག་རེད་ཅེས་བཤད་འདོད་སོང་།

ཐོ་ཐོའི་བསམ་ཚུལ། ༢༠༡༩།༡༢།༠༤

 

 

ལྐོག་གསོད་པ། (Sniper)

 

ཤིན་ཏུ་རྒྱང་རིང་ནས། 

མདེའུ་གཅིག་གིས་དགྲ་བོ་གཅིག 

ཅུང་ཙམ་རིང་བ་ནས།

མདེའུ་གཅིག་གིས་དགྲ་བོ་གཉིས་དང་གསུམ། 

 

བོའུ་ཁ་གང་ནས་གྲགས་པ་མི་ཚོར་ཅིང་།།

མདེའུ་གང་ཕྱོགས་ཐོན་པ་ཚོར་མི་བཅུག།

སོ་ཁར་གཟིགས་ཙམ་བྱས་ཚེ་དགྲ་བོ་གང་།།

འཇིག་རྟེན་འདི་དང་མི་འབྲལ་གཅིག་ཀྱང་མེད།། 

 

རིང་ཡང་མི་རིང་ཐུང་ཡང་མི་ཐུང་ཞིང་།། 

ཕྲའང་མི་ཕྲ་སྦོམ་ཡང་མི་སྦོམ་པའི།། 

ཡ་གླིང་བུད་མེད་ཀུན་ལ་རན་པ་ཡི།། 

ཐོ་ཐོའི་མེ་མདའ་འདི་ལ་ངར་ཤུགས་ཆེ།། 

 

ཅེས་ (sniper) ཐོ་ཐོ་ནས། ༢༠༡༩-༡༢-༡༧ ལ།

 

མེ་ཏོག་གཟུགས།

 

གདོང་ན་ཉི་མར་དགའ་ཡིས་འཛུམ་མདངས་ངོམ།། 

སེམས་ན་ཡིད་བཞིན་ནོར་བུ་ཉི་མར་སྒོམ།། 

ཉི་མའི་གཉེན་གྱུར་སྟོན་པ་གཉིས་པའི་སྐུར།། 

མཆོད་ཕྱིར་རང་ཉིད་མེ་ཏོག་གཟུགས་སུ་སྣང་།། 

 

ཐོ་ཐོས། ༢༠༡༩-༡༢-༡༨ ལ།

 

མཛེས་མ་ཞིག

 

གདོང་ཐུམ་དར་ལྕོག་དཀར་པོ་དལ་གྱིས་གཡོ།།

ཟུར་མིག་རི་དྭགས་མིག་འདྲར་འོད་མདངས་འཚེར།།

ཟླ་བའི་དཀྱིལ་འཁོར་སྤྲིན་གྱིས་གཡོགས་པ་བཞིན།།

ཁྱེད་ཞལ་དངོས་སུ་མཐོང་བས་ཟླ་བ་བརྗེད།། 

 

ཐོ་ཐོས། ༢༠༡-༡༢-༢༢

 

ལས་འཕྲོ

 

ལས་མ་ཚར་བའི་ལས་འཕྲོ་ཞིག 

ལས་ཚར་བར་སྨོན་འདུན། 

 

ཁ་མ་ཚང་བའི་ཁྱིམ་ཐོ་ཞིག 

ཆ་ཚང་བར་རེ་སྒུག 

མི་ཚེའི་ཕྱེད་ཀ་སོང་ཚར། 

རྒྱལ་ཁམས་ཀྱི་ཕྱེད་ཀ་བརླགས་ཚར། 

 

རྨི་ལམ་གྱིས་ཀྱང་།

ལྷག་ཡོད་པའི་མི་ཚེའི་ཕྱེད་ཀ་དེའི་བརྒྱུད་རིམ་ཁྲོད་དུ། 

བརླགས་ཚར་བའི་རྒྱལ་ཁམས་ཀྱི་ཕྱེད་ཀ་དེ།

བསྐྱར་འཛུགས།

 

རྨི་ལམ་ནང་དུའང་།

ལྷག་པའི་ཕྱེད་ཀ་དེར་ཁ་གསུབ་དང་ཁ་སྐོང་།

 

ཐོ་ཐོས། ༢༠༡༩།༡༢།༢༢

 

གནམ་འོག་གི་བུད་མེད་ཡོད་དོ་ཅོག་ལ་འབུལ་བ་ཡིན།

 

བུད་མེད་སྡུག་བསྔལ་སྐྱེས་པས་ཤེས་ཀྱི་མེད།།

ཕ་མར་བྲལ་ཏེ་ཁྱེད་ཀྱི་ཆུང་མ་བྱས།།

ཁྱེད་ནི་ཁོ་མོའི་རྒྱན་དངུལ་ཡོད་ཚད་ཡིན།།

ཁྱེད་ཀྱིས་ཁོ་མོ་ཕམ་ཏུ་འཇུག་བཟོད་དམ།།

 

མནའ་མར་ཡོང་ནས་ཕ་མར་ཞབས་ཞུ་སྒྲུབ།།

བུ་དང་བུ་མོ་སྐྱེ་ཞོར་ནང་ལས་སྒྲུབ།།

དོན་གྱིས་བུད་མེད་ང་ལ་ཧམ་པ་ཆུང་།།

ཚེ་གཅིག་སྐྱ་ཡ་ཉན་ན་འགྲིག་གི་ཡོད།།

 

སྐྱེས་པ་རྣམས་ཀྱི་སེམས་ལ་ཉར་རྒྱུ་ཞིག།

ཁྱེད་ཚོས་རང་གི་ཆུང་མ་ངུ་མ་འཇུག།

འཚོ་ཕྱིར་དཀའ་ལས་རྒྱག་མཁན་ཆུང་མ་ལགས།།

ཆུང་མའི་སེམས་པ་ཁྱེད་ཚོས་མི་སྲེག་རོགས།།

 

འདྲེ་ཐོ་ཐོས་རྒྱ་ཡིག་ནས་ཚུར་བོད་ཡིག་ཏུ་བསྒྱུར་བ།

 

 

ཕམ་ཁའམ་རྒྱལ་ཁ།

 

ཕམ་པས་ངུས་མིན་ལ། ངུ་རྐྱེན་ཕན་པས་མིན། རྒྱལ་བས་འཛུམ་མེད་ལ། འཛུམ་རྐྱེན་རྒྱལ་བས་མིན།

ཕམ་ཁའི་ཁྲོད་ནས་བློ་སྐྱེད། རྒྱལ་ཁའི་བར་ནས་ཁེངས་ཆུང་།ཕམ་ཁ་དང་རྒྱལ་ཁ་གཉིས་ནི་རྒྱ་མ་གཅིག་ལ་བཏགས་པའི་རྒྱ་རྡོ་གཉིས་ཏེ། ཤིན་ཏུ་ནས་ཤིན་ཏུ་གཟབ་དགོས།འདི་ལས་ཕམ་ནའང་། དེ་ལས་རྒྱལ་ཡོད་སྲིད། དེ་ལས་རྒྱལ་ནའང་། འདི་ལས་ཕམ་ཡོད་སྲིད།  དེ་བས་ཕམ་པ་དང་རྒྱལ་བ་གཉིས་ནི་གཅིག་ལ་གཅིག་ལྟོས་ཀྱིས་གྲུབ་པའི་སྣང་ཚུལ་ཙམ་ཞིག རྒྱལ་བས་ང་རྒྱལ་ཡོད་མི་རུང་། ཕམ་པས་སེམས་ཤུགས་ཆགས་མི་ཉན།

ཐོ་ཐོས།

 

 

 

རྨུར་ཤེས་རབ་ལགས།

 

དགེན་ལགས། ཉེ་ལམ་ང་ལ་འོད་ཚང་ཞེས་པའི་སྙན་ངག་གི་དྲྭ་ཚོམ་ཞིག་ཡོད།    ཁྱེད་ཀྱི་དེའི་ནང་དུ་གསུང་བཤད་འགའ་གནང་རྒྱུའི་རེ་བ་ཧ་ཅང་ཡོད།

 

བདེ་མོ་ཡིན་ན།

ང་ནི་སྙན་ངག་པ་མིན། 

ངས་ནི་སྙན་ངག་མི་ཤེས། 

 

སྙན་ངག་གི་སྐོར་ནས། 

ང་ལ་ཅི་ཡང་མེད་ལ། 

གང་ཡང་ཡོད་མཁན་ཞིག་མིན། 

 

དེ་བས། 

ངའི་ཁ་ནས་ཐོན་མི་ཐུབ་པའི་ཚིག་ནི། 

སྙན་ངག་དང་འབྲེལ་པའི་དཔྱད་བརྗོད་ཀྱི་ཚིག་ཚོགས།  

 

ངའི་བསམ་བློ་རུ་མེད་པ་ནི།

ངས་སྙན་ངག་ཤེས་འདོད་པའི་ཚོར་བའི་ཕུང་བོ། 

 

ངས་ཚོར་གི་ཡོད་པ།

ངས་དྲན་གི་ཡོད་པ།

ངའི་ལྟེ་ཁྲག་འཐོར་ས།

ང་དང་སེམས་ཐག་ཉེ་ས།

ངའི་ལྟེ་ཐག་གཅོད་ས།

ད་ལྟ་ང་དང་བར་ཐག་རིང་སའི།

བོད། ཁ་བ་ཅན་དེ་ཡིན་འདུག་ལགས།

 

 

འོན་ཀྱང་། 

ངས་ནི་སྙན་ངག་མི་ཤེས་ལགས།

ངས། 

སྨྲེ་སྔགས་དང་བསྲེས་ཏེ་ཁ་བརྡ་བྱེད་འདོད་ས།

སེམས་ཤུགས་ཀྱིས་དེད་དེ་དཔའ་གཏམ་བསྒྲག་འདོད་ས་ནི།

འཇིགས་སྣང་ཞིག་གིས་བསྡམས་ཤིང་།

འཇིགས་སྐུལ་ཞིག་གིས་མནན་པའི།

ལྕགས་རི་དམར་པོ་དེ་ལས་གྲུབ་པའི།

ལྕགས་ཐག་དེའི་བར་ཁུག་རེ་རེ་དང་། 

ཨ་ལོང་རེ་རེའི་ནང་གི

ཁྲག་ཐིགས་ཀྱིས་གཡོགས་པའི།

ང་ཚོ། 

བོད་པ་ཚང་གི།

རྣམ་ཤེས་ཀྱི་ཚོགས་དེ་ཡིན་འདུག་ལགས།

 

འོན་ཀྱང་།

ངས་ནི་སྙན་ངག་མི་ཤེས་ལགས།

ཁྱེད་ཀྱིས་ཤེས་ཀྱང་།

སྨྱུག་རྩེ་དང་སྨྱུ་གུ་དེ་ནི།

ལྕགས་ཐག་གི་སྣེ་མོས་བསྡམས་ཡོད་རྐྱེན།

ཁྱེད་ཀྱིས་བྲིས་པ་ཡོད་དོ་ཅོག

འཁྱོགས་ནས་བུད་འགྲོ། 

མེད་ནས་བུད་འགྲོ།

 

མ་གཞི་ཁྱེད་ལ་གང་ཡང་འབྲི་དབང་མེད།

ཁྱེད་ནི་སྙན་ངག་གིས་ཁེངས་པའི་འགད་རྫས་ཤིག

ཁྱེད་ལ་སྙན་ངག་གི་མངལ་འཁོར་བ་ནས་བཟུང་།

ཁྱེད་ཀྱི་སྙན་ངག་ལ།

སྐྱེ་མི་ཆོག་པའི་ཁྲིམས་ཆད་ཕོག་ཡོད།

 

ལྕགས་རི་དམར་པོ་དེ་ལས་གྲུབ་པའི།

ལྕགས་ཐག་དེའི་སྣེ་མོ་ཞིག་གིས་བསྡམས་ཚར་ཡོད་ལ། 

ཨ་ལོང་ཞིག་གིས་ཀྱང་བཅིངས་ཚར་ཡོད།

འོན་ཀྱང་།

ང་ལ་རང་དབང་ཡོད་ཀྱང་།

ངས་ནི་སྙན་ངག་མི་ཤེས་པས་དང་།

ང་ནི་རྒྱང་ཐག་རིང་དྲག་པས།

ངའི་ཡོད་ཚད་ལ་ངར་ཤུགས་མེད།

ནུས་པའང་ཉམས་ནས་འགྲོ།

བརྩི་མཐོང་ཡང་བརླགས་ཚར་འདུག

 

ང་ནི་སྙན་ངག་མིན།

ངས་ནི་སྙན་ངག་མི་ཤེས།

ང་ནི་བཙན་དབང་འོག

གནས་མ་ཐུབ་པའི་བཙན་དབང་གིས་དེད་པའི།

སྙན་ངག་མི་ཤེས་པའི་བཙན་བྱོལ་བ་ཞིག

 

 

བྲིས་ཀྱང་།

ཕ་ས་དང་ཡུན་རིང་བྲལ་བས།

རྩམ་དྲི་དང་མར་དྲི་མི་བྲོ་བའི་དང་།

ཁྲག་དྲི་དང་ལ་ཞེན་གྱིས་སྟོང་ཞིང་།

འཁོན་ལན་དང་རྒྱལ་གསོ་དོར་བའི།

སྲོག་མེད་པའི་སྙན་ངག་གི་བེམ་པོ་ཞིག་ལས།

ངས་ནི་ཅི་ཡང་འབྲི་མི་ཤེས་པར་ཆགས།

 

ང་ནི་ཚར་འདུག

ཚར་འདུག

ཡིན་ནའང་།

ང་ཚར་བ་ནི་ང་ཁོ་ན་ཚར་བ་ཞིག

ངའི་དམིགས་འབེན།

ངའི་བསམ་ཚུལ། 

ངས་གདམས་པའི་ལམ།

མི་རབས་ནས་མི་རབས་བར།

མུ་མཐུད་དུ་གནས་སྲིད་ལ་འགྲུབ་ཀྱང་སྲིད།

 

ཐོ་ཐོས། ༢༠༡༩-༡༢-༢༨ ལ།

 

 

 

 

 

ཐོ་ཐོས་ཕ་ཡུལ་དུ་གྱེར་བའི་ལ་གཞས།

 

ཆུ་ཆེན་པོ་རྨ་ཆུའི་ཁ་རུ།།

ཤ་འདར་བའི་འཁྱགས་རོམ་ཆགས་དུས།།

དགུན་སྐྱ་རིང་རླུང་དམར་ཁྲོད་ཀྱི།།

རོགས་ཁྱེད་ཚོའི་སྐུ་གཟུགས་བདེའམ།།

 

རྫ་ཁྲ་ཡག་འབྲོང་གི་ཕོ་བྲང་རེད།།

སྤང་ཆེན་མོ་ནོར་གྱི་རྒྱལ་ཁམས་རེད།།

དེའི་བདག་པོ་གདོང་དམར་བོད་པ་རེད།།

བོའི་ཁྲ་རིང་ཁེབས་ནས་ལེན་རན་རེད།།

 

ཐོ་ཐོས།

 

 

དྲིན་ཅན་མ།

 

ད་ནི།

ཡུལ་འདི་ནས།

ལོ་ཐོ་ཁ་ཤས་ཤིག་འགོར་རྗེས།

རྒད་པོ་ང་ནི།

ལོ་རྒན་བརྒྱ་བཅུ་དགུ་བཅུའི་ནང་དུ།

གོམ་པ་སྤར་ཚར་པའི་རྒན་ཁོག་ཅིག་ཏུ་འགྱུར་སྲིད།

 

དུས་དེ་ལ་བསླེབས་ཚེ།

ངས་ངའི་ཕོ་མཚན་དེ་བཅད་ནས།

ང་རང་གི་ལག་རྟེན་བྱས་ཏེ།

གོམ་པ་ཁྱར་ཁྱོར་ཅིག་སྤོ་ཞོར།

ཁྱེད་ཡོད་སའི་ཁྱིམ་དེར་ཐོན་ཡོང་།

 

དེ་དུས།

ང་ལ་ཚིག་ཤོར་ཡོད་པ་ནང་བཞིན།

ཁྱེད་ཀྱིས་རང་གི་མོ་མཚན་དེ་ཉིད།

ང་ཉལ་སའི་གདན་དུ་ཐོངས་ཤོག

ཁྱེད་ཀྱི་བྲང་གི་ནུ་མ་གཉིས་ཀྱང་།

ང་ལ་སྔས་མགོ་བྱེད་དུ་ཆུགས།

དེ་དུས་དྲིན་ཅན་མ།

སྐུ་མཁྱེན་གསུང་མཁྱེན།

ཁྱེད་ཀྱི་ཕྱག་ལག་དང་སོར་མོ་དེ་དག་གིས།

ངའི་ལག་རྟེན་དམིགས་བསལ་བ་དེ་ལ།

གཡས་གཡོན་གང་རུང་ནས་སྐྱར་མ་རེ་རྒྱག་རོགས།

སྐུ་མཁྱེན་གསུང་མཁྱེན། དྲིན་ཅན་མ།

 

ཐོ་ཐོས། ༢༠༢༠།༠༡།༠༡

 

 

 

 

སྙིང་རྗེ།

 

བྱམས་དང་སྙིང་རྗེའི་བདག་པོ་ཡིན་ཞེས་འབོད།།

བྱམས་དང་སྙིང་རྗེའི་འབྱུང་གནས་རེད་ཅེས་བསྒྲགས།།

བྱམས་དང་སྙིང་རྗེས་བསྐྱང་བྱ་ཉམས་ཆུང་བ།།

བྱམས་དང་སྙིང་རྗེ་ཁུ་ཚུར་ཡིན་ནམ་ཀྱེ།།

 

རྐུན་མ་ཡིན་ཚེ་རྐུ་དོན་ཤེས་སམ་ཀྱེ།།

ཇག་པ་ཡིན་ཚེ་འཕྲོག་དོན་དྲིས་ཡོད་དམ།།

དྭ་ཕྲུག་ཡིན་མིན་རྒྱུས་ལོན་བྱས་ཡོད་དམ།།

རྒྱུ་མཚན་མེད་པའི་ཁྲིམས་འགལ་ཡོད་རེ་སྐན།།

 

ཉམས་ཆུང་མཐོང་བས་འཇིག་སྣང་མི་སྐྱེ་བར།།

དེ་མ་ཐག་ཏུ་ཁ་ཚུར་འགྱོག་རྐྱང་བྱེད།།

ལོ་མང་སྦྱངས་པའི་བྱམས་དང་སྙིང་རྗེ་བཅས།།

ཆོས་གོས་དམར་པོས་ཁྲག་གི་མདངས་ལ་བསྒྱུར།།

 

(དགོན་པའི་མདུན་སྒོ་ན་གྲྭ་བ་རྒན་པ་ཞིག་གི་བོད་མི་གཞོན་སྐྱེས་ཤིག་ལ་གཅར་རྡུང་བྱེད་ཀི་ཡོད་པ་མཐོང་བའི་སྣང་ཚུལ།)ཐོ་ཐོས། ༢༠༢༠།༠༡།༠༢

 

 

 

 

 

ང་དང་གཤེར་ཁུ་མ།

 

མཚན་འདིར།

ངས་ཁང་བའི་ནང་གི་གློག་ཡོད་ཚད་བསད།

 

ང་དང་སྙིང་ཉེ་བའི་དགའ་གྲོགས་སུ་ཆགས་ནས།

མི་ལོ་མང་བོ་འགྱངས་ཚར་བའི

འབྲུ་ལྔས་བསྡེབས་པའི་གཤེར་ཁུ་མ་ངེད་གཉིས།

ཁ་རོག་གེ

ངའི་ཁང་བའི་ནང་གི་སྒྲོན་མེ་ཞིག་གི་འོག་ཏུ།

མཉམ་དུ་སྙིང་གཏམ་སྨྲ་ཞོར།

མཆུ་གཉིས་ཕན་ཚུན་ལ་ཐེངས་མང་བོར་སྦྱར།

 

མཚན་འདི་ལ།

ངེད་གཉིས་གཉིད་མ་ཁུག་པར།

མདུན་ཅོག་དེའི་སྟེང་དང་འགྲམ་དུ།

མཚན་ཧྲིལ་བོར་བསྡད་ཡིན།

 

ངས་ཁོ་མོ་དང་ཡང་དང་བསྐྱར་དུ།

མཚན་ཧྲིལ་བོར་མཆུ་མང་བོ་སྦྱར་བས།

ངའི་ལུས་ཀྱི་རྩ་ཁམས་རེ་རེ།

འདོད་པའི་མེ་ལྕེ་ཡིས་བསྲེག་པ་བཞིན།

བཟོད་དཀའ་བའི་ཆགས་པ་དང་ཚ་བས་མནར།

 

ཆགས་པ་དང་ཚ་བས་བསྐྲུན་པའི།

རྔུལ་ནག་གི་ཐིགས་པ་དག

ངའི་ལག་མཐིལ་དུ་མཚེའུ་ཆུང་ཆུང་ཞིག་ཆགས།

 

སྣང་ངོར་ཉ་རྒན་པ་ཞིག

མཚེའུ་དེའི་ནང་དུ་ཕར་གཡོ་ཚུར་གཡོ་བྱེད།

 

ཐོ་ཐོས། ༢༠༢༠།༠༡།༠༧

 

རང་ཉིད་ངོས་ཟིན་པ།

 

དང་པོ་རང་གིས་རང་ཉིད་ཤེས་བཅུག་ཅིང་།།

གཉིས་པ་རང་གིས་རང་ཉིད་མཐོང་བཅུག་པ།།

གསུམ་པ་བདག་གཞན་མཉམ་བརྗེར་བསྒོམས་བྱས་ཚེ།།

ཁྱེད་དང་ངེད་གཉིས་བར་དུ་སྡང་སེམས་མེད།།

 

འཇིག་རྟེན་འདི་ལ་ཞི་བདེ་མཁོ་ཟེར་ན།།

ཐོག་མར་རང་ཉིད་ཞི་ཞིང་དུལ་བ་བྱོས།།

སྒེར་བ་རེ་རེ་ཞི་བདེའི་ས་བོན་ཏེ།།

ཞི་བདེའི་རྩ་བ་ཁྱེད་ཀྱི་བྱམས་སེམས་ལགས།།

 

མི་ཚེ་ཟེར་བར་ཚེ་ལོ་བརྒྱ་ལྷག་ལས།།

ཤིན་ཏུ་རིང་བོར་བཞུགས་མཁན་ཉུང་ཉུང་ལགས།།

འོན་ཀྱང་དེའང་རྨི་ལམ་ལྟ་བུ་ཞིག།

འཇིག་རྟེན་འདི་དང་བྲལ་ཚེ་ཡོད་ཚད་ཚར།།

རྨི་ལམ་ལྟ་བུའི་མི་ཚེའི་རྒྱུད་རིམ་ཁྲོད།།

ཀུན་གྱིས་འདོད་ཀི་ཡོད་པ་བདེ་སྐྱིད་ལགས།།

ཇི་ལྟར་བདེ་ན་སྐྱིད་ན་ཁེ་སང་ཞིག།

ཇི་འདྲའི་སྡུག་པོ་མྱངས་ན་ཕམ་ཁ་ཞིག།

 

སྒེར་བ་གཅིག་རེ་སྐྱིད་ཀྱང་སྐྱིད་ནི་རེད།།

རུ་སྡེ་གཅིག་རེ་སྐྱིད་ན་ཐོབ་ནི་རེད།།

རྒྱལ་ཁམས་ཡོངས་སུ་སྐྱིད་པའི་སྔ་རོལ་དུ།།

འགའ་རེས་སྡུག་པོ་མྱང་བ་ཆོས་ཉིད་ཅིག།

 

འོན་ཀྱང་རང་གིས་རང་ཉིད་རྟོགས་བྱས་ཚེ།།

རང་གིས་སྡུག་པོ་མྱང་ན་མི་འདོད་བཞིན།།

གཞན་ལ་སྡུག་བསྔལ་བསྐྲུན་རྒྱུར་སྤྲོ་མི་བྱ།།

རྒྱལ་ཁམས་ཞི་བདེ་ཡིན་ན་གོ་ལ་བརྟན།།

 

ཞེས་ཐོ་ཐོས། ༢༠༢༠༠༡༡༨ ལ།

 

གཉིས་ཕན།

 

དང་པོ་འབྱུང་ལྔས་གྲུབ་པའི་ལུས་རྟེན་དེར།།

ཕྱི་ཡི་འབྱུང་བ་ལས་གྲུབ་འཇིག་རྟེན་ཉིད།།

འོད་དང་རླུང་དུ་བསྒོམས་ཤིང་འདྲེན་བྱས་ཏེ།།

ལུས་ལ་ཆད་ལྷག་མེད་པར་སྙོམ་སྒྲིག་མཛོད།།

 

དེ་ནས་ཡིད་དེས་གང་ལ་ཕན་འདོད་པར།།

ས་ཆུ་མེ་རླུང་བཅས་ལས་གང་མཁོ་བ།།

ཉི་མའི་འོད་དུ་བསྡེབས་ཤིང་སྒོམ་ལམ་ནས།།

སྐྱབས་སུ་འཛིན་མཁན་དེ་ལ་གནང་བར་མཛོད།།

 

ཞེས་ཐོ་ཐོས། ༢༠༢༠༠༡༡༩ ལ།

 

ཁོང་ཁྲོ།

 

མེ་ལྕེ་ལྟ་བུའི་ཁོང་ཁྲོ།།

འབར་ས་རང་གི་སེམས་སྟེང་།།

བསྲེག་རྒྱུ་རང་གི་སེམས་པ།།

སྡུག་པོ་མྱོང་མཁན་རང་ཉིད།།

ཐོ་ཐོས། ༢༠༢༠-༠༡-༡༩

 

རྨི་ལམ།

 

ང་ནི་རྨི་ལམ་ཡིན་ན།། 

ཁྱེད་ཀྱིས་རུམ་རྒྱུ་ཨེ་ཡིན།།

ཟུར་མདས་ང་ལ་ཕོངས་དང་།།

བསད་ཀྱང་འཆི་ས་ཁྱེད་རུམ།།

 

ཐོ་ཐོས།

 

 

ད་ཚང་གི་ཨ་ལགས་དྭངས་ཟིལ་ལགས།།

 

སྐུ་ནི་འབངས་ཀྱིས་བཀུར་བ་སྤྲུལ་བའི་སྐུ།།

གསུང་ནི་ཤིན་ཏུ་དྭངས་པ་ཟིལ་བའི་ཚོགས།།

ཐུགས་ནི་ཟིལ་བ་འཛིན་པའི་མེ་ཏོག་འབྲུ།།

ཨ་ལགས་འདི་མོ་ང་ཚོའི་ཚོམས་ན་བཞུགས།། 

 

་ལགས་ཁྱེད་ལ་ང་ནི་ཤིན་ཏུ་དུང།།

ཨ་ལགས་འདི་མོ་ཡོད་ན་ང་ལ་ཤོད།།

འདི་འདྲའི་ཨ་ལགས་མ་ཧཱ་ཚོམས་ན་བཞུགས།།

ཨ་ལགས་ཁྱེད་ནི་སྤྲུལ་སྐུའི་མཆོག་ཏུ་བཀུར།།

 

ཐོ་ཐོས། ༢༠༢༠།༠༡།༢༢

 

སྐད་འབོད།

 

ཁྲོམ་རམ་ཕུ།ཁྱེད་ལ་ཅི་ཞིག་མཁོ།

ང་ལ་མཁོ་བ་ནི།

ངའི་མི་ཚེའི་ནང་ལ་ཞི་བདེ།

 

ཨཙརྡུ། ཁྱེད་ལ་མཁོ་བ་ནི་ཅི་ཞིག

ངར་མཁོ་བ་ནི།

མི་སུ་ཞིག་ཀྱང་འཆི་མི་དགོས་པ།

བྷོའུཊེན། ཁྱེད་ལ་མཁོ་བ་ནི་གང་།

ང་རང་ལ་མཁོ་བ་ནི།

འཇིག་རྟེན་འདི་འོད་འཚེར་འཚེར།

 

ཁྭེམ། ཁྱེད་ཀྱིས་ཅི་ཞིག་མཁོ་ན་འདོད་ཀྱི་ཡོད།

མི་བུ་ང་ལ་མཁོ་བ་ཁོ་ན་ནི།

མི་ཡོངས་སུ་རྫོགས་པ་འཛུམ་དམུལ་དམུལ།

 

མི་ཚེ་ནི་ཧ་ཅང་གི་ཐུང་ཐུང་ཞིག

བྱམས་བརྩེ་ནི་དོན་དངོས་ཀྱི་རྫོགས་རྒྱུ་མེད་པ་ཞིག

སུ་གང་ལའང་དབང་སོང་བ་ཅི་ཡང་མེད།

 

ང་ཚོས་ཅི་ཕྱིར་འབད་ཀྱི་མེད།

འཛམ་གླིང་འདི་ཇེ་ལེགས་སུ་གཏོང་རྒྱུར།

མི་ཡོད་ཚད་ཀྱི་ཆེད་དུ།

ཁྱེད་ཀྱིས་འབད་ཀྱི་ཡོད་དམ།

 

ཞྭེས། ཁྱེད་ལ་མཁོ་བ་ནི་གང་།

ང་རང་ལ་མཁོ་བ་ནི།

འགྲོ་བ་མིའི་རིགས་ཡོངས་མཉམ་འབྲེལ་ཡོང་བ།

 

དཔོན་པོ་ཚོ།

ཁྱེད་ཚོས་ཅི་ཞིག་བསམ་གི་ཡོད།

ཅི་ཞིག་ཁྱེར་ཡོང་ན་འདོད་ཀྱི་ཡོད།

འཆི་དུས་ཅི་ཞིག་ཁྱེར་ནས་འགྲོ་ན་འདོད་ཀྱི་ཡོད།

བྱམས་བརྩེ།

རོགས་རམ།

འགྲོ་བ་ཡོངས་ལ།

རྒྱུ་མཚན་ང་ཚོ་ནི་འཛམ་གླིང་གཅིག་གི་ནང་མི།

 

མི་ཚེ་ནི་ཧ་ཅང་གི་ཐུང་ཐུང་ཞིག

བྱམས་བརྩེ་ནི་དོན་དངོས་ཀྱི་རྫོགས་རྒྱུ་མེད་པ་ཞིག

སུ་གང་ལའང་དབང་སོང་བ་ཅི་ཡང་མེད།

 

ང་ཚོས་ཅི་ཕྱིར་མི་ཡོད་དོ་ཅོག་གི་ཆེད།

འཛམ་གླིང་འདི་ཇེ་ལེགས་སུ་གཏོང་རྒྱུར།

འབད་འབུང་བྱེད་ཀྱི་མེད།

ཁྱེད་ཀྱིས་འབད་ཀྱི་ཡོད་དམ།

 

དཔོན་པོ་ཚོ།

ཅི་ཞིག་བྱེད་ན་འདོད་ཀྱི་ཡོད།

ང་ལ་མཁོ་བ་ནི།

འགྲོ་བ་མིའི་རིགས་ཡོངས་གཅིག་སྒྲིལ་ཡོང་བ།

 

རོགས་གཅེས་ཚོ།

ཅི་ཞིག་ལ་བསམ་བློ་གཏོང་གི་ཡོད།

ཅི་ཞིག་འཁྱེར་ན་དང་གཞག་ན་འདོད་ཀྱི་ཡོད།

ཁྱེད་ཉིད་འཆི་ཁ་དེ་ལ།

 

སྒྱུར་མཁན་འདྲེ་ཐོ་ཐོ། ༢༠༢༠༠༡༢༣ ལ།

 

ལོ་སར་བཟང་།

 

འདས་པའི་ལོ་རྒྱུས་ཇི་ལྟར་ངོ་མཚར་ཆེ་ཡང་རུང་།། 

ཡང་ན་དེ་ལ་ཕངས་སེམས་ཇི་འདྲ་སྐྱེས་ཀྱང་རུང་།། 

ཁྱེད་དང་ང་ལ་དབང་བ་སྐབས་འདིའི་སྐད་ཅིག་ཙམ།། 

སྐད་ཅིག་རྗེས་དེ་མི་རྟག་ཁྲོད་ན་ལྐོག་གྱུར་ཅིག།  

 

ཐོ་ཐོས། ༢༠༢༠༠༡༢༥ ལ།

 

འདོད་རྔམསས།

 

ཚན་རྩལ་ལས་གྲུབ་ནམ་མཁར་འཕུར་བའི་གནམ་གྲུ་དང་ནི་མེ་ཤུགས་འཕུར་མདའ་བཅས།། 

ཟ་བར་འདོད་ཀྱང་ཟས་སུ་མིན་པས་མགོ་བོ་བསྲིངས་ནས་ནམ་མཁར་ལྟ་བཞིན་པའི།། 

འདོད་རྔམས་ཆེ་བའི་རྒྱ་རིགས་དེ་ཚོས་ཟས་ཕྱིར་ཉམས་ཆུང་ཚེ་སྲོག་སྣ་མང་འཇོམས།། 

གཞན་གྱི་སྲོག་གིས་རང་གི་ཚེ་ཐག་རིང་དུ་གཏོང་ཕྱིར་དམྱལ་བའི་ཁྲོམ་ན་འཁྱམ།།

 

༢༠༢༠།༠༡།༣༡

 

ནམ་ཞིག་འཆི་སྲིད་པས་ན་འཆི་ས་དེ་ལའང་བསམ་བློ་ཕྲན་བུ་ཙམ་རེ་གཏོང་དགོས་ཆགས།

 

ང་འཆི་ས་དེ།

བོད་ཁམས་ཡིན་ཐུབ་བམ། 

ང་བསྐྱར་དུའང་།

མིའི་གཟུགས་སུ་སྐྱེ་སྲིད་དམ།

ལུས་རྟེན་དེ།

ཐེངས་འདི་ལ་བཞིན།

བོད་མི་ཞིག་གི་སྐྱེ་སྲིད་དམ།

གལ་ཏེ་སྲིད་པའི་དབང་དུ་བཏང་ན།

ཡུལ་གང་ཞིག་ཏུ་སྐྱེའམ།

དེ་ནས་ཡང་།

ཡུལ་གང་ཞིག་ནས་འཆིའམ།

 

བོད། བོད་ཁམས་ན་ཡོད།

བོད། ཕྱི་རྒྱལ་ཁག་ནའང་ཡོད།

དེ་ནི་ད་ལྟའི་བོད་མིའི་གནས་སྟངས་ཤིག

མ་འོངས་པར་ཡང་།

དེ་བཞིན་ཡིན་ནམ།

འདི་ལྟར་ཁ་འཐོར་ངང་མུ་མཐུད་དུ་གནས་སྲིད་དམ།

 

ཐེངས་འདིའི་ལུས་རྟེན་འདི།

བོད་སྐད་དང་བོད་ཡིག་གཉིས་ཆ་ཤེས་པའི་བོད་མི་ཞིག་ཏུ་སྐྱེས་ཡོད་མོད།

ཐེངས་གཞུག་མར་བོད་མི་ཞིག་ཏུ་སྐྱེས་ཀྱང་།

ད་ལྟ་བཞིན་བོད་སྐད་དང་བོད་ཡིག་ཤེས་མིན་འཆད་རྒྱུ་དཀའ།

 

བོད་ཡིན་ན་བོད་སྐད་ཤེས་དགོས་པ།

བོད་ཡིག་སྦྱང་དགོས་པ།

བོད་ཆས་གྱོན་དགོས་པ།

བོད་ཟས་ཟ་དགོས་པ་ཞིག་ཡིན་དགོས་མོད།

འོན་ཀྱང་སུས་ཤེས།

མ་འོངས་པའི་ང་ནི་དེ་འདྲ་ཞིག་ཏུ་སྐྱེ་རྒྱུ་ཡིན་མིན།

ཧ་ཅང་གི་ལྐོག་གྱུར་ཅིག

ཤིན་ཏུ་ནས་བསམ་བློ་གཏོང་དགོས་སའི་དོན་ཆེན་ཞིག

 

གང་ལྟར། 

ཐེངས་འདིར་བོད་མི་ཞིག་ཏུ་སྐྱེས་ཡོད་ཀྱང་།

བོད་ཁམས་ནས་འདུག་རྒྱུའི་ལས་དབང་ཟད་དུ་བཅུག

འབྲོག་མོ་ཞིག་གི་རུམ་ནས་ཉལ་ཏེ།

འདི་ནི་ངའི་ཆུང་མ་རེད་ཟེར་བའི་སྐད་ཆ་དེ་འདྲ་རེ་བཤད་ན་འདོད་ཀྱང་།

ཆུང་མ་སྔ་གཞུག་གཉིས་ནི།

མི་རིགས་གཞན་ཡིན་སོང་།

 

ཞེས་འདྲེ་ཐོ་ཐོ་ནས། ༢༠༢༠༠༢༠༡ ལ།

 

 

 

གློ་ཚད་འཇའ་ཡལ་མ།

 

ཤིན་ཏུ་མཛེས་པ་སྣང་ངོར་བསྐྲུན་བྱེད་པའི།། 

ཁ་དོག་སྣ་ཚོགས་བསྡེབས་པའི་འཇའ་ཚོན་དེ།། 

འཇིགས་རུང་ནད་དུག་མིང་དུ་སྦྱར་བྱས་ཏེ།། 

གློ་ཚད་འཇའ་ཡལ་མ་ཞེས་འདོགས་དོན་ཅི།། 

 

ཤིན་ཏུ་གདུག་སྤྱོད་བགྱི་བར་ཡ་ང་མེད།། 

འབའ་འབུ་བྱ་བྱེའུ་ཟ་བར་འཚེར་སྣང་མེད།། 

མི་གསོད་མི་ཟ་མེད་པའི་རིགས་དེ་ལ།། 

གཤིན་རྗེའི་ཡུལ་ནས་འཇལ་ལེན་བཏང་མིན་ནམ།། 

 

བསད་ནས་ཟོས་ཟོས་ཚང་མར་བུ་ལོན་ཆད།། 

གསོན་པོར་བསྲེགས་པ་ཡོངས་ལ་བུ་ལོན་ཆད།། 

མ་ཤུ་བརྔོས་པ་ཀུན་ལ་བུ་ལོན་ཆད།། 

ཐེངས་འདིའི་ནད་དུག་བུ་ལོན་འཇལ་བ་ཙམ།། 

 

ངེད་ཅག་ཁ་བའི་ལྗོངས་སུ་རེ་འགའ་ཞིག།

ནད་དུག་ཕྱི་ལ་མངོན་པའི་ནད་པར་གྱུར།།

དེ་དག་ཁྱིམ་མཚེས་ཚང་གིསལེགས་སྐྱེསཤིག།

ལེགས་སྐྱེས་དེ་འདྲ་མ་གནང་ཁྱིམ་མཚེས་ལགས།།

 

ཡང་གཅིག་བཤད་ན་དེ་དག་འགད་རྫས་བཞིན།།

ཁྱིམ་མཚེས་ཡུལ་ནས་བོད་ལ་ལྷུང་བ་ཞིག།

འགའ་རེས་བསམས་ན་འདོད་ཀྱིས་འཕངས་པ་ཞིག།

གང་ལྟར་ད་དུང་བོད་རྣམས་བདེ་ཐང་ཡིན།།

 

གདུག་པའི་རྒྱུ་རྐྱེནན་བོད་མིས་བསགས་ཉུང་རྐྱེན།།

དུག་གི་འབྲས་བུ་འབྱུང་བར་འབྲེལ་སའི་ཡུལ།།

བོད་མི་རེ་རེའི་ལུས་ན་ཉུང་བ་འདྲ།།

བསམ་ན་བོད་རྣམས་ཐེངས་འདིར་ཉེན་ཁ་ཆུང་།།

 

ཡིན་ཡང་རོགས་པ་རོགས་གཅེས་ལོ་ལོ་ཚོ།།

ཐེངས་འདིའི་ནད་དུག་ཧ་ཅང་ཛ་དྲག་བཤད།།

ཚན་རིག་ལྟར་དུ་རང་སྲུང་མཛད་རོགས་གནང་།།

རང་ཁྱིམ་དྲོན་མོའི་ནང་དུ་བཞུགས་རོགས་ཞུ།།

 

ཞེས་འདྲེ་ཐོ་ཐོ་ནས། ༢༠༢༠༡།༠༢ ལ།

 

 

རྒྱ་མི་རིགས་ཀྱི་སྨན་པ་ཞིག

 

ངས་ཀྱང་དེ་རིང་འདིར། ལྷ་རྗེ་ཁྱེད་ལ་ངེད་ཅག་བོད་པ་ཚང་གི་ཤིན་ཏུ་གཙང་ཞིང་རྫས་ངན་ཅི་ཡང་བསྲེས་མེད་པའི་འབྲི་མར་དཀར་སེར་ལས་ཐོན་པའི་མཆོད་མེ་ཞིག་གིས་སྐྱེལ་མ་བྱེད་ལགས། ལྷ་རྗེ་ཁྱེད་དང་ཁྱེད་ལྟ་བུའི་ནད་དུག་གིས་ཚེ་སྲོག་འཕྲོགས་པ་དག ཐེངས་གཞུག་མར་ནད་ཡམས་མེད་པའི་རྒྱལ་ཁབ་ཞིག་ཏུ་སྐྱེ་བར་སྨོན་དང་། འབའ་འབུ་བྱ་བྱེའུ་དང་ཕ་ཝང་། སྦྲུལ་ཤ། ཞི་མིའི་ཤ་དང་ཁྱི་ཤ་སོགས་མི་ཟ་བའི་རྒྱལ་ཁབ་ཡ་རབས་ཤིག་ཏུ་སྐྱེ་བར་སྨོན་ལགས། 

 

ཞེས་ཐོ་ཐོ་ནས། ༢༠༢༠-༠༢-༧

 

རྨ་དུག་ལྕེ་གླེང་བ།

 

རྨ་དུག་གི་ལྕེ་ནི་བོད་ཁམས་ཀྱི་དུག་སྣ་ཚོགས་ཤིག་གཙང་སེལ་བཟོ་བའི་ནུས་པ་ལྡན་པའི་ལྕེ་ཁྱད་པར་བ། ལྕེ་མཆོག་ཏུ་གྱུར་བ། ལྕེ་དྲང་མོ་མདའ་ནང་བཞིན་ཞིག་རེད་ཅེས་བོད་པ་ཚང་གི་གཞོན་སྐྱེས་ཁྲི་ཁྲི་འབུམ་འབུམ་གྱིས་གླེང་གི་ཡོད་པ་ཞིག་རེད། འགའ་ཞིག་གི་འཁྱོག་པོ་དང་ལྕེ་རྫུན་ལྟར་མ་ཡིན་པར། བོད་མི་རིགས་ཀྱི་ལྕེ་ཁོ་ན་ཞིག་ཡིན་ནོ་ཞེས་བསྔགས་བརྗོད་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག 

 

བོད་མི་འགའ་རེར་མཚོན་ན་དུག་ལྕེར་འདོད།།

བོད་པའི་ཤེས་ལྡན་ཚོགས་ཀྱིས་སྨན་ལྕེར་འདོད།། 

གང་ལྟར་རྨ་ཁས་གཡོགས་པའི་རྨ་དུག་ལ།། 

བོད་པའི་ཕོ་རྒོད་གཅིག་གི་ཁྱད་ཆོས་ལྡན།། 

 

ཞེས་དྲོད་ཐོ་ནས། ༢༠༢༠༠༢༢༠ ལ།

 

མཆོད་མེ་དང་རླུང་དམར།

 

མི་རྟག་མི་ཚེ་འདི་ནི་མཆོད་མེད་མེ་ཞིག།

འབར་ནས་ཚར་རྒྱུ་ཡིན་པ་ཤ་སྟག་ཅིག།

རྐྱེན་དང་རླུང་གིས་བསད་པ་གང་མང་ཞིག།

གང་ལྟར་འཆི་བར་སྤྲོ་བ་སུ་གང་མེད།།

 

མི་རྟག་མི་ཚེ་འདི་ལ་བར་ཆད་མང་།།

སྐྱེས་བའི་ཉིན་ནས་སྦར་བའི་མཆོད་མེ་ཞིག།

འབར་བའི་ཁྲོད་ནས་འཁྱོག་ཏུ་མི་འགྲོ་བར།།

ཤིན་ཏུ་དྲང་མོའི་ངང་ནས་འབར་བར་སྨོན།།

 

དྲག་པོའི་རླུང་དམར་མཆོད་མེ་ཀུན་གྱི་དགྲ།།

འབྲི་མར་སེར་པོ་མཆོད་མེ་ཀུན་གྱི་སྲོག།

ལྷ་སའི་ཇོ་བོའི་ཐུགས་སྲས་མཆོད་མེ་དེར།།

མདོ་དབུས་ཁམས་ནས་འོ་མས་མཆོད་འབུལ་མཛོད།།

 

འདྲེ་ཐོས། ༢༠༢༠༠༢༢༣ ལ།

 

མཆོད་རྟེན་དཀར་པོ།

 

མཆོད་རྟེན་དཀར་པོ་ཡོད་ས་བོད་ཀྱི་ས།།

རི་ཁ་རི་སྟོད་རི་སྨད་བོད་ཀྱི་ས།།

ས་དགྲ་མེ་དགྲ་ཀླུ་དགྲ་དམག་དགྲ་བཅས།།

མཆོད་རྟེན་རེ་རེའི་འོག་ན་བཙན་པོར་འདུད།།

 

ཐོ་ཐོས།

 

འཇིགས་སུ་རུང་བའི་དགྲ།

 

ན་ནིང་ལོ་དེའི་ལོ་མཇུག་ནས། །

ད་ལོའི་ལོ་འདི་འགོ་བཙུགས་ནས། །

ཁ་ང་དེ་རིང་འཛམ་གླིང་ཀུན། །

འཇིགས་སའི་དགྲ་དེ་དགྲ་ལས་བྱུང་། །

 

དེ་འདྲའི་དགྲ་བོ་ཀུན་གྱི་དགྲ། །

ཀུན་ལ་འཚེ་བ་བྱེད་པའི་དགྲ། །

ཀུན་གྱིས་ཚར་གཅོད་བྱེད་འདོད་དགྲ། །

དགྲ་ཟུང་གང་ཡིན་ཀུན་ལ་གསལ། །

གཉེན་དུ་འདོད་ན་རང་ལ་འཚེ། །

ཡིད་ཆེས་བྱས་ཚེ་རང་ཉིད་ཕམ། །

རོགས་སྐྱོར་བྱས་ཀྱང་ངོ་སོ་མེད། །

དགྲ་བོ་དེ་གཉིས་ཕམ་པར་རྒྱོབས། །

 

དགྲ་བོ་དེ་ནི་ནད་ཡམས་དེ། །

དགྲ་བོ་དེ་ནི་ནད་ཡམས་བཞིན། །

ཀུན་གྱིས་ལུས་ལ་དུག་སེལ་བྱོས། །

ཀུན་གྱིས་བསམ་བློར་གཙང་སེལ་བྱོས། །

 

ཐོ་ཐོས། ༢༠༢༠།༠༣།༢༣ ལ།

 

སེར་ཆེན།

 

ཤིན་ཏུ་སྒེག་ཉམས་ལྡན་པའི་ཁྱེད་སྐུ་མེ་ཏོག་སེར་ཆེན་ལ།། 

སེར་པོ་གསེར་ལས་འཕྲོས་པའི་འོད་ཀྱི་གུར་ཁང་ཞིག་ཕུབ་སྟེ།། 

ལྷ་དང་ལྷ་མོའི་ཚོགས་ཀྱིས་གསེར་དང་དངུལ་གྱི་བུམ་པ་ལས།། 

སྨན་ཆུའི་ཐིགས་པ་འབབ་པར་ཐོ་ཐོ་ངས་ནི་སྒོམ་ཡོད་ཀྱེ།།     

ཐོ་ཐོས། ༢༠༢༠།༠༤།༠༧

 

དྲི་བ་ཞིག

 

རིགས་རུས་རྒྱ་མོ་ཡིན་ཡང་།།

གར་སྟབས་ལྷ་མོའི་ལྷག་རེད།།

བོད་ཀྱི་ལྷ་མོ་དེ་དག །

རྒྱ་མིར་ཤོར་བ་མིན་ནམ།།

 ཐོ་ཐོས།

 

མུན་ནག་ནང་གི་མིག

 

འོད་མདངས་ཁྲོད་དུ་བདག་གིས་མིག་ཟུང་གིས།། 

མཐོང་བ་ཇི་ཙམ་གསལ་ཡང་མིག་མདུན་ཙམ།། 

མུན་པའི་ཁྲོད་དུ་མིག་ཀྱང་མུན་ནའང་།། 

ཡིད་དང་སྦྱར་ཚེ་འཇིག་རྟེན་ཀུན་ཡང་མཐོང་།།

 

ཐོ་ཐོས།

 

མིའི་རིགས་དང་དུད་འགྲོ་སེམས་ཅན་བར་འདྲ་མཉམ་ཆིངས་ཡིག

 

ནམ་ཞིག་ང་ཚོ་མིའི་རིགས་དང་སེམས་ཅན་གཞན་པའི་བར་དུ་འདྲ་མཉམ་གྱི་ལྟ་སྟངས་ཤིག་བྱུང་ཚེ། ད་གཟོད་འཛམ་གླིང་འདིའམ་སའི་གོ་ལ་འདིའི་ཚེ་ཐག་ཇེ་རིང་དུ་འགྲོ་སྲིད་པ་ཞིག་རེད་འདོད་ཀྱི་ཡོད་དང་། མིའི་སྤྱི་ཚོགས་ཀྱི་བདེ་ཐང་ཡང་ཇེ་བཟང་དུ་འགྲོ་སྲིད་པ་ཞིག་རེད་འདོད་ཀྱི་ཡོད། ང་ཚོའི་འཇིག་རྟེན་འདི་དང་། འཇིག་རྟེན་འདིའི་སྟེང་དུ་འཚོ་སྡོད་བྱས་ཡོད་པའི་སྲོག་ཆགས་ཡོད་དོ་ཅོ་ནི་གཅིག་ལ་གཅིག་རྟེན་དུ་གནས་ཡོད་པ་ཞིག་ཡིན་པས་ན། གལ་མི་ཆེ་བའི་སྲོག་ཆགས་གཅིག་ཀྱང་མེད་ལ། སྲོག་ཆགས་ཀུན་གྱིས་སོ་སོའི་ཐད་ན་སའི་གོ་ལ་འདི་ཡག་པོ་ཞིག་གནས་ཐུབ་པར་ནུས་པ་ཆེ་འབྲིང་ཆུང་གསུམ་ཐོན་གི་ཡོད། 

 

དེ་རིང་ནས་བཟུང་། ངས་འཇིག་རྟེན་གོ་ལ་འདིའི་སྟེང་གི་དུད་འགྲོའམ་མི་མ་ཡིན་པའི་འགྲོ་བ་སེམས་ཅན་ཡོངས་ཀྱི་མགྲིན་ཚབ་བྱས་ཏེ། ང་ཚོ་དུད་འགྲོ་སེམས་ཅན་དང་ཁྱེད་ཚོ་མིའི་རིགས་གཉིས་ནས་མཉམ་དུ་ལོངས་སྤྱོད་བྱེད་ཀྱི་ཡོད་པའི་འཇིག་རྟེན་གོ་ལ་འདིར་གནས་སྡོད་བྱས་ཡོད་པའི་ང་ཚོ་དུད་འགྲོ་སེམས་ཅན་དང་ཁྱེད་ཚོ་མིའི་རིགས་གཉིས་ཀྱི་བར་དུ། འདྲ་མཉམ་གྱི་ཆིངས་ཡིག་ཅིག་གཏན་འབེབས་བྱ་རྒྱུ་ཡིན་ལ། དེ་ལ་ཕན་ཚུན་གཉིས་ཀྱི་ཕྱོགས་ནས་མིང་རྟགས་བཀོད་དེ། སྔར་བྱུང་མ་མྱོང་བའི་ཆིངས་ཡིག་འདིའི་ནང་དོན་ཡོངས་སུ་རྫོགས་པ་གཅིག་ཀྱང་ཆད་བརླག་དང་སྦ་གསང་མེད་པར། འཛམ་གླིང་ཡོངས་སུ་གསར་འགོད་གསལ་བསྒྲགས་སྤེལ་དགོས་ལ། སྤེལ་རྒྱུ་ཡིན།

 

མིའི་རིགས་ཀྱི་ཕྱོགས་ནས།

 

གཅིག

ཁྱེད་ཚོ་འགྲོ་བ་མིའི་རིགས་དེས། གང་འདོད་དུ་ང་ཚོ་དུད་འགྲོའི་རིགས་དེ་གསོད་རྒྱུ་མིན་ཞེས་ཁས་ལེན་བྱེད་དགོས། དམ་བཅའ་འཇོག་དགོས། ཆིངས་ཡིག་འདིའི་སྟེང་དུ་མིང་རྟགས་འགོད་དགོས།

འོན་ཀྱང་ཟས་དང་སྨན་ཕྱིར་རམ། ཡང་ན་དགོས་མཁོ་ཤིན་ཏུ་ཆེ་བ་གཞིར་གཞག་གི་ཐོག ཁྱེད་ཚོ་འགྲོ་བ་མིའི་རིགས་ལ་དམིགས་བསལ་ཡོད། འོན་ཀྱང་དེ་ལ་དམིགས་བསལ་གྱི་ཆོག་མཆན་ཞིག བླ་མ་གང་རུང་། དཔོན་པོ་གང་རུང་། དགོན་སྡེ་གང་རུང་། ལས་ཁུངས་གང་རུང་ཞིག་ནས་ཡིག་ཆ་ཚད་ལྡན་གྱིས་རྒྱབ་སྐྱོར་དང་འགྲེལ་བཤད་གནང་དགོས། ཡིག་ཆ་དེའི་རིགས་མེད་ཚེ། ཁྱེད་ཚོ་མིའི་རིགས་ཀྱིས། ང་ཚོ་དུད་འགྲོ་རིགས་ཀྱི་སེམས་ཅན་གཅིག་ཀྱང་གསོད་མི་ཆོག

 

གཉིས། 

གསོད་སྟངས་ལ་གསོན་སྲེག་གམ་གསོན་གསོན་དྲོན་དྲོན་དུ་མེས་སྲེག་མི་ཆོག ཆུ་ཁོལ་ཚ་བོའི་ནང་དུ་གསོན་པར་བཙོ་མི་ཆོག གསོན་གསོན་དྲོན་དྲོན་དུ་སླ་ང་ཚ་བོའི་ནང་དུ་བརྔོ་མི་ཆོག 

ཁྲིམས་འདིའི་རིགས་ལ་འགལ་མཁན་ཡོད་ཚེ། དང་པོ་ནས་རྒྱལ་སྤྱིའི་ཁྲིམས་ལ་འགལ་བའམ། རྒྱལ་སྤྱིའི་ཁྲིམས་དེ་རྡོག་རྫིས་བཏང་བར་ངོས་འཛིན་བྱས་ཏེ། ཁྲིམས་ཆད་ལྗིད་པོ་གཅོད་དགོས། དཔལ་འབྱོར་གྱི་ཆད་པའང་ལྗིད་པོ་བཅད་དེ། ཁྲིམས་ལ་འགལ་མཁན་དེས་གང་བསྲེགས་པའམ། གང་བཙོས་པ། ཡང་ན་གང་བརྔོས་པ་དེའི་རིགས་ཀྱི་དུད་འགྲོ་སེམས་ཅན་གྲངས་འབོར་བརྒྱ་ཡན་ཆོད་ནས་སྟོང་དང་ཁྲི་བར་དུ། ཚེ་ཐར་ལ་གཏོང་དགོས། ཁྲིམས་འདི་ལ་འཇིག་རྟེན་འདིའི་སྟེང་གི་མིའམ་ཚོགས་པ་སུ་ཞིག་གིས་ཀྱང་འགྱུར་བ་གཏོང་མི་ཆོག 

 

དུད་འགྲོ་ཐོ་ཐོས། ༢༠༢༠-༠༤-༠༢ ལ།

 

འབྲོག་ཕྲུག་སྐལ་བྷེ་ལགས།

 

འབྲོག་པའི་བོད་སྐད་རྒྱ་སྐད་ཀྱིས་ཁྱེར་སོང་།། 

ཁྱེར་ནས་སོང་བ་རྒྱ་གྲོང་ནས་གཡུགས་སོང་།།

འཁྱེར་སའི་ཡུལ་ན་རྒྱ་སྐད་ནི་ཐག་ཐག།

འབྲོག་ཕྲུག་སྐལ་བྷེས་དེ་དག་ནི་མ་བཟོད།།  

 

འབྲོག་སྡེའི་བོད་ཡིག་རྒྱ་གྲོང་གིས་ཁྲིད་སོང་།། 

ཁྲིད་ནས་སོང་བ་མུན་ནག་ཏུ་བཅུག་སོང་།།

འཁྲིད་སའི་ཡུལ་ན་རྒྱ་ཡིག་ནི་རྒྱལ་པོ།།

འབྲོག་ཕྲུག་སྐལ་བྷེས་དེ་དག་ནི་མ་བཟོད།།  

 

འབྲོག་མིའི་འབྲོག་ལས་འབྲོག་ས་ན་རླག་བཞིན།།

འབྲོག་པའི་གནས་སྟངས་ལོ་རེ་ལས་ཇེ་སྡུག།

འབྲོག་སའི་འབྲོག་ཁྱིམ་ཟླ་རེ་ལས་ཇེ་ཉུང་།།

འབྲོག་ཕྲུག་སྐལ་བྷེས་དེ་དག་ནི་མ་བཟོད།།  

 

ཐོ་ཐོས། ༢༠༢༠།༠༤།༡༩

མོག་མོག

 

བོད་དང་ཁ་ཐག་རིང་ཡང་།།

ཆུང་དུས་ཟོས་པའི་མོག་མོག།

ཞེ་མཐུན་རོགས་ལོ་ཇི་བཞིན།།

ལུས་སེམས་གཉིས་ལ་སྦྲེལ་འདུག།

 

མོག་མོག་ཟ་ས་གཞན་ཡུལ།།

སེམས་ལ་འཆར་རྒྱུ་བོད་ཡུལ།།

བོད་ལ་ལོག་རྒྱུ་བྱུང་ན།།

གཡག་ཤའི་མོག་མོག་ཟ་ཆོག།

 

བོད་ཟས་གཙང་མ་ཟོས་ནས།།

བོད་སྐད་གཙང་མ་བཤད་ཞོར།།

བོད་དུ་སྡོད་ཐབས་ཡོད་ན།།

ཕྱི་ཡུལ་འགྲིམ་དགོས་མི་འདུག།

 

ཅེས་ཐོ་ཐོས། ༢༠༢༠།༠༤།༢༡

 

སྟག་ཤར་སྐུ་ཚེ་རིང་དགོས།

 

རི་ལུང་ཁ་བས་བཀབ་དུས།།

ལུག་ཁྱུ་ཁ་བར་འཕྲུལ་སོང་།།

ལུག་རྫི་གཞོན་ནུའི་བཤུག་གླུས།།

ཁ་བའི་འདབ་མ་གཏོར་སོང་།།

མེ་ཏོག་ཁ་བས་མནན་དུས།།

གཡུ་སྦྲང་གནས་མེད་ཆགས་སོང་།།

ཁ་བས་མནན་པའི་མེ་ཏོག།

སེམས་པ་འཕྲེང་ས་གཡུ་སྦྲང་།།

 

གཡང་དཀར་ལུག་གི་འབའ་སྒྲས།།

སྦྲ་ནག་གྲུབ་བཞིའི་ནང་གི།

ཨ་མའི་པང་གི་བུ་ཕྲུག།

རྨི་ལམ་ནང་དུ་ཁྲིད་སོང་།།

 

ཅང་ཤེས་རྟ་ཕོའི་འཚེར་སྐད།།

སྟག་ཤར་གཞོན་ནུའི་རྣ་བར།།

དཔུང་ལ་འཇུག་པའི་དམག་བརྡ།།

སྟག་ཤར་སྐུ་ཚེ་རིང་དགོས།།

 

ནག་མོ་ནོར་གྱི་ངུས་སྒྲས།།

ཨ་མའི་རྨི་ལམ་དཀྲོགས་སོང་།།

འབྲོག་ཁྱིའི་ཟུག་སྐད་ཁྲོད་ན།།

བཞོ་ཟོ་འོ་མས་ཁེངས་བཞིན།།

 

རི་ལུང་ལྗང་ཁའི་གྱུར་ན།།

ཁུ་བྱུག་མགྲིན་གླུ་སྙན་མོས།།

མེ་ཏོག་འཛུམ་ཏུ་འཇུག་ཡོང་།།

གཡུ་སྦྲང་སེམས་པ་སྐྱིད་ཡོང་་།།

 

ཐོ་ཐོས། ༢༠༢༠།༠༤།༢༥

ངའི་སྙིང་སྡུག་མ།

    

དགའ་ལོ་མ། 

    ཁྱེད་རང་དང་ཁ་མ་བྲལ་གོང་། 

    ང་ཁྱེད་རང་གི་སེམས་ནང་དུ་འཁྲིད་རོགས།

    ང་ལ་གཡས་གཡོན་གང་ཞིག་ནས།

    ས་ཆ་སྟོང་བ་ཞིག་འཇོག་རོགས། 

 

    དེ་ནས་ 

    དུས་ནམ་ཡང་ང་ནི་ཁྱོད་ཀྱི་འགྲམ་དུ་འདུག་ངེས་། 

    དེ་ནས་བཟུང་

ངས་ཀྱང་སེམས་ཁྲལ་བྱེད་མི་དགོས་པ་ནི། 

    ཁྱེད་ཉིད་ངའི་འགྲམ་འདི་ནས་བརླག་མི་འགྲོ་བ་དང་། 

    ངའི་བརྩེ་བ་དེའང་ཁྱོད་ཀྱི་རྣམ་ཤེས་ནས་སྤོ་མི་འགྲོ་བའོ། 

 

    ངས་སྨོན་ལམ་འདེབས་། 

    ཁྱེད་ལ་ལམ་ཡང་བདེ་བར་སྨོན།

    བར་ཆད་ཅི་ཡང་མེད་པར་སྨོན།

 

    ང་སེམས་གཏིང་ནས་ཁྱོད་ལ་དགའ་། 

    ངའི་སྙིང་སྡུག་མ། 

 

    བྲལ་བ་ནི་འཚོལ་ཞིབ་ཞིག

    དེས་ཁྱེད་རང་མུན་འཐོམས་དང་རྨོངས་གཉིད་ལས་གྲོལ་ཡོང་། 

    དེས་ཀྱང་སྐྱུག་བྲོ་བ་དང་ཐ་ཤལ་བའི་འདུ་ཤེས་ཀྱི་འཆིང་རྒྱར་ཚུད་པའི་ཁྱེད་ཉིད་ལ་ཐར་བ་གནང་ཡོང་། 

 

    དེ་ནས་ 

    ཡོད་ཚད་ཁྱེད་རང་ལ་རག་ལས་ཡོད་། 

    གལ་ཏེ་དོར་སོང་བ་ནི་ད་ལྟའི་རང་ཉིད་དེ་ཡིན་ཚེ།

    དེ་ནི་ཁྱོད་ཀྱིས་རང་ཉིད་གཞན་ཞིག་བརྙེད་བྱུང་བའི་རྟགས་མཚན་རེད། 

 

    གལ་ཏེ་ཁྱེད་ཀྱིས་། 

    རང་གི་སྐོར་དེ་མང་ཞིག་རྟོགས་ཡོང་ཚེ།

     དེ་ནི་ནང་སེམས་ཀྱི་རང་ཉིད་ལ་མཇལ་བའི་ལམ་ཀ་ཞིག་ཐོབ་ཟིན། 

 

    མི་དེ་ཚོས།

    ཁོ་དང་ཁོ་མོ་རང་ཉིད་ལ་དེ་བས་རྒྱུས་མངའ་ཡོད་སྐབས། 

    འཚོ་བ་དང་འཆི་བ་ནི་ལྷག་ཏུ་སླ་མོར་འགྱུར་སྲིད། 

    

ངའི་སྙིང་གི་དགའ་ལོ་མ། 

     ཁྱེད་རང་གིས་ཧ་གོ་གི་ཡོད་དམ། 

 

    དེ་རིང་ཞོགས་པ་། 

    ང་ནི་བསམ་གཞིགས་ཤིག་གི་ཁྲོད་དུ་ཡོད། 

 

    ངས་ངའི་ནང་སེམས་ཀྱི་འཇིག་རྟེན་ལ་ཡང་ཡང་བལྟས་ཡིན།

    དེ་ནས་ངས་ཧ་གོ་སོང་། 

    ཁྱོད་མེད་སོང་བ་ན། 

    ང་ལ་ཅི་ཡང་མེད། 

 

ཐོ་ཐོ་རང་གིས་རྒྱ་ཡིག་ནས་བྲིས་པ་དེ་བོད་ཡིག་ཏུ་བསྒྱུར་པ། ༢༠༢༠༠༥༠༦ ལ།

 

གཙང་བོ་དང་ཐོ་ཐོ།

 

གཙང་བོ་གཡས་ལ་འཁོར་འཁོར།། 

ང་ནི་གཡས་སུ་འཁོར་འགྲོ།། 

གཡོན་པའི་འདྲེ་ལག་འདི་ཉིད།། 

རེ་ཞིག་བསྐུམས་ནས་གཞག་ཆོག། 

 

འབངས་ཤུགས་གཙང་བོ་ཇི་བཞིན།། 

ང་ནི་མེ་ཏོག་དཀར་པོ།། 

གཙང་བོ་གཡས་སུ་འཁོར་དུས།། 

མེ་ཏོག་གཡས་སུ་ཁྱེར་འགྲོ།། 

 

གཙང་བོའི་བཞིར་རྒྱུན་རིང་མོ།། 

འབབ་ཆུ་མང་བོས་བསྐྲུན་ཡིན།། 

གཡང་གཟར་མེད་པའི་ལམ་ཞིག། 

བཙལ་རུང་བརྙེད་རྒྱུ་དཀའ་མོ།།

 

ཐོ་ཐོས་བྲིས།

 

 

མེ་ཏོག་པདྨ་དང་ཕྱེ་མ་ལེབ།

 

ཤིན་ཏུ་ཆགས་པའི་མཚན་འདིར།།

གཡས་གཡོན་བརླ་ཤའི་བར་གྱི།།

དམར་པོའི་ཁྲག་ཐིགས་རོལ་བའི།།

གཙང་ཁེབས་ཡིན་ན་བསམ་བྱུང་།།

 

ཞོགས་པའི་ཉི་རྩེ་བརྒྱབ་དུས།།

བརླ་ཤ་གཡས་གཡོན་མ་གཏོགས།།

སྟེང་གི་ཁྲག་ཐིགས་མཐོང་མེད།།

པདྨའི་མེ་ཏོག་ཡག་འདུག།

 

སང་ཉིན་མཚན་མོའི་དུས་དེར།།

མཚོ་ཁའི་ཕྱེ་མ་ལེབ་ཁྱོད།།

གཞན་ལ་འཕུར་རྒྱུ་ཨེ་ཡིན།།

མཚེའུ་ང་ལ་དབང་ཆུགས།།

 

འདྲེ་ཐོ་ཐོས། ༢༠༢༠-༠༥-༡༦ ལ།

 

ཁྱེད་ཉིད་གང་ན་ཡོད། གང་ན་བཞུགས།

 

ཐེངས་འདིའི།

སྐབས་འདིར།

ང་ཚོའི་རྒྱལ་ཁབ་ཀྱིས་ཀྱང་།

པུས་མོ་གཉིས་ས་ལ་བཙུགས་ནས།

མགོ་བོ་བསྒུར་ཏེ།

ཁོང་ཁྲོ་ལེན་ཞོར།

ཡིད་ཐང་ཆད་ཞོར།

སྡུག་བསྔལ་གྱིས་མནར་བཞིན།

རྨས་ཕོག་པའི་ལུས་པོའི་སྟེང་ནས།

ཁྲག་གི་ཐིགས་པ་འཛར་ཞོར་དུ།

ལག་པ་གཉིས་བརྐྱངས་ནས།

ཞུ་བ་དང་རེ་བསྐུལ་ཕུལ་དོན་ནི།

ཁྱེད་ཀྱི་རྣ་བ་དེས་གསན་རོགས་ཞེས།

འཆད་འདོད་པ་གཅིག་པོའམ།

ཞུ་འདོད་པ་ཁོ་ནའོ།

 

རེ་བསྐུལ་བྱེད་ཀྱི་ཡོད་པ་དང་།

ཞུ་འབོད་བྱེད་ཀྱི་ཡོད་པ།

སྨོན་ལམ་རྒྱག་གི་ཡོད་པ་བཅས་ནི།

ནམ་ཞིག་འགྱུར་བ་ཡག་པོ་ཞིག་ཡོང་ཕྱིར་རམ།

འགྱུར་བ་དེ་བཟང་བོ་ཞིག་གཏོང་བའི་ཆེད་དུའོ།

 

ང་ཚོའི་བྱམས་བརྩེ་ལྡན་པའི་གཙོ་འཛིན་ནམ།

ང་ཚོ་ལ་སྙིང་རྗེ་སྒོམ་མཁན་གྱི་དཔོན་ཆེན་མི་སྣ་དག

ཡང་ན་ང་ཚོ་ཞུ་བའི་ངང་སྐྱོང་མཁན་གྱི་འགོ་ཁྲིད་རྣམ་པ།

ཁྱེད་དང་ཁྱེད་ཚོ་གང་ན་ཡོད།

གང་ན་བཞུགས་ལགས།

སུ་ཞིག

ང་ཚོའི་རྒྱལ་ཁབ་འདིའི་མདུན་དུ་ལངས་ནས།

རྒྱལ་ཁབ་འདིའི་ཆེད་དུ།

ནུས་ཤུགས་ཡོད་ཚད་གཏོང་གི་ཡོད།

ཡང་ན་བཏང་མྱོང་ཡོད།

 

སུ་ཞིག་གིས།

པུས་མོ་གཉིས་ས་ལ་བཙུགས་ནས།

ལག་པ་གཉིས་བརྐྱངས་ཏེ།

ཁྱེད་ཉིད་ཡར་ལ་བཞེངས་ཤོག

ང་དང་མཉམ་དུ་ཡར་ལ་བཞེངས་ཤོག

རྒྱུ་མཚན་ངས་ཁྱེད་ཀྱི་འདུན་པ་དང་།

དམིགས་ཡུལ་བཅས་རྟོགས་སོང་།

ངས་ཐོས་སོང་།

ངས་ཁྱེད་ཀྱི་སྐད་ཆ་ལ་ཉན་གི་ཡོད་ལགས།

ཞེས་བརྗོད་སོང་།

ཞེས་རྗོད་ཀི་ཡོད་ལགས།

 

ངས་ཁྱོད་ཚོར་ཁག་ཐེག་བྱས་ཡིན།

ངས་ངའི་ནུས་པ་ཡོད་ཚད་འདོན་ངེས་ཡིན།

ང་འཆི་རག་བར་དུ།

འཆི་ཁའི་ཉིན་མོ་དེའི།

ཆེས་མཐའ་མཇུག་གི་སྲོག་རྩའམ་དབུགས་ཐེངས་དེ་ཆད་རག་བར་དུ།

ངས་བསྒྲུབ་དགོས་པ་དང་།

བསྒྲུབ་ཐུབ་པའི་བྱ་བ་ཡོངས།

དགོས་མཁོ་ལྟར་དུ་བསྒྲུབ་རྒྱུ་ཡིན་ལ།

འགྱུར་བ་ཡག་པོ་ཞིག་ཡོང་ཕྱིར།

འགྱུར་བ་གསར་པ་ཞིག་བསྐྲུན་ཕྱིར།

མི་དང་མིའི་བར་དུ་འདྲ་མཉམ་ཅན་དང་།

འདྲ་མཉམ་དེ་རྒྱུན་ལྡན་ཞིག་ཏུ་ཆགས་ཕྱིར།

ངས་ངའི་ནུས་པ་ཡོད་ཚད་གཏོང་གི་ཡིན།

རྒྱུ་མཚན་ནི།

དེ་དག་ཡོད་ཚད།

མི་ནག་ཚོའི་འཚོ་བ་དང་ཚེ་སྲོག་ལ་འབྲེལ་ཡོད་དང་།

དེ་ནི་ཧ་ཅང་གི་གལ་ཆེན་དང་།

བརྩི་སྲུང་བྱེད་དགོས་པ་ཞིག་ཡིན་ནོ།

 

ཐོ་ཐོས་བསྒྱུར། ༢༠༢༠།༠༦།༠༧

 

ཁ་བ་ཅན་གྱི་སྒྲོན་མེ།

 

སྤྲིན་པ་ནག་པོ་གནམ་ན་འཁྲིགས།།

མུན་པ་ནག་པོ་ས་ན་འཁྲིགས།།

སྲིད་ཇུས་ནག་པོ་བོད་ན་འཁྲིགས།།

སེམས་པ་ནག་པོ་ཡིད་ན་འཁྲིགས།།

དེ་དག་འཇོམས་པའི་སྒྲོན་མེའི་འོད།།

ཁྱེད་སྐུར་ནད་མེད་ཚེ་རིང་ཤོག།

 

འདྲེ་ཐོས།

 

འཆི་རྒྱུར་སྐྲག་པའི་འདྲེ་ཐོ།

 

འཇིག་རྟེན་འཁོར་བ་ཟེར་བའི་བྲེལ་ཚུབ་ཁྲོད།།

མི་ལུས་རིན་ཆེན་ཟེར་ཡང་དེ་ཙམ་ཞིག།

མི་ཚེ་ཐུང་ཐུང་རླུང་ནང་མར་མེ་འདི།།

བསྒྲོན་ནས་ཚར་རག་བར་དུ་གནས་རྒྱུ་དཀའ།།

 

 

ཤམ་ཐབས་དམར་པོ།

 

ཤམ་ཐབས་རླུང་གིས་གཡོ་བ་རྒྱ་སེ་མེ་ཏོག་དམར་པོའི་འདབ་མའི་འོག།

གཡའ་ཆུས་ཤིན་ཏུ་བརླན་པ་དྲི་ཞིམ་ལྡན་པའི་ཡིད་འཕྲོག་མཚེའུ་ནང་།།

གསེར་ཉ་ཐོ་ཐོ་ལྷོད་ཀྱིས་རྐྱལ་ཞིང་གྱེན་དུ་གཟེངས་པའི་མགོ་བོ་དེ།།

གངས་རི་ལྟ་བུའི་མྱོས་བུམ་ཟུང་ལ་རེས་མོས་ངང་ནས་གཏུག་ན་འདོད།།

 

ཐོ་ཐོས། ༢༠༢༠།༠༦།༠༤

 

མདེའུ་གཅིག ཐིག་ལེ་གཅིག

 

མདེའུ་གཅིག ཐིག་ལེ་གཅིག

སྲོག་གཅིག་ལ་མདེའུ་གཅིག

ཐིག་ལེ་ལ་ཐིག་ལེ།

 

མདེའུ་གཅིག་གིས་སྲོག་གཅིག

ཐིག་ལེ་གཅིག་གིས་ཚེ་སྲོག་གསར་པ་གཅིག

 

མདེའུ་སྲོག་ལ་སྦྱར།

ཐིག་ལེ་ཐིག་ལེ་ལ་སྦྱར།

 

མདེའུ་གཅིག་སོང་ཚར་ཕྱིན།

སྲོག་གཅིག་ཕྱིན་ཚར།

ཐིག་ལེ་གཅིག་གཏོར་ཚར་ཕྱིན།

ཚེ་སྲོག་གསར་པ་གཅིག་བྱོན་དང་འབྱོན་བཞིན།

 

མདེའུ་སྲོག་ཐོག་ན་ལྡིང་།

ཐིག་ལེས་ཐིག་ལེ་ལ་འཁྱུད།

 

མདེའུ་དེ་སྲ་མོ་སྲ་མོ་ཞིག

ཐིག་ལེ་དེ་སྙི་མོ་སྙི་མོ་ཞིག

ཐིག་ལེ་ལས་གྲུབ་པའི་ཚེ་སྲོག་སྙི་མོ་དེ།

རྣོ་ལྕགས་ལས་གྲུབ་པའི་མདེའུས་བཀྲོངས།

མདེའུ་གཅིག

ཐིག་ལེ་གཅིག

ལག་དམར་བརྒྱ་ཕྲག་ཅིག

 

ཐོ་ཐོས། ༢༠༢༠།༠༦།༢༡

 

འདྲེ་ཐོ་གནས་སའི་རྒྱལ་ཁམས་སུ།།

བོད་བཞིན་རྟ་ནོར་ལུག་གསུམ་མེད།།

འདྲེ་ཐོ་བོད་ན་ཡོད་གྱུར་ན།།

འབྲོག་པ་ཤ་སྟག་བྱེད་ན་འདོད།།

འབྲོག་མོ་མཉམ་དུ་འདུག་ན་འདོད།།

འབྲོག་ཟས་གཙང་མ་ཟ་ན་འདོད།།

འབྲོག་པའི་ལ་གཞས་གྱེར་ན་འདོད།།

འབྲོག་ཐུག་ཞིམ་པོ་བཏུང་ན་འདོད།།

 

འདྲེ་ཐོ་ཐོས། ༢༠༢༠།༠༦།༢༥

 

འདི་ལྟར་སོམས་དང་འདི་ལྟར་སྒྲུབས།

 

རི་མོའི་གཟུགས་སུ་བཀོད་པའི་ཐོ་བ་འདིས།།

མགོ་ལ་ཇི་ལྟར་བརྡུངས་ཀྱང་ན་ཟུག་མེད།།

ཐོ་བས་མགོ་ལ་བརྡུངས་ན་འཚམས་འདྲིར་སོམས་།

ཞོར་དུ་རང་ཉིད་རྔ་བོ་ཆེ་ལ་སྒོམས།།

པར་རིས་ཡིན་པའི་འགད་རྫས་འཕངས་ཀྱང་རུང་།།

དོན་དངོས་འགད་རྫས་དེ་ཡིས་འཚེ་མི་བྱ།།

རང་གི་སེམས་དེ་བརྟན་དུ་གནས་ཐུབ་ན།།

འགད་རྫས་དེ་འདྲའི་རིགས་ནི་རི་མོ་ཙམ།།

 

ཚིག་རྩུབ་མདའ་དང་མདུང་དང་རལ་གྲི་བཅས།།

ཕ་རོལ་ཕྱོགས་ནས་ཚུར་ལ་གཡུགས་ཀྱང་རུང་།།

རང་གི་སེམས་འདིའི་ནུས་པ་སྤྱད་བྱས་ཏེ།།

དེ་དག་མེ་ཏོག་གཟུགས་སུ་སྒྲུབས་ཤིག་ཀྱེ།།

 

ཐོ་ཐོ་ནས། ༢༠༢༠།༠༦།༣༠

མཁར་རྩེ་ཚང་གི་བཟའ་འཛོམས་ལ།

 

ཡག་གི་སྐྱིད་ཀྱི་འདོད་པའི་ཡུལ་ལྗོངས་དང་།།

ངོ་མཚར་ཆེའོ་སྙམ་པའི་གནས་སྟངས་བཅས།།

ཁ་པར་བརྙན་མིག་ནང་དུ་འདྲེན་འདོད་ན།།

ཁ་པར་འཕྲེད་དུ་ཆོངས་ཞེས་བཤད་མྱོང་ཡོད།།

 

དེ་རིང་ཁྱེད་ཚོའི་ཁྱིམ་དུ་བཟའ་འཛོམས་བྱེད།།

བསམ་ན་ཁ་ཟས་གང་ཞིམ་ཟ་ས་རེད།།

རྩེད་མོའོ་ཞོར་དུ་ཁ་རྩོད་རྒྱག་ཤས་ཆེ།།

དེ་དག་བརྙན་མིག་ནང་དུ་ཚུད་དུ་ཆུགས།།

 

ངེད་ཚང་བཟང་འཛོམས་བྱས་པ་གང་མང་མཐོང་།།

མི་རེའི་གདོང་ན་འཛུམ་གྱི་མེ་ཏོག་བཞད།།

མི་རེའི་མདུན་ན་ཟས་སྣ་རི་ལྟར་བཤམས།།

ཁྱེད་ཚོའི་སྐྱིད་སྣང་ང་ཡི་སྙན་ངག་ཡིན།། 

 

ཨ་མ་ལྷ་ཕྲུག་ལོ་ལོ་ཨེ་སྐྱིད་ཀི།

བུ་དང་བུ་མོས་གཡས་གཡོན་བསྐོར་བྱས་ནས།།

ཟས་སྣ་གང་ཞིམ་ཟོས་ན་ཨེ་སྐྱིད་ཀི།།

དེང་སང་ལུས་བདེ་ཁམས་བདེ་ཡིན་ནམ་ཀྱེ།།

 

ཚ་བོ་ཚ་མོ་ནམ་མཁའི་སྐར་ཚོགས་བཞིན།།

ཨ་མ་ཁྱེད་ནི་ཟླ་བའི་དཀྱིལ་འཁོར་ལགས།།

ཁྱེད་སྐུའི་འཁོར་ན་བཞུགས་པའི་སྲུ་མོ་རྣམས།།

ཡོད་ཚད་འཁོར་དུ་འཇུག་པའི་ལྷ་མོ་ལགས།།

 

སྤུན་ཁོ་ཚེ་དཔལ་ལོ་ལོ་ང་ལ་ཉོན།།

སྔོན་མ་ལྟར་ན་ཁྱེད་ལ་ཁོང་ཁྲོ་ཆེ།།

ཁོང་ཁྲོས་དེད་པའི་མཐའ་མར་ཞེ་སྡང་བསྐྱེད།།

ཞེ་སྡང་ངན་པས་རང་གཞན་གཉིས་ཀར་འཚེ།།

 

སྤུན་ཁོ་འཇའ་དཔལ་རྡོ་རྗེ་ཁྱེད་བདེའམ།།

དེང་སང་ཤོ་རྒྱག་བྱེད་ཀྱི་ཡོད་དམ་ཀྱེ།།

མ་གཞི་ཐོབ་ཤོར་གཉིས་ལས་གང་ཡིན་ཡང་།།

མཐའ་མར་གྱོང་ཞིག་ཡོད་པ་ཁག་ཐག་རེད།།

ངེད་ཀ་ཚང་གི་དམག་མིའི་གཤིས་ཀ་ཅན།།

སྤུན་ཁོ་མཱ་མཱ་ཚེ་བརྟན་ཁྱེད་བདེའམ།།

ཉམ་ཆུང་ཚུལ་མཐུན་ངང་ནས་འདུག་མཁས་པ།།

སྤུན་ཁོ་ཁྱེད་ནི་ཆུང་མའི་སྐྱིད་ཅིག་ཡིན།།

 

སྨྱུག་མ་ཚིགས་དྲུག་ལྟ་བུའི་གཟུགས་མེད་ཅིང་།།

ནམ་མཁའི་སྐར་ཆེན་ལྟ་བུའི་མིག་མི་ལྡན།།

འོན་ཀྱང་རང་ལ་བབས་པའི་ཡག་ཉམས་ཅན།།

སྲིང་མོ་ཚེ་དཔག་འཚོ་ཁྱེད་བདེའམ་ཀྱེ།།

 

སྲུ་མོ་རྣམ་སྲས་ངེད་ཀ་ཚང་གི་རྒྱན།།

ཤེས་བྱ་ཡོན་ཏན་ཅན་ནི་མོ་ཡིན་ཏེ།།

སློབ་དཔོན་ཆེན་མོ་ཟེར་ན་མོའང་ཡིན།།

ཡག་དང་མོ་སྒོ་ཟེར་ན་མོ་ལ་ཡོད།།

 

སྤུན་ཁོ་སྦྱིན་པར་དཔོན་ཉམས་ཡོད་ཀི་ཟེར།།

དཔོན་པོ་ཡིན་ཡང་འབངས་ལ་བྱམས་ཀི་ཟེར།།

གང་ལྟར་རང་གི་རིགས་ནི་རང་གི་འབངས།།

མི་ཕྱོགས་ཟེར་ཡང་རང་ཕྱོགས་ཟེར་བ་ལྟར།།

 

ཁྱེད་ལ་བསོད་ནམས་ཆེའོ་ཚེ་རིང་མ།།

ཁྱེད་ནི་ཕྱུག་པོའི་བུ་མོ་འབྱོར་ལྡན་མ།།

ཁྱེད་ནི་སྤུན་ཁོ་སྦྱིན་པའི་གཅེས་ཕྲུག་མ།།

ཁྱེད་ནི་ངེད་ཀ་ཚང་གི་སྟོབས་འབྱོར་ཡིན།།

སྲུ་མོ་ཡཱང་ཡཱང་ཁྱེད་དང་ངེད་གཉིས་ལ།།

ཆ་རྒྱུས་དེ་ཙམ་མེད་རྐྱེན་ཁྱོད་ཕྱོགས་སུ།།

ཀུ་རེ་རྩེ་མཚར་བྱེད་རྒྱུར་སྐྲག་ནི་ཞིག།

ཁྱེད་ལ་འཚམས་འདྲི་ཁམས་བདེ་ཡང་ཡང་ཞུ།།

 

དེ་བཞིན་སྤུན་ཁོ་འཇའ་དཔལ་རྡོ་རྗེ་ཡི།།

ཆུང་མ་ཁྱེད་ལའང་རྒྱུས་མངའ་མེད་པས་ན།། 

རྩེ་ཞོར་དགོད་ཞོར་རྩེ་མཚར་བཤད་ཁག་པོ།།

འཚམས་འདྲི་བཀྲ་ཤིས་བདེ་ལེགས་མང་མང་ཡོད།།

 

ཐོ་ཐོས། ༢༠༢༠།༠༧།༠༣

 

 

མ་ཎི་ཡིག་དྲུག

 

དྲ་རྒྱའི་འཇིག་རྟེན་འདི་ཉིད་མ་རྫོགས་པར།།

བདག་གིས་བགྲེང་བའི་མ་ཎི་ཡིག་དྲུག་འདི།།

དུས་ནས་དུས་སུ་མཚམས་འཇོག་མེད་པའི་ངང་།།

འགྲོ་བ་སེམས་ཅན་ཡོངས་ཀྱིས་ཐོས་པར་ཤོག།

 

དྲ་རྒྱའི་འཇིག་རྟེན་རྒྱ་མཚོ་འཕྱུར་པའི་ནང་།།

མ་ཎི་ཡིག་དྲུག་ཆར་ཆུའི་ཟེགས་མ་གཏོར།།

རྒྱ་མཚོའི་ནང་དུ་རྟག་ཏུ་ཆུ་ཐིགས་བཞིན།།

དྲྭ་འདི་མ་རྫོགས་པར་དུ་མ་ཎི་འཁོར།།

 

ཐོ་ཐོས། ༢༠༢༠།༠༧།༠༦

 

ཁ་སང་དེ་རིང་སང་ཉིན་གསུམ།

 

མི་བུ་ཕལ་མོ་ཆེ་ཡི་བསམ་བློ་གཏོང་སྟངས་འདྲ།།

སང་ཉིན་ཁོ་ན་བསམས་ཤིང་ལུས་སེམས་རྒྱུག་འདུར་བྱེད།།

སྐད་ཆའི་ཟུར་ནས་ཉན་ན་དེ་རིང་ད་ལྟའི་དུས།།

ཁོང་དང་ཁོང་ཚོར་འབྲེལ་བ་ཅི་ཡང་མེད་པ་འདྲ།།

 

སང་ཉིན་བསླེབ་རེག་བར་དུ་ཁྱེད་ནི་འཚོ་ཐུབ་བམ།།

དེ་རིང་ཁྱེད་ནི་བཞུགས་པས་དེ་རིང་ཁྱེད་ལ་དབང་།།

ཁ་སང་སོང་ནི་ཚར་བས་ཁྱེད་ཀྱང་ཕྱིན་པ་འདྲ།།

དེ་རིང་གང་ཞིག་བསྒྲུབས་པར་འདས་དང་མ་འོངས་མཆིས།།

དེ་རིང་གསོན་ནས་ཡོད་ཚེ་ཁྱེད་ལ་བསོད་ནམས་ཆེ།།

སང་ཉིན་བསྒྲུབ་འདོད་ཡོད་པ་དེ་རིང་བསྒྲུབ་འགོ་རྩོམས།།

སང་ཉིན་འབྲས་བུར་བསམས་ཤིང་དེ་རིང་རྒྱུ་རུ་སྐྲུན།།

ཡོད་ཚད་སྐད་ཅིག་སྐད་ཅིག་ཅན་གྱི་རང་བཞིན་ནོ།།

 

དེ་རིང་བསམ་ན་སང་ཉིན་ང་ནི་ཡོད་ཤག་བྱེད།།

སང་ཉིན་བསླེབས་དུས་སང་ཉིན་དེའང་དེ་རིང་སྟེ།།

དེ་རིང་དེ་ལ་དེ་རིང་ཁྱེད་ནི་བཞུགས་སམ་ཀྱེ།།

སྐབས་འདིའི་དེ་རིང་སང་ཉིན་བསླེབས་ཚེ་རྨི་ལམ་ཙམ།།

 

འདྲེ་ཐོ་ཐོས། ༢༠༢༠།༠༧།༡༠

 

ལྷ་སའི་བར་སྐོར་མཐོང་ན་འདོད།

 

གང་ལ་བལྟས་ན་དེ་ཉིད་མཛེས།།

གང་དེ་བསམ་ན་དེ་ལ་དུང་།།

སུ་ཡིན་གང་ཡིན་མི་ཤེས་ཀྱང་།།

ཞེ་མཐུན་རོགས་ལོ་ཡིན་ན་བསམས།།

 

ལྷ་སའི་བུ་མོ་ལྷ་མོ་འདྲ།།

ལྷ་སའི་ཇོ་བོའི་བྱིན་རླབས་རེད།།

ལྷ་སའི་གྲོང་དུ་ཐོན་རྒྱུ་ན།།

ལྷ་མོར་མེ་ཏོག་འབུལ་ན་འདོད།།

 

ལྷ་ས་བོད་ཀྱི་ལྷ་ས་རེད།།

ང་ནི་ཇོ་བོའི་མི་སེར་རེད།།

ལྷ་སའི་ཇོ་བོའི་བྱིན་རླབས་ཀྱིས།།

ང་ནི་བོད་ལ་ལོག་ཏུ་ཆུགས།།

 

ལྷ་ས་རྒྱལ་བའི་ཕོ་བྲང་རེད།།

ལྷ་ས་བོད་མིའི་རྒྱལ་ས་རེད།།

ལྷ་སའི་བར་སྐོར་མཐོང་ན་འདོད།།

ལྷ་སའི་ཇོ་བོར་མཇལ་ན་འདོད།།

 

ཐོ་ཐོས། ༢༠༢༠།༠༧།༡༤

 

 

 

ཆུ་རྐྱལ་བྱེད་པའི་བུད་མེད་ལ་བྲིས།

 

པདྨའི་མེ་ཏོག་དམར་པོ་ཆུ་ཡིས་བརླན་པ་བཞིན།།

ཁྱེད་སྐུའི་མེ་ཏོག་པདྨ་རྫ་ཆུའི་ནང་དུ་བརླན།།

ང་ནི་རྫ་ཆུ་དེ་ཡི་གསེར་ཉར་གྱུར་ན་བསམས།།

ངས་ནི་མེ་ཏོག་དེ་ནས་འབབ་ཆུ་བརྔུབ་ན་འདོད།།

 

ཐོ་ཐོ་ནས།༢༠༢༠།༠༧།༢༠

 

 

ཐོ་ཐོའི་ཤིས་ཚིག

 

ཅི་ཞིག་བསམས་པ་གང་ཞིག་བསྒྲུབ་འདོད་པར།།

རང་གཞན་གཉིས་ནས་བར་ཆད་མི་འབྱུང་བར།།

རྐྱེན་ངན་བལྟས་ངན་ཅི་ཡང་མེད་པའི་ངང་།།

བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་ལམས་འདེབས།།

 

བསམས་པ་གང་དེ་ཀུན་དང་མཐུན་ནི་ཞིག།

བསྒྲུབས་པ་གང་དེས་ཀུན་ལ་ཕན་ནི་ཞིག།

མཛད་པ་དེ་འདྲ་སྤེལ་རྒྱུ་ཡོད་དམ་ཀྱེ།།

ཐོ་ཐོའི་ཤིས་ཚིག་དེ་འདྲའི་རིགས་ལ་འབུལ།།

 

རང་གི་རིགས་ལ་ཧ་ཅང་བྱམས་ནི་ཞིག།

བོད་འབངས་ཡིན་པའི་འདུ་ཤེས་ཡོད་ནི་ཞིག།

རྒྱལ་ཁབ་མེད་ཀྱང་རྒྱལ་ཞེན་འཛིན་ནི་ཞིག།

ཐོ་ཐོའི་ཤིག་ཚིག་འབུལ་ས་དེ་དག་ལགས།།

 

འདྲེ་ཐོ་ཐོ་ནས། ༢༠༢༠།༠༧།༡༨ ལ།

 

ཁ་བའི་འབངས།

 

ཁྱེད་ཐབ་རྡོ་གསུམ་པོའི་ནང་གི།

རྡོ་གཅིག་ལ་ཆ་ཡ་མེད་ཀི།

ཆ་བསྒྲིག་རྒྱུའི་བསམ་པ་ཡོད་ན།།

ང་རྡོ་ལུ་བརྗེད་ཀི་མ་འཇུག།

ཁྱེད་ངེད་གཉིས་བལ་དཀར་བསེད་མ།།

མཉམ་གཅིག་ཏུ་ཐི་གུ་བཟོ་རྒྱུའི།།

སེམས་བསམ་པ་ཁྱེད་ལ་ཡོད་ན།།

ང་སྐྱ་ཡར་འཇོག་རྒྱུ་མ་བརྗེད།།

 

ཁྱེད་ཞི་མོའི་ཁ་བའི་སྲས་མོ།།

ཁ་འབབ་པའི་ཉིན་མཚན་རེ་རེར།།

ངས་ཁ་བའི་ཡུལ་ལྗོངས་དྲན་གི།

ང་ཁ་བ་ཅན་གྱི་འབངས་རེད།།

 

ཐོ་ཐོ་ནས། ༢༠༢༠།༠༧།༡༩

 

མཆོག་གྱུར་ཨ་མ།

 

འཛམ་གླིང་འདིའི་སྟེང་མཆོག་གྱུར་ཨ་མ་ཞེས།།

ཙི་གུ་འདི་ལ་ཕན་པའི་བྱ་དགའ་ཞིག།

ང་ཚོ་མི་ཡི་རིགས་ཀྱིས་འབུལ་འོས་ཤིག།

ཙིག་མ་བཞུགས་སའི་རྒྱལ་ཁམས་ཤེས་ན་འདོད།།

 

དམིགས་བསལ་ཙིག་ཁང་ཁོ་མོར་རྒྱག་ན་འདོད།།

ཙིག་ཕྲུག་རྣམས་དང་མཉམ་དུ་འདུག་བཅུག་སྟེ།།

ཟས་དང་ཆུ་བཅས་ལོ་ནས་ལོའི་བར་དུ།།

རྫོགས་མཐའ་མེད་པར་ཁོང་ཚོར་སྤྲད་ན་འདོད།།

 

ཁོ་མོས་ཙིག་ཕྲུག་བསྐྱབས་པའི་མཛད་རྣམས་དེ།།

བརྙན་དང་ཡི་གེའི་ལམ་ནས་ར་སྤྲོད་ཞོར།།

ང་ཚོ་མི་ཡི་རིགས་ཀྱི་ཀུན་སྤྱོད་དང་།།

བྱམས་བརྩེ་སྙིང་སྟོབས་སླར་གསོ་ཡོང་བར་བསྐུལ།།

 

འདྲེ་ཐོ་ཐོས། ༢༠༢༠-༠༧-༢༡

 

གྲོགས་བླ་མ་དང་ཆུ་རྐྱལ་རྫིང་བུ།

 

(Swimming Pool)

 

དེ་རིང་རྒད་པོའི་གདོང་ན་འཛུམ་དམུལ་དམུལ།།

དེ་རིང་རྒད་པོའི་སེམས་ན་སྐྱིད་ལྷིང་ལྷིང་།།

དེ་རིང་རྒད་པོར་ཡོང་འབབ་མང་རྒྱུ་རེད།།

དེ་རིང་རྒད་པོས་མཛེས་མ་མཐོང་རྒྱུ་རེད།།

 

ནམ་མཁའི་མདངས་ལྟར་སྔོ་ལྗང་འདྲེས་མའི་ཐང་།།

གཡུ་ཡི་མདོག་ལྡན་མཚེའུ་མངོན་ནས་ཡོད།།

ཁྲུང་ཁྲུང་དཀར་མོ་ལྟ་བུའི་མཛེས་མའི་ཚོགས།།

སྟག་ཤར་གཞོན་ནུའི་མིག་གི་དཔལ་དུ་མངོན།།

 

སྟག་ཤར་གཞོན་ནུ་བྱ་རྒྱལ་ཁྱུང་ཆེན་རེད།།

བདག་གི་ཆུང་མ་ཁྲུང་ཁྲུང་དཀར་མོའི་རྒྱན།།

ནེའུ་གསིང་མེ་ཏོག་བཀྲ་བའི་དགའ་ཚལ་དུ།།

བདག་ནི་གཡུ་སྦྲང་ཞིག་ཏུ་བརྫུས་ནས་ཡོང་།།

ཉི་མའི་འོད་ན་རླུང་བུས་གཡོ་བཞིན་པའི།།

ཚ་བའི་གདུངས་པ་འཇོམས་བྱེད་མཚེའུ་ནང་།།

བགྲེས་པོ་འདོད་ལྡན་རིགས་ནི་ཆུ་སྲིན་བཞིན།།

གསེར་ཉ་ལྟ་བུའི་ཁྱེད་ལ་རྔམ་ནས་ཡོད།།

 

ང་ཡི་ཆུང་མ་ཁྲུང་ཁྲུང་དཀར་མོ་ལགས།།

ཆུ་སྲིན་སྡེར་མོ་ཅན་ལ་གཤོག་པ་མེད།།

ཁྱེད་ནི་ཚ་བས་ཇི་ལྟར་མནར་ཡང་རུང་།།

ཕྱོགས་དེའི་མཚེའུ་ནང་དུ་མི་རྐྱལ་རོགས།།

 

འདྲེ་ཐོ་ཐོས། ༢༠༢༠།༠༧།༢༩

 

འཇོན་ཐང་དང་ནུས་པ། མི་གཞི་དང་ཀུན་སྤྱོད།

 

ནུས་པར་མ་བརྟེན་འཇོན་ཐང་ལྷག་མ་ཞིག།

ལོགས་སུ་དགར་རྒྱུ་ཡོད་དམ་ཀླད་སྟོང་ཚོ།།

ནུས་པ་ཉམས་པའི་ཕོ་མཚན་བཟོ་ལྟ་ཙམ།།

བྷ་གའི་བདག་མོར་འཇོན་ཐང་ཇི་ལྟར་ངོམ།། 

 

འཇོན་གི་བསམས་པའི་སེམས་ཤུགས་ཡོད་ཀྱང་རུང་།།

ནུས་པ་མེད་ཚེ་འཇོན་ཐབས་ཡོད་དམ་ཀྱེ།།

མི་གཞིའི་བཟང་ངན་འབྱེད་བྱེད་ཀུན་སྤྱོད་དེ།།

ཀུན་མཐུན་ཀུན་སློང་ཡོད་པས་ཕན་ནམ་ཀྱེ།།

 

སྤྱིར་ན་སྤྱོད་པར་གནོད་སེམས་མེད་པ་དང་།།

བསྒྲུབས་པས་གང་ལ་གནོད་འཚེ་མི་གཏོང་བ།།

བརྗོད་པས་འབངས་ཀྱི་སེམས་ཁམས་མི་དཀྲུག་པ།།

འདི་དག་གནའ་ནས་མི་གཞི་བཟང་བོར་གྲགས།།

 

འོན་ཀྱང་རྒྱལ་ཁབ་ཤོར་བའི་ངེད་ཅག་ཚང་།།

སྲིད་དང་དམག་དོན་དཔལ་འབྱོར་བདེ་འཇགས་བཅས།།

གནས་སྟངས་ཤིན་ཏུ་སྐྱོ་ལ་ཤིན་ཏུ་བཙོག།

འདི་འདྲའི་སྐབས་སུ་འཇོན་ཐང་ནུས་པ་གཙོ།།

 

ཀུན་སློང་བཟང་ཡང་སྤྱོད་སྟངས་མ་ཤེས་ཚེ།།

སྐྱོན་ལ་མཐོང་བ་ཆེ་ཆེར་མཐོང་བྱས་ཏེ།།

དེ་མ་ཐག་ཏུ་ཕ་རོལ་མི་བུ་དེ།།

ནག་པོ་ནག་རྐྱང་བཟོ་བར་ཡ་ང་མེད།།

 

རྒྱལ་ཁབ་མེད་ཅིང་ཐོབ་ཐང་མེད་མཁན་གྱི།།

ངེད་ཅག་ཁ་བའི་འབངས་འདིའི་ཀུན་སྤྱོད་ཁྲོད།།

རྒྱལ་ཞེན་རིགས་ཞེན་ཡོད་ཚེ་ཨ་མའི་བུ།།

ནུས་པ་འཇོན་ཐང་ཡོད་ཚེ་དེའི་ཕྱོགས་སོམས།།

 

དྲ་རྒྱའི་འཇིག་རྟེན་དམ་ལྷོད་ཟུང་འབྲེལ་བར།།

ངེད་ཅག་བོད་པ་གཞན་གྱི་རྩེད་ཆས་ཙམ།།

རང་དབང་དམངས་གཙོ་ཐོབ་ཐང་དབུ་མའི་ལམ།།

གླེང་ཐེངས་གཅིག་གིས་ནག་ཁུང་ནང་དུ་འདེད།།

རང་གི་རིགས་ལ་དམའ་འབེབས་སྐུར་འདེབས་དང་།།

ཆགས་བཤད་ཉོག་བཤད་བླ་བཙག་རྐང་འདྲེན་གཏམ།།

མདོ་མེད་ཉོག་གཏམ་ཁུངས་མེད་གཏམ་འཆལ་བཅས།།

ཇི་འདྲའི་མང་བོ་བཤད་ཅིང་ལྷོད་ཡངས་གཏོང་།།

 

སྤྱིར་ན་གྲུབ་མཐའ་ཆོས་རྒྱུད་ཆོལ་ཁ་བཅས།།

རྒྱལ་ཁབ་ཤོར་བའི་ངེད་ཚང་བོད་པ་ལ།།

བརྩད་ཀྱང་དེ་འདྲའི་ཕན་ཐོགས་ཆེ་ཆེ་ཞིག།

འདྲེ་ཐོ་ང་ཡིས་བལྟས་ན་མེད་པ་འདྲ།།

 

འགའ་རེའི་མིག་ལ་འགའ་རེ་ལྟ་ལོག་པ།།

འགའ་རེའི་སེམས་ལ་འགའ་རེ་ཕུང་དཀྲུག་མཁན།།

དོན་གྱིས་སུ་དང་གང་ཞིག་དེ་འདྲེའི་རིགས།།

ཡིན་དང་མིན་ཞེས་བརྗོད་རྒྱུ་དཀའ་མོ་ཞིག།

 

ཞི་བའི་ངང་ནས་རྒྱལ་ཁབ་རྩོད་པ་དང་།།

དྲག་པོའི་ངང་ནས་གཏམ་བརྗོད་སྤེལ་བ་ལ།།

ནང་འགལ་ཡོད་མེད་ངས་ནི་ཤེས་མ་སོང་།།

འཚོ་གནས་སྨྲ་བའི་མི་བུར་བཀའ་དྲིན་ཆེ།།

 

རང་གི་རྒྱལ་ཁབ་དང་ནི་མི་རིགས་ཆེད།།

གཞན་དང་བསྟུན་དགོས་ངེས་པ་ཡོད་མ་ཡིན།།

མི་གཞི་ཀུན་སྤྱོད་ཟེར་བ་ལྕགས་སྒྲོག་རེད།།

འཇོན་ཐང་ནུས་པ་སྟོན་སྟངས་བློས་མི་དཔོག

 

འདྲེ་རྒན་པ་ཐོ་ཐོ་ནས། ༢༠༢༠།༠༧།༣༠

འདྲེ་ཐོས་རྫ་ཆུ་བསིལ་མ་འཐུང་ཉིན།

 

རླུང་གིས་འཁུར་བའི་རྣམ་ཤེས།།

དར་ལྕོག་གསེང་དུ་འཐིམ་སོང་།།

བོད་ཁམས་ཕ་ཡུལ་ཕྱོགས་ཀྱི།།

སྐྱེས་ལྷས་ཚོར་མྱོང་ཨེ་ཡོད།།

 

རྫ་ཆུ་བསིལ་མོ་འཐུང་ཉིན།།

ཕ་ཡུལ་རྫ་རྩེ་དེ་ཡི།།

ཐབ་རྡོ་གསུམ་བཙུགས་བར་གྱི།།

འོ་ཇ་རྒོད་པོ་དྲན་བྱུང་།།

 

རི་མགོ་སྨུག་པས་གཡོགས་སོང་།།

སེམས་པ་སྨྲེང་བས་བསྟུམས་སོང་།།

བ་གླང་ངུར་སྐད་ཐོས་ཉིན།།

གཡག་གི་ངུར་སྒྲ་དྲན་བྱུང་།།

 

འདྲེ་ཐོ་ཐོས། ༢༠༢༠།༠༨།༠༢

 

 

 

 

 

 

ཐོ་ཐོའི་སྨྲེ་སྔགས།

 

ང་ནི་ཐོན་མ་ཐག་ཏུ་གློའུ་དྲིས་ཁྱབ་འདུག་སྐད།།

ངས་ནི་བརྗོད་མ་ཐག་ཏུ་གླེན་རྟགས་བསྟན་འདུག་གསུངས།།

ང་ལས་ལྷག་པའི་བླུན་པོ་ཚོམས་འདིར་མེད་འདོད་ཚེ།།

ང་ཡི་སྐྱག་ཁ་འདི་ཉིད་གནས་སྐབས་བཙུམ་རྒྱུ་བྱ།།

 

ཐོ་ཐོས། ༢༠༢༠།༡༠།༠༨

 

དཔྱིད་དཔལ་བུ་མོ་ལ།

 

དཔྱིད་ཀའི་ལྗང་སྨྱུག་འབུས་དུས།།

ཁྱེད་སྐུ་ལྗང་ལོ་ལྡེམ་ལྡེམ།།

ང་ནི་ཆར་ཆུ་བསིལ་མ།།

ལྗང་ལོའི་སྟེང་དུ་འབབ་ངེས།། 

 

དཔལ་ཁྱིམ་ལྟ་བུའི་སྙིང་སྡུག།

ང་ཡི་སེམས་ཀྱི་མེ་ཏོག།

བུ་མོ་ཁྱེད་ནི་དྲན་ན།།

རྨི་ལམ་ནང་ནས་སྐྱིད་སོང་།།

 

སེམས་པ་སྨྲེང་གི་མ་ཟེར།།

དུ་བ་འཁྲིགས་འདུག་མ་གསུང་།།

ངའི་སེམས་སྐྱོ་བས་ཁེངས་ཡོང་།།

ངེད་གཉིས་ཚེ་ཐག་རང་དགོས།།

 

ཐོ་ཐོས། ༢༠༢༠།༡༠།༠༩ ལ།

དགྲ་དང་མགོན།

 

ནང་གི་དགྲ་ནི་སེམས་ཀྱི་འཛིན་སྟངས་ཤིག།

སེམས་དེ་འདུལ་བར་སེམས་དང་འཐབ་པར་གཙོ།།

ཕྱི་ཡི་དགྲ་ནི་མེ་མདའ་མེ་སྒྱོགས་བཅས།།

དེ་དང་འཐབ་པར་རང་ཕྱོགས་ཡར་རྒྱས་གཙོ།།

རང་ཁྱིམ་ཆུང་ངུའི་ནང་དུ་རང་ཉིད་མགོན།།

སྤྱི་ཚོགས་ཆེན་པོའི་ར་བར་གཞན་རྣམས་མགོན།།

མགོན་གྱི་གཙོ་བོར་གྱུར་ཡང་གནས་སྐབས་ཙམ།།

མཇུག་མཐར་ཡོད་ཚད་དོར་ནས་འཆི་བར་ངེས།།

 

རྨི་ལམ་ལྟ་བུའི་མི་ཚེ་ཐུང་ཐུང་ནང་།།

སྐྱིད་སྣང་སྡུག་སྣང་ཟུང་འབྲེལ་བྱས་ནས་ཡོང་།།

སྐྱིད་ཀྱང་རྨི་ལམ་ཡིན་ལ་སྡུག་ཀྱང་ཡིན།།

སྐྱིད་སྡུག་གང་ཡིན་ཡ་མཚན་སྐྱེ་དགོས་མེད།།

 

སྤྱིར་ན་མཚན་མོའི་དུས་སུ་ཉལ་བ་དང་།།

ཉིན་མོར་ལངས་ནས་ལས་ཀར་རྩོལ་བ་དེ།།

བསམ་ན་མི་བུ་ཞིག་གི་འགྲོ་སྟངས་ཤིག།

འོན་ཀྱང་ལངས་ཀྱང་འཐའ་མཇུག་འགྱེལ་ནས་འགྲོ།།

 

ས་མཐའི་སྐྱུར་དྲི་ངར་དྲིའི་འཚོ་བའི་ཁྲོད།།

ངས་ནི་རང་གིས་རང་ཁར་གསོ་ཐབས་ལས།།

ཆེན་པོ་འཛམ་གླིང་ཟེར་བ་ཕར་ལ་ཞོག།

མཐའ་ན་ཁང་ས་ཙམ་ཞིག་རྩོད་ཐུབ་མེད།།

 

གོ་ལ་ཟླུམ་པོའི་རིན་ཐང་ཚེ་སྲོག་རེད།།

ཚེ་སྲོག་ཁོ་ནའི་རིན་ཐང་ཚེ་སྲོག་རེད།།

གཞན་རྣམས་ཡོད་ཚད་མི་ཡི་རིགས་སྐྱེས་པས།།

འཇིག་རྟེན་འདི་ལ་བསྐྲུན་པའི་རྨི་ལམ་རེད།།

 

ཡང་དག་རིན་ཐང་ཟེར་བར་རྟོགས་མཐའ་མེད།།

འགའ་རེས་ཡང་དག་མཐོང་ཡང་འགའ་རེར་ཕོག།

འགའ་རེར་ཕན་ཐོགས་ཆེ་ཡང་འགའ་རེར་འཚེ།།

དེ་འདྲའི་འགལ་བའི་འཇིག་རྟེན་ངས་ནི་དོར།།

 

ཁྱེད་ཀྱིས་བདེན་པར་མཐོང་བ་གཞན་ལ་རྫུན།།

ཁྱེད་ཀྱིད་ཡང་དག་མཐོང་བ་གཞན་ལ་སྐྱོན།།

དེའི་ཕྱིར་ཤེས་བྱའི་མཐའ་ནི་རྟོགས་དཀའ་བ།།

ཡོད་ཚད་རང་རློམ་རང་རྒྱལ་ཁྲོད་ན་འཁྲུལ།།

 

གསོན་པའི་ཚེ་ན་འཇིག་རྟེན་དཀར་ངོགས་ཞེས།།

འཆི་བའི་དུས་སུ་འཇིག་རྟེན་མུན་ནག་ཅེས།།

རང་དང་འབྲེལ་ནས་འཇིག་རྟེན་དཀར་ནག་གཉིས།།

དབྱེ་བ་འབྱེད་པའི་བློ་དེར་དགོད་ཅིག་ཤོར།།

 

འཇིག་རྟེན་ཟེར་བ་ཁྲི་ཁྲི་འབུམ་འབུམ་ཡོད།།

ཚེ་སྲོག་རེ་རེ་འཇིག་རྟེན་རེ་རེ་སྟེ།།

གོ་ལ་ཟླུམ་པོར་ཅི་ཞིག་ཚང་བ་དེ།།

ཚེ་སྲོག་རེ་རེའི་སྟེང་དུ་ཚང་ཞེས་སྨྲས།།

 

ཐོ་ཐོས། རྩེ་མཚར་ངང་གྲོགས་བྱམས་པར་སྤྲིངས་སོ། ༢༠༢༠-༡༡-༢

ཁྲཱོམ་བྷུ་རྒྱལ་བར་ཤོག

 

གཡོ་ཅན་བདུད་དཔུང་འཇོམས་པར་ཐབས་ཤེས་ཅན།།

སྐྱེས་བུ་དམ་པ་ཁྲཱོམ་བྷུ་རྒྱལ་བར་ཤོག།

ཨ་རིའི་མི་སེར་མིན་པར་བློ་གཅིག་ཕམ།།

ངས་ནི་སེམས་ཀྱིས་ཁོང་ལ་འོས་ཤིག་འཕེན།།

 

ཞེ་སྡུག་ན་སྨྲེང་ན་ཁྲཱོམ་བྷུར་སོམས།།

ཁྲཱོམ་རྒྱལ་ན་དཀར་ཕྱོགས་རྒྱལ་ནི་རེད།།

བདུད་དམར་ནག་ཇག་ཚོགས་འཇོམས་དགོས་ན།།

སེམས་གཏད་སའི་མགོན་དེ་ཁྲཱོམ་བྷུ་བྱོས།།

 

བོད་མི་རེ་རེའི་སེམས་ན་ན་ཟུག་རེ།།

སྨན་གྱི་མཆོག་ནི་ཁྲཱོམ་བྷུའི་ཕྱག་ན་ཏེ།།

ཐེངས་འདིར་ཁྲཱོམ་བྷུ་རྒྱལ་ན་སྨན་ཡང་ཐོབ།།

ན་ཟུག་དྲྭངས་ཕྱིར་ཁྲཱོམ་བྷུ་རྒྱལ་བར་སྨོན།།

 

ཉི་མ་འདི་དག་ཤིན་ཏུ་ཛ་དྲག་སྟེ།།

ཁྲཱོམ་དང་འབྲེལ་བའི་པར་དང་བརྙན་གང་ཡང་།།

དྲྭ་ཚོམས་གང་དུ་མངོན་ཚེ་དེ་ལ་དམིགས།།

འབྲེལ་ཡོད་སྐད་ཆར་ལྐོག་ཉན་བྱེད་ཁོ་ཐག།

 

དེའི་ཕྱིར་ཁྲཱོམ་བྷུ་གླེང་སྐབས་དམར་པོའི་གཞུང་།།

ཁ་ནས་ཐོན་རྒྱུ་མེད་པ་ཤེས་པར་བྱོས།།

ཁྲཱོམ་བྷུའི་མཛད་རྗེས་གླེང་སྐབས་ཁ་ཆེ་བའི།།

ཨཱེས་སེ་ཨཱེས་སེའི་སྐོར་དེས་སྒྲུབ་བྱེད་མཛོད།།

 

གང་ལྟར་ནང་ཁུལ་བོད་མི་བདེ་སོང་ན།།

ང་ལ་མཁོ་བའི་བདེ་འཇགས་དེ་ཡིན་ཏེ།།

འཛམ་གླིང་ཞི་བདེ་ཟེར་བ་ཆབ་སྲིད་པས།།

གནའ་ནས་ད་ལྟའི་བར་གྱི་འབོད་ཚིག་ཅིག།

 

ཐོ་ཐོས ༢༠༢༠།༡༡།༠༤ ལ།

 

རྡོག་རྡོག་བཤད་ན་ཁྲོམ་བྷུ་རྒྱལ་ན་དགའ།

 

ཨ་རི་ཁོ་ནའི་སྲིད་འཛིན་མ་ཡིན་པར།།

དོན་གྱིས་འཛམ་གླིང་འདི་ཡི་སྲིད་འཛིན་ཏེ།།

གནམ་གྱི་འོག་གི་རྩེ་ཕུད་རྒྱལ་ཁབ་དེའི།།

སྲིད་འཛིན་འདེམས་པར་བར་ཆད་ཡོད་ཤག་ཤག།

 

ཁྲོམ་བྷུ་རྒྱལ་རྒྱུར་རེ་སྨོན་བྱེད་མཁན་མངས།།

ང་དང་ཁྱེད་འདྲའི་བོད་མི་དཀྱུས་མས་ཀྱང་།།

ཁྲོམ་བྷུ་རྒྱལ་བར་སེམས་པ་འཁྲེང་ནས་སྒུག།

རྒྱུ་མཚན་ཅི་ཡིན་སོ་སོའི་སེམས་ན་གསལ།།

 

སྤྱིར་ན་གཞན་ཞིག་རང་གི་མགོན་སྐྱབས་སུ།།

འཛིན་རྒྱུའི་ཐབས་ལམ་དེ་ལ་ལམ་དོག་མོད།།

གནའ་བོའི་དུས་ནས་ད་ལྟའི་དུས་རབས་བར།།

གཅིག་གྲོགས་གཅིག་གིས་མཛད་དེ་རྒྱལ་བ་མངས།།

 

རྡོག་རྡོག་བཤད་ན་ཁྲོམ་བྷུ་རྒྱལ་ན་དགའ།།

རྡོག་རྡོགབཤད་ན་ནག་ཕྱོགས་ཕམ་ན་དགའ།།

བོད་པ་ཚང་ལ་འཛིན་པའི་སྲིད་ཇུས་དེར།།

རིམ་གྱིས་དང་ནི་ཡུན་གྱིས་བལྟ་རྒྱུ་བྱེད།།

 

ཐོ་ཐོས། ༢༠༢༠།༡༡།༠༦ལ།

 

ལོ་མའི་གར།

 

སྟོན་རླུང་ལྕི་མོས་ལུས་པོར་གྲང་འདར་བསླང་།།

ལོ་འདབ་སེར་པོས་དྲན་གདུང་རྒྱང་དུ་ཁྱེར།།

ཡོད་ཡོད་འདྲ་བའི་སེམས་ཀྱི་རི་ལུང་ན།།

མི་བུ་རྒྱང་དུ་བསྐྱོད་པའི་གཏམ་རྒྱུད་མངོན།།

 

རླུང་གི་ཁྲོད་ན་སྟོན་ལོའི་རྣམ་ཤེས་ཉུལ།།

དྲན་གདུང་ལྕི་མོ་རླུང་དང་འགྲོགས་ནས་ཕྱིན།

ལོ་ཟླའི་འཆོས་པའི་ཚེ་སྨད་དགུན་ཁྲོད་ཀྱི།།

སྟོན་ལོ་ཇི་བཞིན་ངའང་དེ་བཞིན་འགྲོ།།

 

དམྱལ་བ་བོས། ༢༠༢༠།༡༡།༡༡

 

རྨ་ཞོགས་དུང་གིས་བོད་ཡིག་ཏུ་བསྒྱུར་པ།

 

རླུང་བུས་ལོ་མ་གར་ལ་བསྒྱུར། །

དྲན་པ་རླུང་བུའི་འགྲོས་དང་འགྲོགས། །

ལོ་ཟླ་དུས་ཀྱི་འགྱུར་བར་འཐིམས། །

མི་ནི་ནམ་ཞིག་རང་མལ་ལོག།

 

ངའི་གྲོགས་བསྟན་པ་རིན་ཆེན་ལགས་ནས།

 

སྟོན་ལོ་སེར་པོས་སྒྱུ་མའི་གར་ཞིག་འཁྲབ།།

དགའ་བའི་ཚོར་བ་རྦ་རླབས་མཁའ་ལ་འཕྱུར།།

ལུས་སེམས་འགྱུར་ཉམས་རང་བཞིན་རབ་སྟོན་པའི།།

རྒྱལ་བོས་བརྙན་ཐུང་བཟོས་པ་ཤིན་ཏུ་རྨད།།

 

ང་ནི་ད་ལོའི་མི་མིན།

 

རླུང་བུ་ཤིག་ཤིག་ཁྲོད་ན།

སྟོན་ལོའི་རྣམ་ཤེས་ཉུལ་འདུག

ཕ་ཡུལ་དྲན་པའི་ཚོར་ཤེས།

རླུང་བུའི་ནང་དུ་འཐིམ་སོང་།

 

ལོ་ཟླས་འཆོས་པའི་ཚེ་སྨད།

བསྐམས་ནས་ས་ལ་འགྱེལ་པའི།

དགུན་སྟོད་ལོ་མ་ཇི་བཞིན།

ནམ་ཞིག་ས་ལ་འཐིམ་འགྲོ།

སང་ལོ་དབྱར་དུས་བསླེབ་དུས།

སྡོང་ལོས་ལྗང་མདོག་ངོམ་སྲིད།

ཡུལ་འདི་ད་ལོའི་ཡུལ་ཡིན།

ང་ནི་ད་ལོའི་མི་མིན།

 

ཐོ་ཐོས། ༢༠༢༠།༡༡།༡༢

 

ཞི་ལུ་དང་ཞི་མོ།

 

ཞི་ལུ་དེ་ཚོ།

ཞི་མོ་ཚོ་དང་ཉལ་རྒྱུ་ཉུང་ན།

སྐེད་པ་ཡང་མི་ན་བ།

མཁལ་མའི་ནུས་པ་ཡང་མི་ཉམས་པ།

ཀཱོས་ཅཱེ་ཟེར་བ་དེ་ཡང་ཇ་ནང་དུ་སྦང་མི་དགོས་པ་ཆགས་ཤིང་།

སྒོར་ཁུག་ཀྱང་རིམ་གྱིས་འབུར་ནས་ཡོང་ལ།

གནོན་ཤུགས་དག་སྐད་ཅིག་ཙམ་ལ་མེད་པར་འགྱུར་འགྲོ།

དེར་བརྟེན།

ཚེ་རིང་བོར་འདུག་འདོད་ན།

ཞི་མོ་ཚོ་དང་རྒྱང་ཐག་རིང་དུ་ཆུགས།

 

ཕྱི་ཚོའི་ཞི་མོ་དེ་དག་ནི་ཀཱེ་ཟེར་བའི་འཚོ་བཅུད་སྨན་སྣ་དེ་ཡིན།

ཁྱིམ་ན་ཡོད་པའི་རྒད་མོ་ནི་རྒྱ་མི་རིགས་ལ་མཚོན་ན་ཚོད་མའམ་ཚལ་ཡིན་ལ།

བོད་མི་རིགས་ལ་མཚོན་ན་རྩམ་པ་ཡིན།

ཉིན་རེའི་ལྟོ་གསུམ་ལ་ཚལ་དང་ཡང་ན་རྩམ་པ་ཟ་དགོས་ཀྱང་།

སྐབས་རེ་སྐབས་རེ་ལ་ཀཱེ་ཟེར་བའི་འཚོ་བཅུད་སྨན་དེས་ཀྱང་ཁ་གསབ་རེ་བྱེད་དགོས།

ལུས་པོ་ལ།

བདེ་ཐང་ཡོང་སའི་གཞི་ནི།

རྒྱ་མི་རིགས་ལ་མཚོན་ན།

རང་ཁྱིམ་གྱི་སྔོ་ཚལ་དང་

བོད་མི་རིགས་ལ་མཚོན་ན།

ཁྱིམ་གྱི་སྦྲང་དཀར་རྩམ་པ་དེ་ཡིན།

 

ལུས་པོའི་ནུས་ཤུགས་ཀྱི་འབྱུང་ཁུངས་ནི།

ཕྱི་ཚོ་ནས་ཟོས་པའི་ཀཱེ་ཟེར་བའི་འཚོ་བཅུད་སྨན་སྣ་དེ་ཡིན་རབས་བཤད།

དེ་ལ་བརྟེན་དགོས་ཟེར།

 

བཤད་ཚུལ་ལ།

ན་ཆུང་ཞི་མོ་དེ་ཚོ་ནི་རྒྱལ་བོ་དང་ལྷ་ལ་འབུལ་རྒྱུའི་མཆོད་ཆང་ལྟ་བུ་རེད་ཟེར།

ཞི་ལུ་ཆགས་རྒན་དེ་ཚོ་ལས།

སུས་ཀྱང་ཁམ་གང་རེ་འཐུང་ན་འདོད་ཀྱི་ཡོད་ནི་རེད་ཅེས་བཤད་སྲོལ་ཡོད།

 

དགའ་རོགས་ཟེར་བ་དེ་ནི།

སྦི་རག་རེད།

སྦི་རག་བཞིན།

འཐུངས་ན་སྣང་བ་སྐྱིད་ཅིང་བྲོ་བའང་ལྡན།

 

བཟའ་ཚང་བྱས་ཚར་བའི་བུད་མེད་དེ་ཚོ་ནི།

ཆང་དམར་རེད།

ཆང་དམར་འཐུང་གི་ཡོད་པ་ནང་བཞིན།

ཁམ་གང་རེ་འཐུངས་ནས།

ཡུན་རིང་ལ་རོལ་མྱོང་བྱེད་དགོས།

 

ཁྱིམ་གྱི་ཆུང་མ་འདི།

ཨ་རག་དཀར་པོ་ལྟ་བུ་རེད།

འཐུང་ན་དཀའ་སྣང་སྐྱེ་ཡང་།

མཚམས་རེ་ལ།

ཐེངས་གཅིག་གཉིས་རེ་མི་འཐུང་ཐབས་མེད་རེད།

 

གསར་མོ་དེ་ཚོ་ནི་མཆོད་ཆང་ལྟ་བུ།

མཆོད་ཆང་དེ་ལག་ལ་རག་གི་འདོད་ཀྱང་།

དེ་ལ་ཉབ་རྒྱུ་དང་རག་རྒྱུ་དཀའ།

 

དགའ་རོགས་ནི།

བཟི་ཁ་ཆེ་བའི་སྦི་རག་ཡིན་སྐད།

འཐུང་རྒྱུ་མང་དྲག་ན།

གྱོད་སྣ་ཁ་མཆུ་ཡོང་ཟེར།

 

ཆང་ས་བརྒྱབ་ཚར་བའི་བུད་མེད་དེ་ཚོ་ནི།

རྒུན་ཆང་དམར་པོ་ལྟ་བུ་རེད་ཟེར།

སྒོར་མོ་མེད་ན་ཐོབ་རྒྱུ་དཀའ་ཟེར།

 

རང་གི་རྒད་མོ་ནི།

ཨ་རག་དཀར་པོའི་རིགས་རེད་ཟེར།

འཐུངས་ཚར་རྗེས་མགོ་གཟེར་རྒྱག་རབས་བཤད།

 

དེང་སྐབས་ཀྱི་ཞི་ལུ་དེ་ཚོ་དང་།

རྒད་པོ་དེ་ཚོ་ལ།

ཆུང་མ་མེད་ཅིང་དགའ་རོགས་ཀྱང་མེད་ཚེ།

དེ་དག་ནི་ཕན་ནུས་ཉམས་པའི་ཅ་ལག་ཙམ་ཞིག་རེད་ཅེས་བཤད་ཚུལ་ཡོད།

 

ཡང་དེ་དག་ལས།

ཆུང་མ་ཡོད་ཀྱང་དགའ་རོགས་མེད་མཁན་དེ་དག་ནི།

རྩི་ཤིང་ལྟ་བུ་ཞིག་རེད་ཟེར་ཀི་ཡོད་ཀི

 

དེ་མིན།

དེ་དག་ལས་འགའ་རེ་ལ།

ཆུང་མ་གཅིག་དང་།

དགའ་རོགས་ཀྱང་གཅིག་མ་གཏོགས་མེད་ཚེ།

དེ་ནི་མི་བུ་ཚད་ལྡན་གྲས་སུ་འཇོག་ཆོག་ཟེར།

 

དེ་ནས་ཀྱང་བཤད་ཚུལ་ལ།

དེ་དག་ལས།

ཆུང་མ་གཅིག་དང་དགའ་རོགས་མང་བོ་ཡོད་མཁན་དེའི་རིགས་ནི།

ཨ་མའི་གཅེས་ཕྲུག་ལྟ་བུའི་གྱུར་རེད་ཟེར།

 

གཞན།

དེ་དག་ལས།

ཆུང་མ་སུ་ཡིན་དང་དགའ་རོགས་གང་ཡིན་པའི།

དབྱེ་བའང་འབྱེད་མི་ཤེས་དང་མི་ཐུབ་མཁན་དེའི་རིགས་ནི།

གདོན་འདྲེ་ཁོ་ན་རེད་ཟེར།

 

ཆུང་མ་མེད་ཅིང།

དགའ་རོགས་ཟེར་བ་ཞིག་ཀྱང་ཁྲིད་ཡོང་རྒྱུ་མེད་མཁན་དེའི་རིགས་ནི།

སྲོགས་ཆགས་དུད་འགྲོ་ལས་མ་འདས་ཟེར།

 

བུད་མེད་དག་བརྩེ་དུང་དུ་ལྷུང་ཚེ།

ལག་འཁྱེར་ཁ་པར་དེའི་གྲགས་རྒྱུན་མི་ཆད་ཟེར།

སྐྱེས་པ་དག་བརྩེ་དུང་དུ་ལྷུང་ཚེ།

དངུལ་ཁང་ནང་གི།

སྒོར་མོའི་གྲངས་ཀ་དེ་རིམ་གྱིས་ཀླད་ཀོར་དུ་འགྱུར་འགྲོ་ཟེར།

 

ཐོ་ཐོས་དོན་བསྒྱུར་བྱས་པ། ༢༠༢༠།༡༡།༡༩

 

ཆུ་རྐྱལ་བྱེད་པའི་བུད་མེད་ལ་བྲིས།

 

པདྨའི་མེ་ཏོག་དམར་པོ་ཆུ་ཡིས་བརླན་པ་བཞིན།།

ཁྱེད་སྐུའི་མེ་ཏོག་པདྨ་རྫ་ཆུའི་ནང་དུ་བརླན།།

ང་ནི་རྫ་ཆུ་དེ་ཡི་གསེར་ཉར་གྱུར་ན་བསམས།།

ངས་ནི་མེ་ཏོག་དེ་ནས་འབབ་ཆུ་བརྔུབ་ན་འདོད།།

 

ཐོ་ཐོ་ནས།༢༠༢༠།༡༡།༢༠

 

ཞི་མོ་ཆུང་ལྷ།

 

ཞི་མོ་ཆུང་ལྷ་ཁྱེད་ནི་གང་གི་ཡིན།།

ཚོམས་འདིའི་ནང་ན་ཁྱེད་ལ་སྐད་གྲགས་ཆེ།།

འབའ་སྲས་སྨྱོ་ལ་ཁད་ཞོར་སྙན་ངག་འབྲི།།

ཟླ་གྲགས་སྨྱོ་ཞོར་སྙན་ངག་འབྲི་ཞོར་བྱེད།།

 

ང་ལ་མཚོན་ན་ཚོམས་འདིའི་འདང་ཅན་མ།།

མཚན་ལ་དཔྱིད་དཔལ་ཟེར་བའི་ཞི་མོ་ཡིན།།

ཆུང་ལྷས་ཕྲག་དོག་ཟ་རྒྱུ་མིན་ཟེར་ན།།

ཁྱེད་དང་འུ་གཉིས་ངོ་ཤེས་བསྒྲིག་ན་ཆོག།

 

བསམས་ན་ཁྱེད་ནི་ཡག་མ་ཡིན་ས་རེད།།

དེ་མིན་འབའ་སྲས་སྨྱོ་རྒྱུ་མ་རེད་འདོད།།

ཟླ་གྲགས་སྨྱོས་ཀྱང་ཁྱེད་དང་ཐག་ཉེ་ཡིན།།

ཆུང་ལྷ་ཁྱེད་ནི་ངོ་ཞིག་ཤེས་ན་འདོད།།

 

ཐོ་ཐོས། ༢༠༢༠།༡༡།༢༥

 

 

 

 

 

 

མདེའུ།

 

མེ་མདའ་དངོས་སུ་བཅངས་པ་མ་ཡིན་ཡང་།།

དངོས་སུ་མེ་མདའ་འཆང་ཡོད་ཚོར་ཤུགས་ལས།།

སེམས་ཀྱི་དགྲ་བོར་སེམས་ཀྱི་མདེའུ་མངགས།།

དཔའ་བོའི་རྣམ་ཤེས་ཚོགས་པའི་གཡུལ་སར་སྙམ།།

 

ཐོ་ཐོས། ༢༠༢༠།༡༡།༢༧

 

ཐོབ་ཤོར།

 

ཐོབ་ནི་མི་རུང་ཤོར་ནི་རེད།།

ཤོར་ནི་མི་རུང་ཐོབ་ནི་རེད།།

ཐོབ་ཤོར་གང་ཡང་མེད་གྱུར་ན།།

དེ་ནི་མ་འོངས་གཞི་མ་ཡིན།།

 

ཞེས་ཐོ་ཐོ་ནས། ༢༠༢༠།༡༢།༠༥

 

མྱི་ལྡིང་འདི།

 

མྱི་ལྡིང་འདི་ནི་ང་ཡི་ངོ་ཤེས་ཡིན།།

གྲོགས་པོར་ཆགས་ནས་ལོ་མང་འགོར་བསྡད་ཡོད།།

གསར་རྟགས་སྟོན་རྒྱུར་སྟོབས་ཅན་དགའ་ནི་རེད།།

ཞི་མོ་དེ་ཚོའི་སེམས་འབུ་ཁྲ་རིས་ཡིན།།

མྱི་ལྡིང་འདི་ལ་གསར་ཉམས་ལྡན་ནི་རེད།།

ཞི་མོ་མང་བོས་སེམས་པ་ཤོར་རབས་ཡོད།།

ཕྱི་རྒྱལ་ཞི་མོ་ལྷག་ཏུ་དགའ་རབས་ཡོད།།

ད་ལྟའི་ཆུང་མ་ཕྱི་རྒྱལ་ཞི་མོ་ཡིན།།

མྱི་ལྡིང་འདི་ནི་ཁ་བདེ་ལྕེ་བདེ་མིན།།

འབྲོག་མྱི་མང་ཕྱོགས་དེ་འདྲ་ཡིན་ས་རེད།།

སེམས་ལ་གང་ཤར་ཁ་ནས་མངག་ནི་རེད།།

སྐང་ཆ་མཐོ་དམན་གཉིས་ཀ་བཤད་ནི་རེད།།

 

སྐྲ་རིང་འཇོག་རྒྱུ་འབྲོག་པའི་དགའ་ཕྱོགས་ཡིན།།

གྲྭ་པ་མིན་ཚེ་སྐྲ་རིང་འཇོག་ནི་རེད།།

བོད་པ་དེ་ཚོ་དགའ་ཡང་མ་དགའ་ཡང་།།

རྡ་སའི་སྲང་ནས་སྐྲ་རིང་གཡུགས་མྱོང་ཡོད།།

 

མྱི་ལྡིང་འདི་དང་ང་གཉིས་མཐུན་ས་མང་།།

མྱི་ལྡིང་འདི་དང་ང་གཉིས་འདྲ་ས་མང་།།

མྱི་ལྡིང་འདི་ཡི་ཆུང་མ་འཇར་མཱན་མ།།

འདྲེ་ཐོ་ངའི་ནི་ཆུང་མ་རྒྱ་མོ་ཡིན།།

 

བོད་མོ་ཞིག་དང་བཟའ་ཚང་བསྒྲིག་འདོད་ཀྱང་།།

བོད་པ་དེ་ཚོས་སྐྲ་རིང་ཕོ་གསར་ལ།།

ལྟ་སྟངས་ཡག་པོ་མེད་སྟབས་བོད་མོ་ཤོར།།

ཡང་ན་བོད་མོ་དེ་ཚོས་ང་གཉིས་ཤོར།།

བོད་མོ་ཞིག་དང་བཟའ་ཚང་བསྒྲིགས་བྱས་ནས།།

བོད་མིའི་རིགས་རྒྱུད་སྤེལ་ན་བཟང་ལོས་བཟང་།།

ཡིན་ཡང་དེང་གི་འཛམ་གླིང་སྤྱི་ཡོངས་ལ།།

བསམས་ན་བོད་ལས་མི་རིགས་བསོད་ཟད་མེད།།

རང་གི་རྒྱལ་ཁབ་ཟེར་བ་འདི་ལ་མེད།།

རྒྱལ་ཁབ་རྩོད་པའི་དམག་དཔུང་འདི་ལ་མེད།།

དཔལ་འབྱོར་ཐད་ནས་རང་ཁ་ཟོས་མི་ཟོས།།

ཆབ་སྲིད་ཕྱོགས་ནས་རང་མགོ་གཡོགས་ཐབས་ཙམ།།

 

དབུ་མའི་ལམ་ཞེས་སྲིད་ཇུས་སྤེལ་ཡོད་ཀྱང་།།

རེ་བ་རྒྱག་ས་རེ་བ་སྐོང་མཁན་དེ།།

འཛམ་གླིང་འདི་ན་དེ་ལས་སྡུག་མེད་པའི།།

དམར་པོའི་གཞུང་དེ་ཡིན་སྟབས་ཁག་པོ་རེད།།

 

དྲག་པོའི་ལམ་ནས་རྩོད་རྒྱུ་དེ་ལས་དཀའ།།

དམག་དང་སྟོབས་འབྱོར་ང་ཚོ་བོད་པར་མེད།།

ཐབས་དང་ཤེས་རབས་ང་ཚོར་ཡོད་ཀྱང་རུང་།།

དེ་ལ་རམ་འདེགས་བྱེད་པའི་ལག་ཆ་མེད།།

 

མདོར་ན་བོད་པའི་རིགས་རྒྱུད་ཡོད་ཀྱང་མེད།།

གོ་ལ་འདི་ལ་མཚོན་ན་གྱོང་གུན་མེད།།

བོད་པ་མེད་ཀྱང་ནང་ཆོས་སྔར་བཞིན་ཡོད།།

ང་ཚོའི་ཕྱོགས་ན་མཛད་རྗེས་ཅི་ཞིག་ཡོད།།

 

འཛམ་གླིང་འདི་ལ་མཚོན་ན་ང་ཚོ་ལས།།

ཡིད་བཞིན་ནོར་བུ་གཅིག་པོ་ཡོད་པས་ཆོག།

ང་ཚོའི་ཕྱོགས་ན་འཛམ་གླིང་འདིར་ཕན་པའི།།

ནུས་པ་ནས་འབྲུ་ཙམ་ཡང་འབུལ་རྒྱུ་མེད།།

དེས་ན་ཁྱེད་ཚོ་དགའ་ཡང་མ་དགའ་རུང་།།

བོད་མིའི་རིགས་རྒྱུད་ཟེར་ནས་ཡ་མཚན་མེད།།

མི་རིགས་གཞན་པར་མཐོང་ཆུང་བྱེད་རྒྱུ་མེད།།

རང་གི་སྐྱག་ཁ་བཙུམས་ནས་འདུག་རྒྱུ་བྱོས།།

 

སྨྱོན་པ་ཐོ་ཐོས། ༢༠༢༠།༡༢།༠༧

 

ཐོ་ཐོའི་མདངས་ཅན།

 

ཆེ་རྒྱུ་ཆུང་རྒྱུ་མེད་འདི་ཐོ་ཐོ་ང་ཡི་ལག་ཆའོ།།

ཕྲ་རྒྱུ་སྦོམ་རྒྱུ་མེད་འདི་ཐོ་ཐོ་ང་ཡི་གཅེས་ཕྲུག་སྟེ།།

འཇིབ་བདེ་འཛིན་བདེ་ཡིན་ལ་མདངས་ཀྱང་ཤིན་ཏུ་དམར་དམར་ལགས།།

བོད་པའི་བུ་མོར་བཙུགས་ན་འདོད་པ་མི་ཁེངས་ཡོད་རེ་སྐན།།

 

༢༠༢༠།༡༢།༠༨ལ།

 

སད་འདོད་པའི་གཉིད། གསོན་འདོད་པའི་སྲོག

 

གཉིད་མ་སད་ཀྱི་བར་ན་ང་དང་ཁྱེད།།

ཤི་མ་གསོན་གྱི་བར་ན་ང་ཚོའི་སྲོག།

གཉིད་ནི་ཡོད་ཀྱང་ང་ཚོད་སད་དུ་བཅུག།

སད་དུ་བཅུག་ཀྱང་ང་ཚོ་བསྐྱར་དུ་ཉལ།།

མེ་ཡི་ཕུང་བོ་འབར་བའི་ཟུག་གཟེར་དེས།།

འཆི་ལ་ཉེ་བའི་ང་ཚོར་གསོན་ཤུགས་གནང་།།

མེ་ཤུལ་དུ་བ་སྤྲིན་དང་མ་འགྲོགས་གོང་།།

ང་ཚོའི་སེམས་ནས་མེ་ཡི་ཕུང་བོ་བརྗེད།།

 

ང་ཚོས་ད་དུང་ཤིན་ཏུ་ནང་དམེ་བས།།

བཙན་པོའི་རྒྱལ་ཁབ་སྲུང་བའི་དམ་པའི་ཆོས།།

དམ་ཆོས་དེ་དག་སྤེལ་བའི་གདོང་དམར་བ།།

བདུད་ཀྱི་དཔུང་ལ་བཟུང་བར་ཡིད་སྨོན་བྱེད།།

 

ཐོ་ཐོའི་སྙན་ངག ༢༠༢༠།༡༢།༠༨

 

ཐོ་ཐོའི་ཁ་ཆེམས་ཤིག

 

འབྱུང་བ་ལས་གྲུབ་ཕུང་བོའི་ཚོགས་འདི་མཐའ་མའང་།།

འབྱུང་བའི་ནང་དུ་འཐིམ་ནས་འགྲོ་བ་ཆོས་ཉིད་ཅིག།

ས་ལ་འཇུག་ཅིང་མེ་ལ་བསྲེག་པ་བྱ་གཏོར་བཅས།།

སྣ་ཚོགས་ལུགས་ལས་གང་གིས་རྫོགས་ཀྱང་ཆོག་མཆན་ཡོད།།

སྟབས་བདེ་གང་ཡིན་བུ་དང་ཆུང་མས་འདེམས་རོགས་བྱ།།

 

ཤི་ནས་སོང་ཚེ་རེ་ཞིག་གཞན་གྱིས་གླེང་སྲིད་ཀྱང་་།།

ཤི་ནི་ཚར་བས་འཇིག་རྟེན་འདི་དང་འབྲེལ་བ་ཆད།།

བེམ་པོ་ཙམ་ལས་ཅི་ཡང་མེད་པའི་མཇུག་མཐའ་རུ།།

དུར་ས་དེའང་བདག་ལ་དབང་བ་མ་ཡིན་ཏེ།།

བདག་ནི་མེད་པས་འཇིག་རྟེན་འདིའང་མི་སྣང་ངོ་།།

༢༠༢༠།༡༢།༡༥

འདྲེ་ཐོ་ང་ཐེངས་ཤིག་སྨྱོས་ན་ཨེ་འགྲིག་གམ།།

 

མི་ཚེ་འདི་དང་འབྲེལ་བའི་འཇིག་རྟེན་འདིའི།།

ཟས་དང་འབྱོར་བ་བུད་མེད་ཚོགས་བཅས་ལ།།

ཤིན་ཏུ་ཆགས་པའི་འདོད་རྔམས་ཆེ་དྲགས་པས།། 

བསྐྱར་དུ་མི་ལུས་ལེན་པར་གསོལ་བ་ཙམ།།  

 

འོན་ཀྱང་ངག་ནས་སེམས་ཅན་ཐམས་ཅད་ཅེས།།

ཁ་ཕོ་ཁ་བཤད་དོན་ལ་མི་གནས་པའི།།

ཚིག་སྦྱོར་ཤིན་ཏུ་མཛེས་པར་སྨྲ་མཁས་པའི།།

གངས་ཅན་མཁས་པའི་གཙུག་རྒྱན་དེ་བཞིན་ནོ།།

 

རང་རིགས་བདུད་དུ་འཛིན་པ་གང་ཞིག་གིས།།

རང་གི་མེས་པོའི་བསྟན་པ་ཚར་བཅད་པར།།

བདུད་དཔུང་མ་ལུས་འཇོམས་མཛད་ཅེས་བསྔགས་པ།།

ཁ་བཤད་དོན་དུ་གནས་པ་ཡིན་ནམ་ཀྱེ།།

 

སངས་རྒྱས་བསྟན་པ་ཟེར་ན་རྒྱ་གར་བས།།

བོད་ཀྱི་བཙན་པོའི་རྒྱ་རབས་ཉམས་བྱེད་དུ།།

ཐབས་དང་གཡོ་སྒྱུའི་ལན་ནས་སྤེལ་བ་ཞིག།

མེས་པོའི་བསྟན་པ་ཉམས་པས་བོད་ཀྱང་ཉམས།།

 

མེས་པོའི་བསྟན་པ་དར་སྐབས་བོད་ཀྱང་དར།།

མེས་པོའི་བསྟན་པ་ཉམས་རྗེས་བོད་ཀྱང་རྒུད།།

མེས་པོའི་བསྟན་པ་སྲུང་བའི་གདོང་དམར་བ།།

བདུད་དུ་བཟུང་བས་བོད་ནི་ཤིན་ཏུ་རྒུད།།

 

ང་ལ་མཚོན་ན་ཆོས་དང་རྒྱལ་དར་ལས།།

སེམས་ཀྱི་དམར་དམར་ཆགས་ས་རྒྱ་དར་ལགས།།

མཉམ་འབྲེལ་རྒྱལ་ཚོགས་མདུན་གྱི་རྒྱ་དར་ཁྲོད།།

བོད་པའི་རྒྱ་དར་གྱེན་དུ་བསྒྲེངས་པས་ཆོག།

 

ཅེས་འདྲེ་ཐོ་ཐོ་ནས་རྒན་ཨ་ཆེན་ལགས་ལ་རྩེ་མཚར་ངང་བྲིས་པ་འདི་ནི་རྩེ་མཚར་ཁོ་ན་ཞིག་ལས། གཞན་ཅི་ཡང་མིན་ནོ། ༢༠༢༠།༡༢།༢༣ལ།

 

རྒད་པོ་ངར་གཉིད་མི་ཡོང་གི།

 

རྒད་པོ་ང་ནི་གཉིད་ཀྱང་སད་ཀྱང་འཇིག་རྟེན་འདིར།།

 ཡོད་ན་ཆོག་ཀྱང་མེད་ཀྱང་གྱོང་གུན་ཅི་ཡང་མེད།།

རྨི་ལམ་ལྟ་བུའི་མི་ཚེའི་ཕྱེད་ཀ་ཉལ་སའི་ནང་།།

རྨི་ལམ་རྫོགས་ཚེ་ཚེའང་ཧ་ལམ་རྫོགས་ལ་ཉེ།།

 

ཚེ་འདིར་མཛད་རྗེས་ཟེར་བ་ང་ལ་སྤུ་ཙམ་མེད།།

ཚེ་འདིར་འོད་སྟོང་འཕྲོ་ཞེས་ང་ཡིས་འཆད་མི་སྤྲོ།།

གང་ལྟར་མི་ཚེ་ཟེར་བ་ཚེ་ལོ་བརྒྱ་བཅུ་ཙམ།།

སྐྱིད་ཀྱི་སྡུག་གི་འདོད་ཀྱང་མཐའ་མར་རྨི་ལམ་ཙམ།།

 

སྐྱེས་ཀྱང་སྐྱེ་སའི་བོད་ཁམས་སྔར་བཞིན་རྗེས་ལུས་ཏེ།།

སྐྱེ་ཐེངས་རེ་ལ་སུམ་རྟགས་སྙན་ངག་སྦྱང་བྱེད་པའི།།

གདོང་དམར་བོད་པ་ཚང་གིས་གནའ་ནས་ད་བར་དུ།།

སུམ་རྟགས་སྙན་ངག་འཁོར་ལོ་ཡང་དང་བསྐྱར་དུ་སྐོར།།

 

ཐོ་ཐོས།༢༠༢༠།༡༢།༢༤ལ།

 

 

བློ་བསྟན་རྣམ་གླིང་ལགས་ཀྱི་སྐད་འབོད།

 

འབངས་སེམས་འགུར་ཕྱིར་ཚིག་རྒྱན་བསྒྲག་མི་བྱ།།

སྒྱུ་རྩལ་ཁོ་ནས་བོད་དོན་སྒྲུབ་རྒྱུ་དཀའ།།

གཞན་དོན་བསྒྲུབ་རྒྱུ་བསྟན་པའི་སྙིང་བོ་ཡིན།།

བོད་དོན་བསྒྲུབ་རྒྱུ་ང་ཡི་དམིགས་འབེན་ཡིན།།

 

བོད་དོན་བསྒྲུབ་པར་ལྷད་མེད་སེམས་ཤུགས་མཁོ།།

སེམས་ཤུགས་དེ་ཉིད་རི་བཞིན་བརྟན་པོ་མཁོ།།

ཁ་སང་ཁེས་ཉིན་གནམ་ནས་བབས་པ་མིན།།

ན་ཟུག་ཁྲོད་ནས་བསགས་པའི་སེམས་ཤུགས་ཡིན།།

 

ཁ་བའི་ལྗོངས་སུ་ཕོ་རོག་ནག་ཚོགས་ཀྱིས།།

སྤྲིན་པ་དཀར་པོར་སྡེར་ཤད་གྲངས་མེད་རྒྱག།

བློ་བསྟན་ཁོང་ནི་ཕོ་རོག་དཀར་པོར་བརྫུས།།

ཁ་བཏགས་དཀར་པོས་བོད་ཁམས་རྨ་ཁ་གཡོགས།།

 

ཐོ་ཐོས་བྲིས། ༢༠༢༠།༡༢།༢༨ལ།

 

 

 

ཆིག་སྒྲིག་དང་སྙིང་སྟོབས།

 

ང་ཚོ་ནི་

ཁ་བ་དང་ཆེས་ཐག་ཉེ་བའི་ཁ་བའི་འབངས།

ང་ཚོ་ནི་

གངས་རི་དང་ཆེས་འབྲེལ་འདྲིས་ཆེ་བའི་གངས་རིའི་བདག་པོ་དང་བདག་མོ།

ང་ཚོ་ནི་

གངས་སེང་དང་མཉམ་དུ་ཆིངས་ཡིག་བཞག་མྱོང་ཡོད་པའི་

གདོང་དམར་བོད།

ང་ཚོ་ནི།

ངེས་པར་དུ་ཆིག་སྒྲིལ་བྱེད་དགོས་པའི་

མདོ་དབུས་ཁམས་ཀྱིས་གྲུབ་པའི་བོད་མི་རིགས།

 

ཐོ་ཐོའི་ནས།

 

བོད་ཁམས་ནམ་མཁའ་མུན་པ་ནག་པོས་ཁེངས།།

བོད་པའི་སེམས་ཁམས་ཁྲག་གི་རྒྱ་མཚོས་ཁེངས།།

ཁྲག་ཐིགས་རེ་རེ་མུན་པ་ནག་པོས་སྦགས།།

བོད་མིའི་ལས་དབང་གཞན་ལ་ལྐོག་གྱུར་ཅིག།

 

རལ་གྲི་རྣོན་པོ་དཔའ་བོའི་ནོར་བུ་ཡིན།།

དཔའ་བོའི་མི་རྣམས་བོད་ཀྱི་ནོར་བུ་ཡིན།།

ནོར་བུ་དེ་དག་དོན་དངོས་ནོར་བུ་ཡིན།།

དྲིལ་བུ་རལ་གྲིར་གྱུར་ན་ནོར་བུ་ཡིན།།

 

ཕྱི་ཡི་དགྲ་བོ་དོན་དངོས་དགྲ་བོ་ཡིན།

ནང་མི་དགྲ་བོར་འཛིན་པ་འཁྲུལ་སྣང་ཙམ།།

མྱ་ངམ་ཐང་ལ་འདེད་མཁན་ཕྱིའི་དགྲ་བོ།

ལྷ་ཡུལ་ཁམས་སུ་འདྲེན་མཁན་ཆིག་སྒྲིལ་ལགས།།

 

ཐོ་ཐོས། ༢༠༢༠།༡༢།༣༠

 

དམ་བཅའ་ཤོར་བ་མ་བརྗེད།

 

སྲུ་མོ་སེམས་ལ་འབབ་རྒྱས།།

ཁ་ཐག་རིང་བའི་ང་ལ།།

ལུས་དྲོད་གནང་ཐབས་མེད་ཀྱང་།།

སེམས་འབུ་ཁྲ་རིས་ཡིན་ཟེར།། 

 

རྒྱང་རིང་ཡུལ་ནས་ལོག་ཉིན།།

གྱོད་དང་ཁ་འཆུ་བཙུགས་ཀྱང་།།

ཐེངས་ཤིག་མཇལ་རྒྱུ་ཡིན་ཞེས།།

དམ་བཅའ་ཤོར་བ་མ་བརྗེད།།

 

ཚེ་འདིའི་ལས་དབང་ཞིག་གིས།།

ཁྱིམ་གཅིག་ཚེ་གྲོགས་མིན་ཡང་།།

ནང་གཅིག་བཟའ་མིར་གྱུར་པས།།

མཇལ་རྒྱུའི་བསྐལ་བ་ལོས་ལྡན།།

 

ཐོ་ཐོས། ༢༠༢༠།༡༢།༣༠

ངོ་ཚ་ཉོས་པའི་སྣང་རའི་གོ་རེ་ཆེན་མོ།

 

སྣང་རའི་གོར་མོ་ཆེ་ཁྱེད།

སྔར་མཇལ་རྟེན་དུའང་བསྲེགས་མྱོང་ཡོད་ཅིང་།

མཇལ་རྟེན་དུ་ཕུལ་མྱོང་ཡོད།

སྔར་ལྷ་སའི་ཇོ་བོའི་མདུན་དུ།

མཆོད་བཤམས་སུ་གྱུར་མྱོང་ཡོད་ཅིང་།

ཀུན་གཟིགས་པཎ་ཆེན་ཚང་གིས་ཀྱང་།

ཁོང་གི་མཆོད་ཁང་དུ།

མཆོད་བཤམས་ལ་བཞག་མྱོང་ཡོད།

འོན་ཀྱང་། ཐེངས་འདི་ལ།

ཁྱེད་ཀྱིས་དངོས་གནས་ངོ་ཚ་ཉོས་སོང་།

ཁྱེད་ཀྱིས་དངོས་གནས་ཁྲེལ་མེད་བྱས་སོང་།

 

ཁྱེད་ཀྱི་གོར་དྲི་ཞིམ་པོའི་དེའི་ནང་།

ཆབ་སྲིད་དྲི་ངན་བསྲེས་སོང་།

 

དུས་ད་ནས་བཟུང་།

བོད་མི་རིགས་ཀྱི་སོ་བར་ནས།

ཁྱེད་ཉིད་ཆབ་སྲིད་དུ་གྱུར་ཚར།

ཆབ་སྲིད་དུ་བསྒྱུར་ཚར།

 

དུས་དེ་རིང་ནས་བཟུང་།

ཁྱེད་ལ་སྣང་རའི་གོར་མོ་ཆེ་མི་ཟེར།

ཁྱེད་ཀྱི་མིང་ལ་ཆབ་སྲིད་གོ་རེ་འདོགས།

 

གང་ལྟར་་་་་

 

ངོ་ཚ་ཆེ་ཆེར་ཉོས་འདུག་སྣང་རའི་གོར་མོ་ཆེས།།

མེས་པོར་ཁྲེལ་མེད་བྱས་སོང་སྣང་རའི་གོར་མོ་ཆེས།།

ཁྱེད་ནི་ཞིམ་ནས་ཐོག་ཏུ་ཤིན་ཏུ་ཆེ་ནའང་།།

བཞེས་མཁན་རྒྱལ་པཎ་མིན་པས་བདག་གི་ཡིད་རེ་སྐྱོ།།

 

སྐད་གྲགས་ཤིན་ཏུ་ཆེ་བའི་སྣང་རའི་གོར་མོ་ཆེ།།

ཐེངས་འདིར་སྐད་གྲགས་བཞག་སོང་ལྗིད་ཚད་ཆིག་སྟོང་རེད།།

གནའ་དུས་བླ་མར་ཕུལ་བར་སེར་སྣ་བྱས་པ་རྟོགས།།

ལྗིད་ཚད་གསུམ་བརྒྱའི་ཡན་དུ་འབུལ་མྱོང་མེད་ཅེས་བསྒྲགས།།

 

ལོ་ངོ་བརྒྱ་ནི་ལོན་པའི་ཏང་གི་སྐྱེས་སྐར་ལ།།

འབངས་ཀྱིས་གཟི་བརྗིད་ངང་ནས་དགའ་བསུ་བྱེད་ཅེས་འདོགས།།

རྒྱ་མ་ཆིག་སྟོང་ཅན་གྱི་གོ་རེ་ཏང་ལ་ཕུལ།།

ཏང་ལ་གྲོད་ཁོག་ཆེ་བ་བོད་མིས་ཤེས་བསྡད་ཡོད།།

 

ཅེས་དྲི་ངན་བཀུམ་ནས་བྲིས། ༢༠༢༡ ལོར།

 

 

 

 

ཆང་གིས་བཟི་བའི་མཚན་མོར།

 

ཆང་གིས་བཟི་བའི་མཚན་འདིར།།

ཆང་ཕོར་ཁ་ཡི་དབུ་བ།།

ཁ་བའི་རི་བོར་འཁྲུལ་སོང་།།

གངས་སེང་དྲན་དུ་བཅུག་སོང་།།

 

ཕ་ཡུལ་ཐེངས་མང་དྲན་པའི།།

བསགས་པའི་མིག་ཆུ་དྲོན་མོ།།

དགུན་ཟླའི་རྨི་ལམ་ནང་ནས།།

ཁ་བའི་འདབ་མར་གྱུར་སོང་།།

ཁ་བ་འབབ་ཐེངས་རེའི་ནང་།།

ལེ་བར་སྟོང་ཕྲག་བརྒལ་ཏེ།།

ཁ་བའི་ཟེགས་མར་གྱུར་པའི།།

ང་ཡི་མིག་ཆུ་དེ་ཡོད།།

 

ཁ་བས་གཡོགས་པའི་བོད་ཁམས།།

ང་རང་ཕ་ས་ཕ་ཡུལ།།

ཆུང་དུས་ཧེར་ལྭ་བསྐོན་ས།།

མིག་ཁ་རྩིད་པས་འགེབས་ས།།

 

འདྲེ་ཐོས།

 

 

ངས་བསྟོད་གླུ་ལེན་ན་དེ་ལ་ལེན།

 

རྗེ་རྒྱལ་བ་བན་ཆེན་གཙུག་གི་ནོར།།

དེ་བོད་པ་ཚང་གི་ཉི་ཟླ་རེད།།

དེའི་འབངས་མི་མདོ་དབུས་ཁམས་གསུམ་རེད།

ངས་བསྟོང་གླུ་ལེན་ན་དེ་ལ་ལེན།།

 

སྐད་ཡི་གེ་གཉིས་ཀ་སྲོག་རྩ་རེད།།

ངེད་བོད་པ་ཚང་གིས་བོད་ཡིག་སྦྱོངས།།

ངེད་བོད་པ་ཚང་གིས་བོད་སྐད་ཤོད།།

ངས་བསྟོད་གླུ་ལེན་ས་དེ་གཉིས་ཡིན།།

 

ཆོས་ཆབ་སྲིད་གཉིས་ཀས་རྒྱལ་ཁམས་སྐྱོང་།།

ཆོས་དག་མ་རྒྱལ་བའི་ཐུགས་ན་བཞུགས།།

སྲིད་ཡག་པོ་དབུ་མའི་ལམ་ལ་བཞེད།།

ངས་བསྟོད་གླུ་ལེན་ན་དེ་ལ་ལེན།།

 

འདྲེ་ཐོ་ཐོས། ༢༠༢༡-༠༢-༡༦ ལ།

 

ཨ་མའི་ཚེས་ཇ།

 

ཉིན་ཞག་ཁོག་ན་རྩི་བའི་ལོ་ཟླ་དག།

ས་མཐའི་རེ་སྒུག་ཁྲོད་ན་བསྐྱར་ཟློས་བགྱི།།

གཞིས་བྱེས་ལྷན་འཛོམས་འབྱུང་བའི་ལོ་སར་ཅིག།

ང་ཡི་མི་ཚེའི་མཇུག་འདིར་ཡོང་བར་སྨོན།།

ས་མཐའི་མི་ཚོགས་འདུས་པའི་ཁྲོམ་ར་ན།།

ང་ནི་ཕ་མ་མེད་པའི་དྭ་ཕྲུག་འདྲ།།

ལོ་སར་ཚེས་གཅིག་ཡིན་པ་འདྲ་ནའང་།།

ཨ་མའི་ཚེས་ཇ་ཁ་ལ་མ་རེག་སྐྱོ།།

 

ས་མཐའ་སྐྱིད་ཀི་འདོད་ཀྱང་གཞན་གྱི་ཡུལ།།

ཕ་ཡུལ་སྡུག་གི་བསམ་ཡང་རང་གི་ཡུལ།།

གཞིས་བྱེས་ལྷན་འཛོམས་བྱུང་བའི་ཉི་མ་དེར།།

ང་ཚོས་ནང་མི་འཁྲིད་ནས་བོད་ལ་ཡོང་།།

 

འདྲེ་ཐོ་ཐོས་བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་ཟླ་དང་པོའི་ཚེས་གཅིག་ལ་བྲིས། སྤྱི་ལོ་༢༠༢༡ ལོའི་ཟླ་གཉིས་པའི་ཚེས་བཅུ་གཉིས་སོ།

 

 

དྲིན་ཅན་མ།

 

 

ད་ནི།

ཡུལ་འདི་ནས།

ལོ་ཐོ་ཁ་ཤས་ཤིག་འགོར་རྗེས།

རྒད་པོ་ང་ནི།

ལོ་རྒན་བརྒྱ་བཅུ་དགུ་བཅུའི་ནང་དུ།

གོམ་པ་སྤར་ཚར་པའི་རྒན་ཁོག་ཅིག་ཏུ་འགྱུར་སྲིད།

 

དུས་དེ་ལ་བསླེབས་ཚེ།

ངས་ངའི་ཕོ་མཚན་དེ་བཅད་ནས།

ང་རང་གི་ལག་རྟེན་བྱས་ཏེ།

གོམ་པ་ཁྱར་ཁྱོར་ཅིག་སྤོ་ཞོར།

ཁྱེད་ཡོད་སའི་ཁྱིམ་དེར་ཐོན་ཡོང་།

 

དེ་དུས།

ང་ལ་ཚིག་ཤོར་ཡོད་པ་ནང་བཞིན།

ཁྱེད་ཀྱིས་རང་གི་མོ་མཚན་དེ་ཉིད།

ང་ཉལ་སའི་གདན་དུ་ཐོངས་ཤོག

 

ཁྱེད་ཀྱི་བྲང་གི་ནུ་མ་གཉིས་ཀྱང་།

ང་ལ་སྔས་མགོ་བྱེད་དུ་ཆུགས།

 

དེ་དུས་དྲིན་ཅན་མ།

སྐུ་མཁྱེན་གསུང་མཁྱེན།

ཁྱེད་ཀྱི་ཕྱག་ལག་དང་སོར་མོ་དེ་དག་གིས།

ངའི་ལག་རྟེན་དམིགས་བསལ་བ་དེ་ལ།

གཡས་གཡོན་གང་རུང་ནས་སྐྱོར་མ་རེ་རྒྱག་རོགས།

 

སྐུ་མཁྱེན་གསུང་མཁྱེན། དྲིན་ཅན་མ། ་་་་་་

 

ཐོ་ཐོས། ༢༠༢༡།༠༢།༢༠

 

རྫ་བུམ་དང་སེར་ཆེན་མེ་ཏོག

 

ཕྱི་རོལ་ཉི་མའི་འོད་དུ་ཡུན་རིང་མངོན་མེད་ཅིང་།།

རང་ཁྱིམ་བུམ་པ་དོག་པོས་བཙོན་དུ་བཅུག་བྱས་པའི།།

སེར་ཆེན་མེ་ཏོག་བསྐྱར་དུ་ཉི་མའི་འོད་ན་འཚེར།།

གཡུ་སྦྲང་ངས་ནི་སྙན་ངག་སྦྲང་རྩིར་རོལ་རྒྱུ་བྱུང་།།

 

དགའ་སའི་སེར་ཆེན་མེ་ཏོག།

ཁྱིམ་གྱི་བུམ་པར་བཅུག་སོང་།།

ཕྱི་རོལ་ཉི་འོད་ཁྲོད་ཀྱི།།

གཡུ་སྦྲང་འབབ་ས་མ་རྙེད།།

 

མཛེས་པའི་སེར་ཆེན་མེ་ཏོག།

ཁྱེད་ལ་བཅངས་པའི་དུངས་པ།།

སེམས་ཀྱི་གསང་ས་ཤིག་ཏུ།།

ལོ་དང་ཟླ་བར་ཉར་ཡིན།།

 

བུམ་པ་འཐོར་ན་བསམ་ཡོད།།

གཏོར་རྒྱུའི་བསམ་པ་མེད་ཀྱང་།།

དེ་འདྲའི་མེ་ཏོག་སྙིང་རྗེ།།

རྫ་བུམ་ནང་ནས་ལད་འགྲོ།།

 

སེར་ཆེན་ཉི་མས་འཁྱུད་ས།།

ཕྱི་རོལ་མེ་ཏོག་ཐང་ཡིན།།

ཁྱིམ་གྱི་རྫ་བུམ་དོག་པོ།།

མེ་ཏོག་འཚར་བའི་ཀེག་ཡིན། །

མེ་ཏོག་མིག་ལ་མཛེར་པ།།

མེ་ཏོག་སྣ་ལ་ཞིམ་པ།།

མེ་ཏོག་མཛུབ་རྩེར་འཇམ་པ།།

མེ་ཏོག་སེར་ཆེན་སྐུ་བདེ།།

 

ཁྱེད་ནི་སེར་ཆེན་མེ་ཏོག།

ང་ནི་གཡུ་ཡི་སྦྲང་མ། །

དཔྱི་ཡི་མེ་ཏོག་ཐང་དུ།།

མཉམ་འཛོམས་བྱུང་ན་དགའ་བ། །

 

ཐོ་ཐོས། ༢༠༢༡-༠༣-༠༧

 

 

སེམས་སྦྱོང་བ།

 

 མིང་ཙམ་མཚོན་བྱེད་ཡི་གེ་ཟེར་བའི་རི་མོའི་ཐོག།

དྲ་འབུ་འགའ་རེས་ཐོ་བ་བསྒྲེངས་ནས་བརྡུངས་ཀྱང་རུང་།།

འདྲེ་ཐོ་ངས་ནི་འཛུམ་གྱིས་བསུ་ཞོར་ཞེ་འཁོན་སྤངས།།

སེམས་སྦྱོང་བྱེད་པའི་རྒྱུ་ལ་བསམས་ཤིང་འབྲས་བུར་གཉེར།།

 

ཐོ་ཐོས། ༢༠༢༡-༠༣-༡༤

 

སྙན་ངག་གསོན་པོ།

 

ཤིན་ཏུ་མཛེས་པ་ཁྱེད་སྐུའི་དར་ཚོན་གྱིས།།

རླུང་གིས་གཡོ་བའི་སྐར་མ་ཐང་ལ་གཡུགས།།

སེམས་ཀྱི་ན་ཟུག་གློ་བུར་ཡལ་ནས་སོང་།།

ཁྱེད་ནི་དངོས་སུ་བཞེངས་པའི་སྙན་ངག་ཅིག།

 

ཡང་ན།

ཤིན་ཏུ་མཛེས་པ་ཁྱེད་སྐུ་གཡོགས་པའི་དར་ཚོན་གྱིས།།

མེ་ཡིས་གཡོ་བའི་སྐར་མ་དེ་དག་ཐང་ལ་གཡུགས།།

སེམས་ཀྱི་ན་ཟུག་གློ་བུར་ཡལ་ནས་མགོ་བོ་བསྒྲེངས།།

དངོས་སུ་བཞེངས་པའི་སྙན་ངག་གསོན་པོར་དེ་རིང་མཇལ།།

 

ཐོ་ཐོས། ༢༠༢༡-༠༣-༡༦ ལ།

 

 

ཐོ་ཐོའི་མདུང་ཐུང་།

 

ཤིན་ཏུ་མཁྲེགས་པོ་མིན་པའི་མདུང་ཐུང་དེ།།

འདོམས་ཀྱི་གཡུལ་སར་སྲིང་ཞོར་ཚོར་བར་གཉེར།།

གཡུལ་སའི་བདག་མོ་འདོད་པའི་ན་ཟུག་གིས།།

དྲག་ཏུ་མནར་རྐྱེན་གཡུལ་སར་མིག་ཆུས་ཁེངས།།

 

ཐོ་ཐོས། ༢༠༢༡-༠༣-༡༦ ལ།

དེ་རིང་སེམས་དགོན་གནས་ལ་ཕུལ་བའི་མེ་ཏོག

 

འདི་དག་རེག་མེད་འཛིན་མེད་རྟོག་བཟོའི་གཟུགས།།

མིག་ཤེས་ཁོ་ནར་བསྐྲུན་པའི་མེ་ཏོག་གཟུགས།།

ཡིད་ཀྱིས་མྱང་བྱར་ཡལ་རྒྱུ་མེད་པའི་གཟུགས།།

སྟོང་ཁམས་སྒྱུ་མའི་སྐྲུན་བྱེད་གྲངས་འབྲེལ་གཟུགས།།

མེ་ཏོག་དངོས་སུ་ང་ཡིས་བསམས་བྱས་ཏེ།།

དངོས་སུ་མེ་ཏོག་འབུལ་བཞིན་ཕུལ་བ་ལགས།།

 

ཐོ་ཐོས། ༢༠༢༡-༠༣-༡༩

 

 

སེམས་དགོན་གནས་ཀྱི་རྣལ་འབྱོར་པ།

 

 གློག་འཁྱུག་མེ་འབར་བྱེད་སའི་བསམ་བློའི་གཡུལ་ས་ངོ་མཚར་བ།།

ཡུན་རིང་དབེན་གནས་གློ་བུར་ཆོས་ར་གློ་བུར་གཙུལ་ལག་ཁང་།།

དབེན་གནས་དགོན་ཞེས་མིང་དུ་གྲགས་པའི་རྟོག་བཟོའི་གནས་ཆེན་འདིར།།

ཤིན་ཏུ་མཁས་པའི་མཁས་དབང་མང་བོ་སྒོམ་ཆེན་ཚུལ་དུ་བཞུགས།།

 

ཞེས་ཐོ་ཐོས་ནས་དང་། ཐོ་ཐོས་ཀྱང་རྣལ་འབྱོར་པ་ཡིན་ན་མཁས་དབང་ཡིན་པས་ཁྱབ། མཁས་དབང་ཡིན་ན་རྣལ་འབྱོར་པ་ཡིན་པས་མ་ཁྱབ།” ཞེས་སོ། ༢༠༢༡།༠༣།༢༡

 

 

 

ཐོ་ཐོ་ཟེར་བ་འདི་ཡིན།

 

ཕོ་གསར་ཡིན་དུས་ཤིག་ལ།

སྐྲ་རིང་མིན་དུས་ཤིག་ཏུ།

ཕྱི་གླིང་མཛེས་མར་ཐོབ་པའི།

ཐོ་ཐོ་ཟེར་བ་འདི་ཡིན།

 

དེང་སང་རྒན་ཁོག་ཆགས་འདུག

གྲོ་ཁོག་སྦྲུམ་མའི་ཆེ་རེད།

གདོང་གི་གཉེར་མའི་ནང་དུ།

རྨ་ཆུའི་ཆུ་སྣེ་འདྲེན་ཆོག

 

ཕོ་གསར་ཡིན་དུས་སྐྱིད་མྱོང་།

རྒན་ཁོག་ཡིན་ཡང་སྡུག་མེད།

ཁྱིམ་གི་ཆུང་མ་བཟང་གི།

སྟག་ཤར་བུ་ཕྲུག་གསུམ་ཡོད།

 

ཐོ་ཐོས། ༢༠༢༡།༠༣།༢༡

 

ཡང་དམག་རྒྱག་ན་འགྱོ་རྒྱུ་ཡིན།

 

འཇིགས་སྣང་མེད་པའི་དམག་འཁྲུག །

ཞེ་འཁོན་གསོ་སའི་དམག་འཁྲུག །

སེམས་ལ་ཉར་བའི་དགྲ་བོར། །

བསམ་ངན་འཆང་སའི་དམག་འཁྲུག །

རྩེད་མོའི་དམག་འཁྲུག་ལམ་ནས། །

རྒྱལ་ཁ་ཐོབ་པ་མང་མང་། །

དམག་འཁྲུག་དངོས་སུ་ཡིན་ན། །

རྒྱལ་ཁ་ཐོབ་ཀྱང་ཚེ་སྲོག །

 

ཕ་མས་ཡང་བསད་པའི། །

ན་ཟུག་ཤ་གསེར་རུས་གསེང་། །

མནར་བའི་སྡུག་བསྔལ་འགྲོ་ཕྱིར། །

དམག་ལ་མི་ཞུགས་རང་ཞུགས། །

 

སྟོབས་འབྱོར་ལྷ་ལ་ཕུལ་ཅིང་།

རེ་བ་ལྷ་ལ་བཅོལ་བས།

མེ་སྒྱོགས་གཤིན་རྗེའི་ཁ་ནས།

གཡུལ་ངོ་ལེན་ཐབས་མ་བྱུང་།

 

དེ་དུས་ཐོ་ཐོ་སྐྱེས་མེད།

སྐྱེས་ཀྱང་རྒྱང་རྒྱག་མེ་མདའ།།

བོད་ལ་ཡོད་ས་མ་རེད།

ཐོ་ཐོ་བསད་ནས་ཚར་ཡོད།

 

དཔའ་བོ་མང་མང་ཞིག་གིས།

རང་སྲོག་འབེན་ལ་བཞག་མྱོང་།

དམག་ཤུགས་ལག་ཆ་ལྡན་ན།

འབེན་ལ་འཇོག་དགོས་མི་འདུག

དཔའ་བོ་མེད་ནི་མ་རེད།

དགྲ་བོ་དཔའ་བས་མ་རེད།

གཞུང་གི་ལམ་ཁ་ནོར་བས།

དཔའ་བོས་ལམ་ཁ་མ་བརྙེད།

 

དམག་རྒྱག་ཏུ་འགྲོ།

 

དངོས་སུ་དམག་འཁྲུག་མིན་ཡང་དམག་འཁྲུག་བཞིན།།

ཕ་རོལ་སེམས་ངོའི་དགྲ་བོར་བཟུང་བྱས་ཏེ།།

རྒྱང་རྒྱག་མེ་མདའི་མདེའུ་རེ་རེ་ལ།།

རྒྱལ་ཁབ་འཕྲོགས་པའི་ཞེ་འཁོན་བཏགས་ཤིང་འཕངས།།

 

འདི་འདྲའི་དམག་འཁྲུག་རྒྱག་འདོད་མེད་ཀྱང་རུང་།།

དེ་འདྲའི་ཞི་བདེ་ཡོང་བར་དམག་འཁྲུག་རྒྱག།

ངས་ནི་ཞི་བདེ་བསམས་ཤིང་དམག་ལ་ཞུགས།།

ངས་ནི་དགྲ་བོ་གསོད་ཞོར་ཞི་བདེར་སྒུག།

 

རི་མོ་མཁན་གྱི་རི་མོ་དེ་འདྲེ་ཐོ་ངས་འདི་ལྟར་བརྐུས་པ།

 

གཞན་གྱི་རི་མོ་བརྐུས་པས་ཡིད་མ་ཚིམས།།

བརྐུས་པའི་རི་མོས་མཛེས་མ་གང་ཞིག་གི།

སེམས་ལ་ཉར་བའི་བརྩེ་དུང་རི་མོའང་།།

ཆུང་མས་མི་མཁྱེན་ས་ནས་བརྐུ་ན་འདོད།།

 

ཐོ་ཐོས།༢༠༢༡།༠༣།༢༡

སེམས་ཀྱི་ན་ཟུག་ཡལ་སོང་།

 

ཐག་རིང་བོད་ན་བཞུགས་པའི་ཞི་མོ་ཁྱོད།

སེམས་ལ་འབབ་རྒྱུའི་སེམས་འབུ་ཁྲ་རིས་མ།

ཁྱོད་ཀྱི་གླུ་སྐད་དེ་ནི་རྣ་བར་སྙན།

ཁྱེད་ལ་རྒྱ་སེ་མེ་ཏོག་གྲངས་མེད་འབུལ།

 

བོད་ཁམས་ཁ་ཐག་ཤིན་ཏུ་རིང་ན་ཡང་།

སེམས་པ་བོད་ལ་ཡང་ཡང་ཤོར་ནས་ཡོད།

ཁྱོད་ཀྱི་མགྲིན་གླུ་སྙན་མོ་གོ་ཡོང་ན།

ང་ཡི་སེམས་པའི་ན་ཟུག་ཡལ་ནས་འགྲོ།

 

ཞི་མོ་སྐད་ངག་ཅན་ཁྱོད་ངོ་སོ་བསྟོད།

བོད་པར་མཚོན་ན་ཁྱོད་ནི་ཁུ་བྱུག་ཅིག

ཐོ་ཐོར་མཚོན་ན་ཁྱེད་ནི་ལྷ་མོ་ཞིག

ཁྱོད་ལ་མཇལ་རྒྱུར་ཡུན་རིང་སྒུག་ནས་འདུག

 

ཐོ་ཐོས། ༢༩༢༡-༠༣-༢༢

 

 

སེམས་ཀྱི་ན་ཟུག་ཡལ་སོང་།

 

ཐག་རིང་བོད་ན་བཞུགས་པའི།

སེམས་ལ་འབབ་རྒྱུའི་ཞི་མོ།

གླུ་སྐད་རྣ་བར་སྙན་སོང་།

ཁྱེད་ཚོར་མེ་ཏོག་ཕུལ་ཡིན།

བོད་ཁམས་ཁ་ཐག་རིང་ཡང་།

སེམས་པ་བོད་ལ་ཤོར་ཡོད།

བོད་མོའི་གླུ་སྐད་གོ་ན།

སེམས་པའི་ན་ཟུག་ཡལ་འགྲོ།

 

བོད་མོ་སྐད་ངག་ཅན་ཚོ།

བོད་པར་མཚོན་ན་ཁུ་བྱུག

ཐོ་ཐོར་མཚོན་ན་ལྷ་མོ།

ལྷ་མོར་མཇལ་རྒྱུར་སྒུག་ཡོད།

 

ཐོ་ཐོས། ༢༠༢༡-༠༣-༢༢

 

སེམས་ཤེས་ན་སེང་གེར་ཕྱོགས་ཤས་ཆེ།

 

ངར་འབྲོག་མོ་ཡིན་ན་ཆོག་གི་ཡོད།

ཞེ་མ་མཐུན་རྩོད་པ་ཤོར་ཀྱང་རུང་།

སེམས་དཀར་ནོ་འབྲོག་མོའི་ཁྱད་ཆོས་རེད།

ཚེ་གཅིག་གི་སྐྱ་ཡར་འབྲོག་མོ་བཟང་།།

 

ངར་འབྲོག་མོ་ཡོད་ན་དགའ་ཐག་ཆོད།

ཁྱིམ་ཕ་མ་ཉོར་ན་འབྲོག་མོ་བཟང་།

མར་ཆུར་ར་གསག་ན་འབྲོག་མོ་ངར་།

ལག་ལས་ཀ་ཅན་པོ་འབྲོག་མོ་ཡིན།

 

ངར་འབྲོག་མོ་འགྲོགས་རྒྱུའི་ལས་མ་ཡོད།

ངའི་ཆུང་མ་ལྷོ་ཡི་རྒྱ་མོ་རེད།

བུ་གཉིས་ཀ་འབྲུག་སེང་རྒྱུད་པ་རེད།

སེམས་ཤེས་ན་སེང་གེར་ཕྱོགས་ཤས་ཆེ།

 

ཐོ་ཐོས། ༢༠༢༡།༠༣།༢༣

 

སྦྲ་ནག་པོའི་ཆོན་ཐག་བརྒྱང་ན་ཆོག

 

མཚོ་སྔོན་པོའི་འགྱམ་དར་བཞུས་སོང་ན།།

ཉ་གསེར་ལོ་མུན་པའི་ཐར་རྒྱུ་རེད།།

དགུངསྔོན་པོའི་ཉི་ཟླར་མཇལ་ལས་ཡོད།།

མཚོ་ཁྱེད་ནི་བསྐམ་ནས་མི་འགྲོ་རོགས།།

 

རི་མཐོན་པོའི་སྨུག་པ་དྭངས་སོང་ན།།

རྒྱ་དཀར་ནག་ས་མཚམས་མ་ཡིན་པའི།།

བོད་ཞིང་ཁམས་ཇོ་མོ་གླིང་མའི་རི།།

ཁྲ་ལམ་མེར་མིག་ལ་འཆར་རྒྱུ་རེད།

 

ཐང་ཆེན་པོའི་རྒྱ་གྲོང་སྤར་སོང་ན།།

སྦྲ་ནག་པོའི་ཆོན་ཐག་བརྒྱང་ན་ཆོག།

མ་འབྲོག་མོའི་བཞོ་གླུའི་འགྱུར་ཁུག་ཁྲོད།།

རྟ་མདོ་བའི་སྲབ་ཁ་ལྷོད་ན་ཆོག།

 

ཐོ་ཐོས། ༢༠༢༡།༠༣།༢༩ ལ།

དེ་རིང་གི་གཡུལ་སའི་རྣམ་པ་དེ་འདི་འདྲ་ཞིག

གཡུལ་ས་ན་བོད་གཞས། དམག་སྡེའི་ཁྲོད་དུ་བོད་དམག མེ་མདའི་ཁ་ན་དགྲ་བོ། མདེའུ་རྩེ་ན་ཚེ་སྲོག

 

གདོན་འདྲེ་ལྟ་བུའི་དགྲ་བོས།

སེམས་ན་དགྲ་ཞེས་མེད་པའི།

ཉམ་ཆུང་ལྷིང་འཇགས་གཏོར་སོང་།

སེམས་ལ་ཞེ་འཁོན་བཞག་སོང་།

 

ཉོན་མོངས་དུག་གསུམ་མིན་པའི།

དགྲ་ཞིག་ཡོད་པ་ཚོར་དུས།

དགྲ་བོའི་མེ་སྒྱོགས་ཁ་ནས།

ས་ཡ་མང་བོ་གཤེགས་ཚར།

 

དགྲ་ལ་བྱམས་བརྩེ་གནང་ནས།

དགྲ་བོ་གྲོགས་སུ་བཀུག་ན།

གནས་སྟངས་འདི་འདྲའི་འོག་ནས།

ཐབས་ལམ་རྩེ་ཕུད་ཡིན་འདུག

 

ཐོ་ཐོས། ༢༠༢༡།༠༣།༢༩

 

དབྱར་ས།

 

དབྱར་ས་འདི་མོ་ཞིག་གི

འབའ་དཀར་ལུག་གི་མཐའམ།

ནོར་ནག་ཟོག་གི་དཀྱིལ་ནས།

འབྲོག་མོ་ཁྱེད་ལ་ཐུག་འདོད།

 

དབྱར་ས་འདི་མོ་ཅན་པོ།

དེང་སང་དཀོན་གི་ཟེར་གི།

རྒྱ་གྲོང་ནང་གི་གྱང་ཆག

ཁྱེད་དང་འུ་གཉིས་མི་འདོད།

 

དབྱར་ས་སྔོན་བཞིན་ཡིན་ན།

ངེད་གཉིས་རྟ་ཁ་ལྷོད་ནས།

ནམ་མཁའི་བྱ་དང་འགྲན་ཆོག

ལྕགས་རར་འཛེམ་དགོས་མི་འདུག

 

ཐོ་ཐོས།

 

ཟླ་བ་དང་གཟུགས།

 

བོད་ན་དངོས་སུ་ཟླ་བ།

འདི་ན་མཚོ་ནང་ཟླ་གཟུགས།

ཟླ་བ་གཅིག་ལས་མེད་བཞིན།

ཁྱེད་ཀྱང་གཉིས་པ་མི་འདུག

 

ཁྱེད་དང་ཟླ་བ་སྦྱར་བས།།

ཟླ་བ་མཐོང་ཐེངས་རེ་ལ།།

ཁྱེད་ནི་ཡིད་ལ་འཁོར་བྱུང་།།

ཉི་མའི་དཀྱིལ་འཁོར་བསྒོམས་ཡིན།།

 

ཡིད་ཀྱི་སྣང་ངོར་གྲུབ་པ་ཁྱེད་ཀྱི་གཟུགས།།

དཀར་གསལ་ཟླ་བར་འཕྲུལ་པས་འོད་ཀྱིས་ཚིམས།།

མཚོ་ནང་ཟླ་གཟུགས་མཐོང་བར་ལག་ཟུང་བསྲིངས།།

ཁྱེད་སྐུ་དངོས་སུ་བྱོན་ན་འཆའ་བར་དོགས།།

 

ཐོ་ཐོས། ༢༠༢༡།༠༣།༣༠།

 

མྱི་རྐྱང་།

 

མྱི་རྐྱང་ཡིན་རྒྱུ་ཡིན་ན།

ཚོམས་འདིའི་མཛེས་མ་དག་ལ།

ཉིན་ཐོག་མཚན་མོ་གཞག་ནས།

སེམས་གཏམ་གང་མང་བཤད་ཆོག

 

མྱི་རྐྱང་ཡིན་ན་འདོད་པའི།

ཚོར་བ་བྱུང་མྱོང་མེད་མོད།

ཚོམས་འདིའི་མཛེས་མ་དག་གི།

ལ་གཞས་ཁྲོད་ནས་བྱུང་སོང་།

 

ཚོམས་འདིའི་མྱི་རྐྱང་སྐྱིད་ཀི།

ཁ་ནས་གང་འདོད་བཤད་ཆོག

ཚོམས་འདིའི་མཛེས་མ་སྐྱིད་ཀི།

སེམས་ལ་གང་འདོད་ཉར་ཆོག

 

ཆུང་མའི་འཛུམ་མདངས་མཐོང་ཚེ།

མྱི་རྐྱང་མིན་ནོ་དྲན་སོང་།

བུ་གཉིས་ཁྱིམ་དུ་ལོག་ཚེ།

འགན་ཁུར་ཆེ་ནོ་དྲན་བཅུག

 

ད་རུང་མྱི་རྐྱང་ཡིན་པའི།

ཚོམས་འདིའི་ཕོ་གསར་མོ་གསར།

མྱི་རྐྱང་ཡིན་པས་མ་སྐྱོ།

བཟའ་ཚང་བྱེད་རྒྱུར་མ་བྲེལ།

 

དྲ་རྒྱའི་འཇིག་རྟེན་འདི་ནས།

འཛམ་པོའི་གླིང་དུ་འགྲིམ་ཆོག

བློ་འབབ་ཞི་ལུ་ཞི་མོས།

འཇིག་རྟེན་ཁེངས་ནས་བསྡད་ཡོད།

 

སེམས་གཏམ་བཤད་རེས་བྱེད་ཞོར།

ལ་གཞས་ལེན་རེས་བྱེད་ཞོར།

སེམས་ཚོར་མངོན་རེས་བྱེད་ཆོག

ལག་རྟགས་སྐུར་རེས་བྱས་ཆོག

 

 

རྒད་པོས་བརྡུང་གི་བསམས་ནས།

སྐད་འཕྲིན་ནག་བསུབ་བྱེད་རྒྱུའི།

ཛ་དྲག་གནས་ཚུལ་མི་འབྱུང་།

སྐད་འཕྲིན་གང་འདོད་རྩེ་ཆོག

 

རྒན་མོས་འཛིང་གི་འདོད་ནས།

ལ་གཞས་ཉན་ན་འདོད་རྒྱུར།

ལྐོག་ཉན་བྱེད་དགོས་མི་འདུག

སེམས་པ་ལྷོད་ནས་ཉན་ཆོག

 

འདྲེ་ཐོ་ང་ལ་མཚོན་ན།

རྒན་མོ་རྒྱ་མོ་ཡིན་སྟབས།

འདི་འདྲའི་ཛ་དྲག་མིན་ཡང་།

ནམ་རྒྱུན་གཟབ་གཟབ་བྱས་ཡིན།

 

རྒྱ་མོས་བོད་སྐད་མི་མཁྱེན།

ལ་གཞས་དེ་བས་མི་མཁྱེན།

འོན་ཀྱང་མོ་སྐད་ཐོས་ཚེ།

འཐད་ཀི་མེ་མདོག་བསྟན་ཡོང་།

 

ཚོམས་ཀྱི་ནང་རེ་བསམས་ན།

དེ་འདྲའི་དོ་སྣང་མི་བྱེད།

སྒེར་འབྲེལ་ཡོད་ཀི་བསམས་དུས།

དོ་སྣང་ཡོད་མདོག་བསྟན་ཡོང་།

ཡིན་ཡང་འདྲེ་ཐོ་ང་ལ།

སྐད་འཕྲིན་བཙུགས་ནས་བཟུང་སྟེ།

སྒེར་འབྲེལ་ཡོད་པའི་ཞི་མོ།

གསུམ་དང་བཞི་ལས་མི་འདུག

 

སྒེར་འབྲེལ་བྱེད་རྒྱུར་ངོ་ཚ།

སྒེར་ཐོག་ལེན་རྒྱུར་སྐྲག་གི།

ཁྱིམ་ན་ཆུང་མ་ཡོད་རྐྱེན།

གཞན་ཞིག་བསུ་རྒྱུ་དཀའ་མོ།

 

སྐད་འཕྲིན་འཇའ་གཟུགས་རེད་ཟེར།

སྐད་ཆ་རླུང་བུ་རེད་སོམས།

ཡོད་ཚང་སྟོང་བའི་རང་བཞིན།

རྨི་ལམ་ནང་དུ་ཡོད་སོམས།

 

སྐད་འཕྲིན་ནང་གི་རྩོད་གཞི།

འཛིན་རྒྱུ་གླེང་རྒྱུར་མ་རྔམས།

བོད་ལ་ཕན་ཐོགས་ཡོད་ན།

མཁས་པས་རིམ་གྱིས་གསུང་ཡོང་།

 

ཐོ་ཐོས། ༢༠༢༡།༠༣།༣༡

 

 

 

ཁྱེད་ལ་ཕུལ་བའི་སྙན་ངག་ཤོ་ལ་ཀ་ལྔ་དང་ལྷག་མ་གཅིག

 

སེར་ཆེན་མེ་ཏོག་ཡིན་སྟབས།

འདྲེ་ཐོ་གཡུ་སྦྲང་མིན་པས།

ཚེ་འདིར་ལས་དབང་རླུང་གིས།

གཤོག་པ་བརྒྱང་དུ་མ་བཅུག

སེར་ཆེན་མེ་ཏོག་མིན་ཚེ།

ངའང་འདྲེ་ཞིག་མིན་ན།

མྱི་དང་མྱི་ཡི་བར་དུ།

བརྩེ་དུང་འདོད་པ་རྒྱས་ཆོག

 

སེར་ཆེན་མེ་ཏོག་ནང་བཞིན།

བལྟས་ན་མིག་ལ་ཡག་གི

བསམ་ན་སེམས་པ་སྐྱིད་ཀི།

མེ་ཏོག་བསམས་ནས་བཀུར་ཡོད།

 

མཛེས་མ་སེར་ཆེན་མཐོང་དུས།

དཔྱི་ཡི་མེ་ཏོག་དྲན་བཅུག

སེར་ཆེན་མཛེས་མའི་ལང་ཚོས།

བོད་ལ་ཁྲིད་པར་གྲངས་མེད།

 

སེར་ཆེན་ཁྱེད་ནི་གང་ན།

ཚོམས་འདིར་ཕེབས་ན་ཕེབས་རན།

ཁྱེད་དང་འདྲེ་ཐོ་ང་གཉིས།

སྙན་ངག་ནང་ནས་འཐམས་སོང་།

 

ང་དང་སྙན་ངག་གཉིས་ཀས།

སེར་ཆེན་མེ་ཏོག་ཁྱེད་ཀྱི།

སེམས་པ་ཟེའུ་འབྲུ་དམར་པོར།

དུངས་པའི་ཟེགས་མ་ཕུལ་ཡིན།

 

 ཤོ་ལོ་ཀ་གཞུག་ཤོས་འདིའམ། ལྷག་མ་གཅིག་ཅེས་པའི་ཤོ་ལོ་འདིའི་གོ་དོན་ནི། ངས་སེར་ཆེན་ཏེ། མེ་ཏོག་སེར་ཆེན་མ་ཡིན་པའི་ཞི་མོ་མཚན་ལ་སེར་ཆེན་ཟེར་བ་ཁྱེད་ཀྱི་སེམས་ཁམས་ལ་ང་ཁྱེད་ལ་དགའ་བའི་ཚོར་བ་དེ་འཇོག་གི་ཡོད་ཅེས་དང་། ངའི་སྙན་ངག་གམ། ཡང་ན་ངས་བྲིས་པའི་སྙན་ངག་དེས། ཁྱེད་ལྟ་བུར་མཛེས་ཤིང་དྲི་ཞིམ་ཅན་གྱི་མེ་ཏོག་སེར་ཆེན་དེའི་ཟེའུ་འབྲུ་ནང་དུ་ཆུ་ཡི་ཟེགས་མ་གཏོར་བཞིན་ཡོད་ཅེས་པའི་དོན་ནོ། ཐོ་ཐོས།

 

སེམས་ཁྲལ་དུག་རྒན་ལ་ཡོད་ཀི

 

ཚོམས་འདིའི་དུག་ཕྲུག་ཚོའི་ཁ་ན།

ཉི་མ་ཁ་ཤས་ཀྱི་རིང་ལ།

གླེང་གི་ཡོད་པ་ནི་ཁྱེད་ཡིན།

རྣ་བར་ཟ་འཕྲུག་གིས་བཟུང་ངམ།

 

དུག་རྒན་ཁོ་རང་ལ་མཚོན་ན།

ཁྱེད་ནི་མཚོ་ནང་གི་ཟླ་བ།

མིག་གི་བརྙན་ཆས་དེ་གཏད་དེ།

སེམས་ཀྱི་མཁྲེགས་སྡེར་ལ་འཇུག་བཞིན།

 

དུག་ཕྲུག་བུ་མོ་ཚོའི་ངག་ནས།

ཁྱེད་ལ་བསྟོད་བསྔགས་ཀྱང་ཐོན་ཡོད།

ངན་སྨྲས་བྱེད་མཁན་གྱི་ཞི་མོ།

ད་རུང་གཅིག་ཀྱང་ནི་མེད་ཐལ།

 

ཞི་ལུ་དུག་ཕྲུག་ཚོའི་སྐད་ཆ།

ཧ་ལམ་འདོད་ཆགས་དང་བསྲེས་འདུག

བཤད་ན་བཤད་རིན་འདྲ་མེད་ཐལ།

ཉན་ན་ལོག་ལམ་དུ་འཁྲིད་འགྲོ།

འདྲེ་ཐོ་ང་རང་ལ་མཚོན་ན།

སེམས་ཁྲལ་དུག་རྒན་ལ་ཡོད་ཀི།

དུག་རྒན་སེམས་ཐོག་ནས་བུད་ན།

གྱོང་དེ་འཁུར་མཁན་ནི་བོད་པ།

 

དུག་རྒན་སེམས་པ་དེ་སྐྱིད་ན།

དུག་རྒན་མཁས་པ་ནི་ཡིན་སྟབས།

ཆོས་དང་རིག་གཞུང་གི་སྐོར་ནས།

བོད་ལ་ཕན་ཐོགས་ནི་ཆེ་ཆེ།

 

ཐོ་ཐོས། ༢༠༢༡།༠༣།༣༠

 

ཉི་མ་དང་འབུ་ལུ།

 

ཉི་མ་དྲོ་དུས་ཤིག་གི།

འབུ་ལུ་ལངས་ཉིན་ཞིག་ལ།

ཁྱེད་ལ་བསྒུག་ནས་འདུག་ཆོག

དེ་མིན་ལེན་རྒྱུ་དཀའ་མོ།

ཕོ་གསར་མིན་ནོ་སྡུག་གི།

བལྟས་ངན་འབུ་ལུ་འདྲ་བོར།

བེད་སྤྱོད་མེད་ནས་ཆགས་འདུག

བསམ་ན་ངོ་རེ་ཚ་ཞིག

བེད་སྤྱོད་མང་བོ་བཏང་རྐྱེན།

བེད་སྤྱོད་མེད་པར་ཆགས་ན།

དེ་འདྲའི་འགྱོད་སེམས་མེད་མོད།

བེད་སྤྱོད་བཏང་བ་ཉུང་ཉུང་།

 

དེ་རིང་ཉི་མ་དྲོའང་།

འདི་ན་གྲིབ་མས་ཟིན་འདུག

ནམ་མཁའི་ལྷ་མོ་བྱོན་ཡང་།

འབུ་ལུ་ལེན་ས་མ་རེད།

 

ཉི་མ་དྲོ་སྒང་ཞིག་ལ།

ཞི་མོར་ཐུག་མིན་མི་ཤེས།

ཐུག་ཀྱང་འདོམས་ཀྱི་སྦ་བར།

སད་རྒྱུ་ཡོད་མེད་མི་ཤེས།

 

གནས་སྟངས་འདི་འདྲར་གཞིགས་ན།

སྡུག་རྒྱུ་ངུ་རྒྱུ་ཡོང་གི།

རྒས་པོའི་རྒས་རྟགས་ཟེར་ན།

འདི་ལས་གཞན་ཞིག་ཡོད་དམ།

 

རྒས་པར་ཁས་ལེན་མེད་ཀྱང་།

རྒས་རྟགས་འདོམས་ནས་མངོན་ཚེ།

སེམས་རྩ་བསྐུམས་ནས་བུད་སོང་།

ཧ་ལམ་འགྱེལ་ལ་འགྱེལ་ལ།

ད་ཚར་ནི་བྱེད། བདེ་མོ། ཐུགས་རྗེ་ཆེ།

ཐོ་ཐོས།༢༠༢༡།༠༣།༣༡

 

བརླ་ཡ་གཅིག

 

ཁྱེད་ཀྱི་ཡ་གཅིག་བརླ་ཡི།

པར་རིས་མཐོང་བ་ཙམ་གྱིས།

གློ་བུར་གཉིད་ལས་དཀྲོགས་བཞིན།

ང་ཡི་ལྷིང་འཇགས་གཏོར་སོང་།

 

བརླ་བར་བྲག་ལུང་དམར་པོ།

ཚོར་བའི་ནང་དུ་སྐྲུན་ཞོར།

སྤུ་ཡི་ལྗོན་ཤིང་སྟུག་པོ།

མཛུབ་སྣེ་བསྲིངས་ནས་འགུལ་ཡིན།

 

དམག་རྒྱག་རྩེད་མོའི་ནང་དུ།

བོའུ་སྐད་ལྷང་ལྷང་གྲགས་པས།

གློ་བུར་ནགས་འདབ་དེ་ནས།

ཆུང་མའི་འགྲམ་དུ་དེད་འདུག

 

ཐོ་ཐོས། ༢༠༢༡།༠༣།༣༡

 

ཨ་མ་དྲན་གླུ།

 

ངའི་མ་ལོ་ཁྱོད་ལ་སྐུ་ཚེ་རིང་།

ངས་མ་ལོ་ཁྱོད་ནི་དྲན་གི་ཡོད།

ཁྱེད་བདེ་ན་སྐྱིད་བསམ་གི་ཡོད།

ང་གཅེས་ནོ་གཉོར་ནོ་བརྗེད་ཀི་མེད།

 

བུ་ཆེ་ཤོས་ང་ནི་ས་མཐར་ལྷུང་།

སེམས་སྐྱ་མོ་ཆགས་ས་མ་ལོ་ཡིན།

ནམ་ཞིག་ལ་བསྐལ་བ་ཡག་སོང་ན།

ངས་མ་ལོ་བསམ་ནས་ཡོང་གི་ཡིན།

 

ངའི་མི་ཚེ་གང་ལ་མ་ལོ་གཅིག

ང་གཅེས་མཁན་གཉོར་མཁན་མ་ལོ་ཁྱོད།

ལོ་རྒས་ནི་འགྲོ་འདུག་མི་བདེ་རུང་།

ང་ས་མཐའི་བུ་ལ་རེ་ཐག་ཆད།

 

ངར་སྐྱེ་བ་གཅིག་ལ་མ་ལོ་གཅིག

ངས་མ་ལོ་གཅེས་ན་གོ་གཅིག་ཆོད།

ཁྱོད་སྐུ་ཚེ་བརྟན་ན་བུ་ཕྲུག་སྐྱིད།

ཁྱོད་སྐྱིད་ཅིང་བདེ་བའི་སྨོན་ལམ་འདེབས།

 

བོའུ་ཁྲ་རིང་ཁུར་ནས་ཡོང་རྒྱུ་ན།

ཁྱོད་མ་ལོར་མཇལ་ཐབས་ཡོད་ཟེར་ན།

བོའུ་ཁྲ་རིང་སྣོད་ནས་བླངས་ན་ཆོག

རྟ་དགའ་བོར་ཞོན་ནས་ཡོང་ན་ཆོག

ངས་ཁྲ་རིང་སྣོད་ལ་བཅུག་བཞག་ཡོད།

ངས་བླ་མའི་གསུང་ལ་ཉན་གི་ཡོད།

བོའུ་ཁྲ་རིང་ལེན་དགོས་ཉི་མ་ཟིག

ཡོང་མི་དགོས་སྨོན་ལམ་འདེབས་ཀི་ཡོད།

 

ང་མེད་ཀྱང་ཁྲ་རིང་སྣོད་ན་ཡོད།

བོའུ་ཁྲ་རིང་བུ་ལ་བསྐྱུར་བཞག་ཡོད།

ངར་འཇོག་རྒྱུའི་རྒྱུ་གཅིག་ཡོད་ནོ་དེ།

ངའི་སྣོད་ཀྱི་ཁྲ་རིང་བོའུ་དེ་ཡིན།

 

ཐོ་ཐོས། ༢༠༢༡།༠༤།༠༡

 

དྲ་འབུ་ངའི་ཚོར་བ་འགའ་ཞིག

ང་དེ་རིང་དྲ་འབུ་བྱས་པའི་ཚོར་བའི་ཡོང་འབབ་རིགས་མི་འདྲ་བ་ཁ་ཤས་ཤིག་དང་ངའི་ཕྱོགས་ནས་བཏང་བའི་ཡི་གེའི་འགྲོ་སོང་དག

 

བོད་ཀྱི་དགོད་སྒྲའི་ཁྲོད་ན་འཐེན་ཤུགས་གཅིག།

འདོམས་ཀྱི་དྲིལ་བུ་གཡོ་བའི་རླུང་བུ་ཞིག།

དཔྱིད་དཔལ་དགོད་སྒྲའི་ཞོར་ན་ཨ་ལོང་ཞིག།

འདོམས་ཀྱི་ 唐僧 མགོ་བོ་འདར་དུ་བཅུག།

ཁྱེད་ནི་ཁ་བའི་ཁྲོད་ཀྱི་མེ་ཏོག་གཅིག།

ཁ་བ་འབབ་ཐེངས་རེ་ལ་མེ་ཏོག་བསྟུམས།

མེ་ཏོག་ཉི་མའི་འོད་དུ་མངོན་ཕྱིར་དུ།

ང་ནི་རྐང་རྗེན་ཡིན་ཡང་ཁ་བ་ཕྱག།

 

བོད ལགས་ལ་བྲིས་ཡིན། གོང་གི་པར་དང་བརྙན་ཐུང་དེར་བལྟས་ཟིན་རྗེས་བྱུང་བའི་སྐད་ཅིག་གི་ཚོར་བ་ཞིག

མགྱོག་འཕྲིན་དང་སྦྲ་ནག

 

མགྱོག་འཕྲིན་གྲལ་འགོའི་མི་བུར།

ཡིད་སྨོན་བྱེད་མཁན་མང་ཡང་།

མཛུབ་མོ་མ་ཆད་བར་དུ་།

སྙིང་དམར་གྲངས་མེད་ནོན་དགོས།

 

གྱོང་གི་ཁུར་པོ་འཁུར་ས།

བུ་ལོན་རི་ལྟར་བརྩེག་ས།

མགྱོག་འཕྲིན་ཐད་གཏོང་ཟེར་བ།

མདོ་མེད་སྨྱོ་རྟགས་སྟོན་ས།

གླག་རྒོད་གཤོག་པ་བརྐྱངས་འདྲའི།

འབྲོག་པའི་སྦྲ་ནག་ཁྱིམ་གྱི།

གྲལ་འགོའི་མགྲོན་པོ་ལས་ཅན།

ཤ་མར་ཐུད་ཀྱིས་བསུས་ཡོང་།

 

ཕན་ཚུན་མགྲོན་འབོད་བྱས་ཚེ།

ཁྱིམ་བདག་གཏོང་ཕོད་ཅན་མས།

འཛུམ་དང་སོ་སྒོ་སྟོན་ཞོར།།

ཁྱིམ་དེ་སྤྲོ་བས་ཁེངས་བཅུག

 

ཐོ་ཐོས་བོན་ནག་དགེ་ལེགས་ལགས་ལ་བྲིས། ༢༠༢༡-༠༤-༠༣

 

 

མདང་དགོང་གི་ཚོར་བ་འགའ་རེ།

 

གཙང་བོའི་བཞུར་རྒྱུན་ཇི་བཞིན་རྫོགས་རྒྱུ་མེད་པ་བདག་གི་སྙན་ངག་ཚོགས།།

ཁྱེད་ནི་གསེར་ཉར་བསམས་ཤིང་ཇི་སྲིད་བར་དུ་སྙན་ངག་འབབ་ཆུས་བསུ།།

ནམ་ཞིག་་སྙན་ངག་རྒྱ་མཚོའི་དཀྱིལ་དུ་ཁྱེད་ནི་འདི་ནས་ཕེབས་གྱུར་ཚེ།།

བདག་ལས་བཞུར་པའི་གཙང་བོ་ཁམ་གང་བཞེས་པ་ཐུགས་ནས་མི་དོར་རོགས།།

 

གཙང་བོས་མཐའ་མའི་འབབ་ས་རྒྱ་མཚོར་དམིགས་ཡོད་བཞིན།།

ངས་ནི་སྙན་ངག་ཚོགས་འདིས་ས་གཞི་ཁེབས་པར་གཉེར།།

དུས་ཀྱིས་བར་ཆད་འབྱུང་མིན་ཤིན་ཏུ་ལྐོག་གྱུར་ཅིག།

ནམ་ཞིག་གཙང་བོ་བཞུར་ཡང་ང་ནི་འཚོའམ་ཀྱེ།།

 

ཐོ་ཐོས།༢༠༢༡།༠༤།༠༣

 

དད་པ་དང་རྒྱལ་ཞེན།

 

བོད་ཁ་བ་ཅན་ལ་མཚོན་ན། ཉི་ཟླ་གཉིས་ལ་བཤད་པའི་རྒྱལ་བ་པཎ་ཆེན་གཉིས་ནི། བླ་མ་ཁོ་ན་མ་ཡིན་པར། རྒྱལ་དབང་ཚང་བཙན་བྱོལ་དུ་ཕེབས་པ་ནས་བཟུང་། ཁོང་ཚང་གནས་གང་ཞིག་ཏུ་བཞུགས་ན། དེ་ན་བོད་མི་བཙན་བྱོལ་པའི་གཞུང་ཡོད་པ་དེ་མཚོན་གྱི་ཡོད། ཁོང་ཚང་ང་ཚོ་བོད་མི་རིགས་ལ་མཚོན་ན་བླ་མ་ཡིན་ལ། རྒྱལ་བོའང་ཡིན། སྲིད་སྐྱོང་ཡིན་ལ་སྲིད་འཛིན་ཡང་ཡིན། བོད་རྒྱལ་ཁབ་ཀྱི་རྒྱལ་དར་ཡང་ཡིན། དེ་ནས་པན་ཆེན་ཚང་བོད་ནང་ལོག་ཏུ་བཙོན་དུ་བཅུག་པ་དེ་ནི། ནང་གི་བོད་ཡོངས་སུ་རྫོགས་པ་བཙོན་འོག་ལྟ་བུ་ན་ཡོད་པའི་ཛ་དྲག་གི་གནས་སྟངས་དེའི་ཚབ་མཚོན་ཡིན་ཞེས་བཤད་ཆོག གང་ལྟར་བོད་མི་ཤ་སྟག་ཅིག་ཡིན་པའི་མི་བུ་ཞིག་ལ་མཚོན་ན། རྒྱལ་དབང་ཚང་ལ་མཇལ་མི་འདོད་པ་དེ་ནི་ངའི་སྟེང་དུ་ཉི་འོད་རྒྱག་མི་དགོས་ཟེར་བའམ་ཉི་འོད་བརྒྱབ་ན་འདོད་ཀི་མེད་ཟེར་བ་དང་གཅིག་མཚུངས་རེད་འདོད། དེས་ན་ཀླད་སྟོང་འགའ་རེས་རྒྱལ་དབང་ཚང་ལ་མ་མཇལ་ནའམ་མཇལ་མ་འདོད་ན་དེ་ནི་ཅི་ཡང་མ་རེད་ཅེས་སྨྱོ་གཏམ་བཤད་ཀི་ཡོད་པ་དེ་ནི་བསམ་གཞིགས་མ་བྱས་པ་དང་འགན་མ་ཁུར་པའི་སྐད་ཆ་ཅོལ་ཆུང་དེ་འདྲ་རེད་འདོད་ཀི་ཡོད།

 

ཐོ་ཐོའི་བསམ་ཚུལ། ༢༠༢༡།༠༤།༠༤ ལ།

 

ངའི་དྲ་གྲོགས་བོན་ནག་དགེ་ལེགས་ཀྱིས་ཐོ་ཐོ་ང་ལ་བྲིས་པའི་སྙན་ངག

 

ཐོ་ཐོ་ཡ་་་་་་་

ཐོ་ཐོའི་ཁ་ནས་སྙན་ངག་ཆར་འབབ་འབབ།།

རྨ་ཆུ་ལུ་མ་འདྲ་བའི་རྒྱུན་ཐག་རིང་།།

ཚེག་བར་རེ་ལ་འཚོ་བའི་སྡོམ་ཚིག་ཡོད།།

འཛམ་གླིང་ལྷམ་ལྟར་གྱོན་པའི་རྣམ་ཐར་ཡིན།།

 

ཐོ་ཐོའི་ཁ་ན་མནའ་རྒན་གློག་འཁྱུག་འཁྱུག །

དབྱར་གྱི་སེར་རྒོད་འདྲ་བའི་དྲག་ཤུགས་ཡོད།།

ཚིག་འབྲུ་རེ་ལ་བཀའ་འགྱུར་ཚར་རེ་ཡོད།།

གཤིན་རྗེ་ཉལ་སར་འཕང་བའི་རྣམ་ཐར་ཡིན།།

 

ཐོ་ཐོའི་ཁ་ནས་དགོད་སྒྲ་འབྲུག་ལྡིར་ལྡིར།།

སྤྲོ་བའི་སེམས་ཀྱིས་ཉི་ཟླ་རྟ་རུ་ཞོན།།

གནམ་ས་བླ་འོག་བརྗེ་བའི་ཟིལ་ཤུགས་ཡོད།།

གཡུ་འབྲུག་ས་ལ་ཕབས་པའི་རྣམ་ཐར་ཡིན།།

 

བོནད་ནག་གྱིས།

ཆགས་ཞེན་དང་འབྲེལ་བའི་ཚོར་བ་ཡ་མཚན་འགའ།

 

བུད་མེད་ཅི་འདྲའི་མཛེས་ཤིང་རྒོད་ཀྱང་རུང་།།

མགོ་དམར་མཇེ་ལས་ཐར་མཁན་དཀོན་བཞིན་དུ།།

བུའང་ཇི་ལྟར་དཔའ་ན་རྒོད་ནའང་།།

བུད་མེད་འདོམས་ལས་ཐར་མཁན་ཉུང་ཉུང་ཞིག།

 

འདོམས་ལས་བྱོན་ཅིང་འདོམས་ལ་ཆགས་པ་དང་།

ནུ་མས་གསོས་ཀྱང་ནུ་མར་འཕྲེང་བ་གཉིས།

ཕོ་ལ་གྲུབ་པའི་ལྷད་མེད་རང་བཞིན་ཏེ།།

མོའང་དེ་བཞིན་ཆགས་ཡུལ་སྐྱེས་པ་ཕོ།།

 

འདོད་པའི་ཉམས་དང་འཛུམ་ཞོར་འཁུན་པའི་སྒྲས།།

དམྱལ་བར་ལྷུང་ཡང་ལྷ་ཡི་ཡུལ་དུ་ཚོར།།

འདོད་པའི་གཉེན་པོ་རྒས་སྣང་སྐྲག་སྣང་བཅས།།

སྐད་ཅིག་ནང་དུ་སེམས་ཀྱི་གཏིང་ནས་བོར།།

 

ཐོ་ཐོས། ༢༠༢༡།༠༤།༠༥ ལ།

 

བོད་པ་ཚང་གི་ཁྱིམ། ༼གཞས་ཚིག༽

 

ངས་ཆུང་དུས། ཨ་མའི་རུམ་དུ། གཅིན་པ་འཆོར་ཞོར་ངུ་འབོད་བྱེད་ས།

ངས་ཆུང་དུས། ཟོག་ལྷས་སུ། ལྕི་བ་ཟ་ཞོར་སྣབ་སྟུག་བཞུར་ས།

ངས་ཆུང་དུས། ལུག་ལྷས་ནས། པུས་ནུར་བྱེད་ཞོར་རིལ་མ་འགམ་ས།

ངའི་ཕ་ཡུལ། ང་སྐྱེ་ས། ངས་སྐྱིད་རྒྱག་མྱོང་ས།

ངས་སྡུག་ཀྱང་མྱངས་མྱོང་ཡོད་སའི་ངའི་ཕ་ཡུལ།

བཙན་པོ་དག་གིས་རྒྱལ་འབངས་བསྐྱངས་མྱོང་ས།

དཔའ་བོ་དག་གིས་རལ་གྲི་དང་མདུང་རིང་གཡུག་ཞོར་དགྲ་བོའི་སྙིང་རྩ་འགད་པའི་ཀི་རིང་བཏབ་མྱོང་ས།

 

ངའི་ཕ་ཡུལ། ངས་རེ་བ་རྒྱག་ས།

ང་རྨི་ལམ་ནང་ནས་བསླེབས་ས།

ངས་རྨི་ལམ་ནང་ནས་མཇལ་ས།

 

ང་དང་ཁ་ཐག་རིང་བའི་ངའི་ཕ་ཡུལ།

ངས་འཛམ་པོའི་གླིང་འདིའི།

རྒྱལ་ཁ་ཡོངས་སུ་རྫོགས་པ་དེ་བསྟེར་འདོད་ཅིང་།

དེ་དག་ལས་མཐའ་གཅིག་ཏུ་རྒྱལ་ན་འདོད་རྒྱུའི།

ངའི་ཕ་ཡུལ། ངའི་མ་ཡུལ།

 

ངའི་སེམས་ནང་དུ་ན་ཟུག་འབྱུང་ས།

ངའི་སེམས་ཚོར་ལ་རྟག་ཏུ་རེག་མཁན།

ངའི་ཕ་མེས་ཡང་མེས་ཀྱི་ཁྱིམ།

མུན་པ་ནག་པོས་བསྟུམས།

ཉི་མ་དང་ཁ་ཐག་རིང་དུ་བཅུག

ཉི་མའི་དྲོད་ཚད་ལ་བར་ཆད་བཏངས།

མུན་པ་འཇོམས་པའི་ཟླ་བའང་བརླགས།

 

མུན་ནག་ནས་ཐར་ཕྱིར།

མེ་ལྷ་དག་གིས་རང་ལུས་མེ་ལ་སྦར།

མེ་ལྕེ་དང་མེ་འོད་ཀྱི་ཁྲོད་དུ།

མངོན་ཡོང་གི་ཡོད་པ་ནི།

བཙན་པོ་བང་སོ་དེ་མི་རིགས་གཞན་གྱི་སྟ་རེས་གཤགས།

མེས་པོའི་ལྷ་ཁང་དེ་ལ་མི་རིགས་གཞན་གྱི་མེ་སྒྱོགས་ཕོག

ཉམས་ཆགས་སུ་སོང་བའི་རྒྱལ་ཁབ་ཞིག་གི་གནའ་ཤུལ།

མིང་ཐོ་དག་བསུབས་ནས་ཚར་ལ་ཉེ་བའི་མི་རིགས་ཤིག་གི་ཡིད་སྐྱོ་བའི་འཚོ་གནས།

 

ངའི་མ་འོངས་པའི་རྣམ་ཤེས་འགྲོ་སའི་ཡུལ།

ང་མ་འོངས་པར་བསྐྱར་དུ་སྐྱེ་འདོད་སའི་ས་ཆ།

ངའི་ཕ་ཡུལ། ངའི་མ་ཡུལ།

ངེད་ཅག་བོད་པ་ཚང་གི་རྒྱལ་ཁམས།

ངའི་སེམས་ནང་གི་རྒྱལ་ཁབ།

བོད་པ་ཚང་གི་ས།

བོད་པ་ཚང་གི་ཁྱིམ།

ང་ཚོས་ཁྱིམ་དེ་གཅེས་དགོས་ཤིང་གཉོར་ཤེས་དགོས།

ང་ཚོ་བོད་པ་ཚོ་ནི།

ཁྱིམ་དེའི་མི། ཡུལ་དེའི་འབངས།

ཁྱིམ་དེའི་བཟའ་མི། ཡུལ་དེའི་བདག་པོ།

 

དེང་སང་། ཁྱིམ་དེ།

འདམ་རྫབ་ལྟ་བའི་གྲུབ་མཐའི་རྩོད་ཉོག་ཏུ་ལྷུང་།

དྲག་རླུང་ལྟ་བུའི་ཆོལ་ཁའི་འཐེན་འཁྱེར་ནང་འཁུར།

 

དེ་ནས་ད་རུང་ཆོས་པ་དག

འཚོ་གནས་སྨྲ་བ་ཚོ།

རྒྱ་ཡིག་མ་གཏོགས་མི་ཤེས་པའི་སློབ་ཆེན་སློབ་མ་ཚོ།

རྒྱ་སྐད་མ་གཏོགས་མི་བཤད་པའི་དེང་རབས་ཕོ་གསར་མོ་གསར་ཚོ།

 

དེ་ནས་ད་རུང་སྙན་ངག་སྨྲ་བའི།

ང་ལྟ་བུའི་སྙན་ངག་པ། ་་་་་་

 

བོད་པ་ཚང་གི་ཁྱིམ་ཞེས་པའི་གཞས་ཚིག་འདི་དག་དེ་རིང་བྲིས་ཡིན། དབྱིན་གྱི་གཞས་ Way Down We Go ཟེར་བར་ཉན་ཞོར་རང་གི་སེམས་ཚོར་ལྟར་བོད་སྐད་ནང་བོད་ཡིག་གིས་གླུ་ཚིག་ཅིག་བྲིས་ཡིན། འབྲི་དོན་ནི་གཞས་འདིའི་གདངས་འདི་ལ་འདི་འདྲའི་གླུ་ཚིག་ཅིག་ཡོད་ན་ཅི་མ་རུང་སྙམ་པའི་ཚོར་བ་ཞིག་དང་མཉམ་དུ་གླུ་ཚིག་འདི་འདྲ་ཞིག་འབབ་ཆུ་ནང་བཞིན་བཏོན་སོང་བ་ཞིག་དང་། མིག་ཆུས་ཀྱང་གླུ་ཚིག་དང་ཚོར་བ་ལ་རམ་འདེགས་བྱས་སོང་། ཐོ་ཐོས། ༢༠༢༡།༠༤།༠༧

 

 

ངག་ནས་བོད་སྐད་ཡག་གི

 

འབྲོག་རྒོད་ཞི་ལུ་ནག་ཐོའི།།

སྦྲུལ་བཞིན་འཁྱིལ་པའི་རལ་བར།།

བྱུར་དམར་རྡོག་གཅིག་བཏགས་པ།།

འབྲོག་མོ་སུ་ལ་དབང་ངམ།།

 

འབྲོག་མོ་སྙིང་ལ་རྗེ་མའི།།

སྐྲ་ལོའི་གོས་སྐུད་སྟེང་ན།།

གཡུ་བྱུར་མེ་ཏོག་བཀྲ་བ།།

འབྲོག་ཕྲུག་སུ་ཡིས་བཏགས་ཡིན།།

 

འབྲོག་ནག་རལ་བ་ཅན་ཚོའི།།

ཤ་ཁ་ནག་ཙམ་ཡོད་ཀྱང་།།

གདོང་དམར་བོད་པའི་རུས་རྒྱུད།།

དམར་ཡག་སྟག་གི་མདངས་ཡོད།།

 

འབྲོག་མོ་དམར་མདངས་ཅན་མའི།།

སྐྱེ་གཟུགས་སྨྱུག་མ་ཚིགས་དྲུག།

པགས་ཙག་མཐུག་པོས་བསྟུམས་ཀྱང་།།

ཆགས་ས་འབྲོག་མོའི་ལུས་སེམས།།

 

འབྲོག་པའི་ཕོ་གསར་ཡིན་ན།།

རལ་བ་བཞག་ན་ཡག་གི།

གཡུ་དང་བྱུ་རུའི་ཁྲ་ཅན།།

རྣ་ལོང་བཏགས་ན་ཡག་གི།

 

སྐེ་ལ་སྐེ་རྒྱན་ཡག་གི།

གཡུ་དང་བྱུ་རུའི་དཀྱིལ་དུ།།

གཟི་མིག་གཉིས་པ་གསུམ་པ།།

བཞག་ནས་བཏགས་ན་ཡག་གི།

འབྲོག་ཙག་ངོ་མ་གོན་པའི།།

འབྲོག་མོ་ཤ་སྟག་ཡིན་ན།།

ཁ་ནས་རྒྱ་སྐད་ཤེས་ཀྱང་།།

ངག་ནས་བོད་སྐད་ཡག་གི།

 

བོད་ཆས་གྱོན་པའི་ཉིན་མོར།།

ཕོ་མོ་རྒན་གཞོན་ཚང་མས།།

བོད་སྐད་ཁོ་ན་བཤད་རྒྱུའི།།

དུས་ཤིག་བསླེབ་ན་བསམ་ཡོད།།

 

ཐོ་ཐོའི་དྲི་བ་དང་བསམ་ཚུལ།

 

ཏོག་དབྱིགས་རིམས་ནད། (Coronavirus)

 

སྨན་ནི་དུག་དང་།

དུག་ནི་སྨན་དུ་འགྲོ་བའི་རྟེན་འབྱུང་གི་འབྲེལ་བ་ལ།

རྒྱུ་འབྲས་གོ་བཟློག་རྐྱེན།

 

དུག་གིས་སྨན་བཟོས།

སྨན་གྱིས་དུག་བཟོས།

དུག་ཡིན་པའི་སྨན་སྣ་ཐོན།

སྨན་ཡིན་པའི་དུག་རིགས་བསྐྲུན།

 

དེ་དག་ལས།

ཆེས་འཇིགས་སུ་རུང་བའི་ནད་ཡམས།

འགོས་ནད།

Cronavirus

འཛམ་གླིང་འདིའི་གང་ས་གང་ལ་བསླེབས་འདུག

 

ཁྱིམ་ཚང་རེ་རེའི་ནང་དང་།

ཡང་ནས་སྒོ་འགྲམ་དང་མེ་ཏོག་ལྡུམ་རའི་ཁྲོད་དུ།

གཤིན་རྗེ་གཤེད་པོ་དང་འགྲོགས་ནས་བསླེབས་ཤིང་།

མི་ཚོགས་ལ་འཆི་བའི་ཕྱོགས་སུ་གོམ་ཁ་སྤོ་རྒྱུར་ལག་གཡུག་གིས་མགྲོན་བརྡ་གཏོང་བཞིན།

མང་བོ་མང་བོ་ཞིག་ཕྱིན་ཚར་འདུག

 

ནད་ཡམས་འདི་ལས་ཐར་ཕྱིར།

ནད་པ་དག་གིས་སྒེར་ངོས་ནས་ཀྱང་།

རང་གི་མ་དངུལ་དེའང་ཕངས་སེམས་མེད་པར་གཏོང་བཞིན།

སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་དེ་དག་གིས།

དངུལ་འབོར་ཆེན་པོས་རོགས་སྐྱོར་གནང་བཞིན།

འོན་ཀྱང་།

ནད་པ་དག

གཅིག་འཕྲོར་གཅིག

རྐྱེན་ལམ་དུ་བརྫངས་བཞིན། འགྲོ་བཞིན།

 

རྨ་ཁ་མི་བཟོ་བའི་མཚོན་འོག་ནས་ཤི་བ་བཞིན།

 

ནད་གཞི་མི་ཚོར་བའི་སྨན་པའི་སྨན་ནི་དུག

ནད་གཞི་ཚོར་ཀྱང་སྨན་མི་སྤྲད་པའི་སྨན་པ་ནི་གདོན་འདྲེ།

དུག་དང་གདོན་འདྲེས་ཁེངས་པའི་སྨན་ཁང་དུ།

ནད་པ་དག་ནི་བར་དོའི་སྒོ་འགྲམ་ན་མནར་བའི་ཉམས་ཆུང་གི་རྣམ་ཤེས་བདག་མེད་རེ་རེ།

 

ནད་ཡམས་འདི།

འགྲོ་བ་མི་ཡོངས་ལ་འགོ་སྲིད་དམ།

འགོས་ནད་འདིས།

ནད་པ་རེ་རེའི་ཚེ་སྲོག་གི་མཇུག་བསྡུའམ།

 

ཐོ་ཐོས།༢༠༢༡།༠༤།༡༡

དྲྭ་གྲོགས།

 

ཐུག་ནས་ངོ་ཤེས་གྱུར་ཀྱང་དྲྭ་ལམ་ཙམ།།

དགའ་ནས་སེམས་པ་ཤོར་ཡང་རྨི་ལམ་བཞིན།།

འཛུམ་ཞོར་དགོད་སྒྲ་ལྷང་ལྷང་བསྒྲགས་ན་ཡང་།།

དེ་ཡང་རྨི་ལམ་ནང་ནས་བྱུང་བ་བཞིན།།

 

ཐོ་ཐོས། ༢༠༢༡-༠༤-༡༢

 

ཁ་པར་དང་གླེན་པ།

 

རྩོད་ཉོག་ཇི་ལྟར་ཆེ་ཡང་གཏད་སའི་གདོང་།།

མི་ཡི་གདོང་མིན་ཁ་པར་འཆར་ངོས་ཙམ།།

ཤིན་ཏུ་གླེན་པ་ཡིན་པའི་རྟགས་ཤིག་ནི།།

ཁ་པར་ཐོག་ལ་ངན་སྨྲས་བྱེད་པའོ།།

 

ཐོ་ཐོས། ༢༠༢༡།༠༤།༡༣

 

འདི་ན་མཚན་མོ་རེད་ལགས།

 

འདི་ན་མཚན་མོ་རེད་ལགས་གློག་སྒྲོན་དག་གིས་ནམ་མཁའི་སྐར་མར་འགྲན། །

ངས་ནི་ཉི་མའི་འོད་ན་མེ་མདའ་འཆང་ནས་དགྲ་བོའི་ཕྱོགས་སུ་འདུར། །

ནམ་ཞིག་དགྲ་བོའི་ཚང་ལས་མེས་པོའི་རྣམ་ཤེས་བཙོན་གྲོལ་བྱུང་གྱུར་ཚེ། །

ངས་ནི་ད་གཟོད་སེམས་ཀྱིས་འཆང་བའི་མེ་མདའ་ཐང་ལ་གཡུག་ན་ཆོག །

མེ་མདའི་ཁ་ན་བོའུ་སྐད་ལྷང་ལྷང་གྲགས།།

ང་ཡི་ལུས་ན་སྡང་སེམས་ལྷོག་ལྷོག་འཕྱུར།།

དགྲ་འཇོམས་མེ་ལྕེ་མདེའུ་རྩེ་ན་འཕྱོ།།

རྒྱལ་འདོད་འདུན་པ་གོ་ལ་ལས་ཀྱང་ཆེ།།

 

ཐོ་ཐོས། ༢༠༢༡།༠༤།༡༤

 

རྣམ་ཤེས་ལ་འཆི་རྒྱུ་ཡོད་དམ།

 

སྲིན་འབུའི་ཕུང་བོ་ཚོགས་པའི་ལུས་པོ་འདི།།

གློག་སྐུད་ལྟ་བུའི་རྩ་ཁམས་གྲངས་མེད་པས།།

གཅིག་ལ་གཅིག་བརྟེན་འབྲེལ་བ་བསྐྲུན་བྱས་ཏེ།།

དེ་དག་ལས་ནི་རྣམ་པར་ཤེས་པ་ཐོན།།

 

ལོགས་སུ་དགར་རྒྱུའི་རྣམ་ཤེས་ཡོད་མ་ཡིན།

རྟེན་དང་བརྟེན་པ་གཟུགས་ཡོད་གཟུགས་མེད་བཅས།།

མཉམ་དུ་ཚོགས་པའི་ཕུང་བོའི་གྲུབ་ཆ་ལས།།

རྣམ་པར་ཤེས་པ་འོད་བཞིན་གྲུབ་པ་ཞིག།

 

འོད་དང་རླུང་ལ་འཛིན་རྒྱུ་མེད་པ་བཞིན།།

འོད་དང་རླུང་ལ་འགོག་རྒྱུ་ཡོད་པ་བཞིན།།

རྣམ་ཤེས་དེའང་བཟུང་ནས་ཉར་ཐབས་མེད།།

འོན་ཀྱང་རླུང་བཞིན་བཀག་ཚེ་ནུས་མེད་ཆགས།།

 

སྨྱོན་པ་ཐོ་ཐོ་ནས། ༢༠༢༡།༠༤།༡༥

དུགས་ཚོམས་ནང་གི་སྐད་ཆ་དམར་རྗེན་མ།

 

འདྲེ་ཐོ་ཐོ་ནས།

སྒེར་ཐུག་མི་རྒྱག་ཟེར་བའི་སྐད་ཆ་དེས།།

སྒེར་ཐུག་རྒྱག་འདོད་ཡོད་མཁན་མང་བོ་ཞིག།

ཚོམས་ནས་སྒེར་ལ་འགྲོ་རྒྱུའི་རེ་བ་བརླགས།།

སྒེར་དང་ཚོམས་ལས་ཚོམས་ནི་སྐྱིད་ཤོས་ཡིན།།

 

ངའང་ཚོམས་ནས་ཁྱེད་ལ་མཇལ་ཐེངས་རེར།།

སྒེར་ལ་ལེན་རོགས་ཞེས་ནས་ཞུ་འདོད་ཀྱང་།།

སྒེར་འབྲེལ་འཛིན་རྒྱུར་ངོ་ཚ་སྐྲག་སྣང་སྐྱེ།།

བསམ་ན་སྒེར་ལས་ཚོམས་ན་སེམས་ཁུར་མེད།།

 

ཚོམས་འདིར་བུད་མེད་རེ་རེ་ཕེབས་ཐེངས་རེར།།

འདོད་གཏམ་མེ་ཏོག་མ་ཡིས་བསུ་འདོད་ཀྱང་།།

འདོད་ཆགས་ཁ་ལ་གོམས་པའི་དྲྭ་འབུ་ལ།།

འཆུག་རྒྱུར་དོགས་ནས་རྒྱུན་ལྡན་འཚམས་འདྲིས་བསུས།།

 

ཚོམས་ན་བུད་མེད་བཞུགས་ན་བདེ་སྐྱིད་ཅིག།

ཁ་བརྡའི་གོ་སྐབས་རེག་ན་སྐྱིད་སྣང་ཞིག།

སྐབས་རེར་སེམས་གཏམ་བརྗོད་ན་ཐར་བ་ཞིག།

གང་ལྟར་བུད་མེད་བཞུགས་ན་སེམས་ཚོར་མང་།།

 

 

བུད་མེད་འབྲོག་མོ་ཡིན་ཚེ་འབྲོག་ཁུལ་གླེང་།།

སྔོན་དུས་འབྲོག་ན་ཡོད་སྐབས་དྲན་ནས་ཡོང་།།

ལ་གཞས་བླངས་ནས་ཡོང་ཚེ་ཆུང་དུས་དྲན།།

ཆུང་དུས་རོགས་ལོ་མ་ཚོའི་བཞིན་རས་དྲན།།

 

བུད་མེད་ཞིང་པ་ཡིན་ཚེ་སིལ་ཏོག་དྲན།།

ཆུང་དུས་ཟོས་པའི་ཤིང་ཏོག་ཡོད་དོ་ཅོག།

རྒྱ་དང་ཁ་ཆེ་བ་ཡི་ཡིན་ཤག་བྱས།།

བོད་ནས་སིལ་ཏོག་སྐྱེ་བ་ཤེས་མ་སོང་།།

 

འབྲོང་རྒོད། ལགས་ནས།

བོད་ལ་སྒེར་འབྲེལ་བཟུང་ནས།།

གཞན་ལ་སེམས་ནད་མ་བཟོ།།

ཁྱོད་ལ་སེམས་པ་ཡོད་ན།།

མོ་ལ་གུ་ཡངས་གནོངས་དང་།།

ཚོམས་ན་བུད་མེད་མང་ན་བདེ་སྐྱིད་ཅིག།།

ལྷག་པར་མཛེས་མ་མང་ན་མིག་སྐྱིད་ཅིག།།

ཞོར་ནས་མཐུན་ས་ཡོད་ན་སེམས་སྐྱིད་ཅིག།།

གཞན་ལ་ངོམས་སོ་བྱས་ན་གཟི་བརྗིད་ཅིག།།

 

སྐབས་རེར་བུད་མེད་མང་ན་སྐྱིད་སྣང་ཞིག།

མཚམས་རེར་རྩོད་ཉོག་ཆེ་བས་སུན་སྣང་ཞིག།།

ལན་རེར་གླུ་རེ་བླངས་ཚེ་དགའ་སྣང་ཞིག།།

འགའ་རེར་སྙིང་སྡུག་མེད་པས་སྐྱོ་སྣང་ཞིག།།

ཆགས་རྒན་ཆ་བོའི་དབུགས་རིང་ན་ར་ར།།

ཧེབ་རྒན་ཅན་པོའི་མགོ་བོ་འདར་ར་ར།།

གཡོ་ཅན་དག་གི་ཐབས་བཀོད་ཤ་ར་ར།།

ཁ་བདེའི་སྐོར་གྱི་གཅམ་ཚིག་ཅ་ར་ར།།

 

མྱི་བོ་སྤྲིན་ཞོན ལགས་ནས།

 

ཚོམས་ན་བུད་མེད་མང་ན་སྐྱིད་སྣང་ཞིག།

ཆགས་རྒན་སྐོར་ཞིག་ཡོད་པས་སུན་སྣང་ཞིག།

མོ་སྐད་ཉན་ནས་བསྡད་ན་བསོར་ནི་འདྲ།།

རང་ལ་མི་དབང་པས་ན་སྐྱོ་སྣང་ཞིག།

 

༢༠༢༡།༠༤།༡༥

 

 

མི་ཚེ་ཟེར་ན་འདི་འདྲ་སྐྱིད།

 

མེ་ལོང་མ་ནི་ཚོར་བའི་བཙོན་ཁང་བཞིན།།

སྐྱ་ཐིག་དེའང་མི་ཚེའི་བཙོན་ར་ཞིག།

ཅི་བསམས་བཞིན་དུ་འགྲོ་འདུག་རང་དབང་ཅན།།

ནམ་མཁའི་བྱ་ལྟར་འཕུར་བའི་མི་ཚེ་སྐྱིད།།

 

ཐོ་ཐོས། ༢༠༢༡།༠༤།༡༦

 

 

བརྔོན་བྱའི་མི་རིགས།

 

རང་ནི་རང་ལས་གཞན་དུ་མི་བྱེད་པར།།

གཞན་ཡང་གཞན་ཏེ་རང་ངོར་སྦྱར་མི་བྱ།།

སོ་སོའི་ལུས་དང་ལས་དབང་ཅི་འདྲའི་འགྱུར།།

འཇིག་རྟེན་ཞི་བདེ་ཡིན་ཚེ་རང་ལ་ཐུག།

 

བཙན་པོས་གཉའ་གནོན་ཡོད་སའི་འཇིག་རྟེན་དུ།།

རང་ཉིད་རང་ལ་མི་དབང་གཞན་དབང་ན།།

རང་སེམས་རང་གིས་བདག་དབང་བྱེད་དབང་མེད།།

ཡོད་ཚད་གཞན་དབང་ཅན་དུ་སོང་བས་དཀའ།།

 

དེས་ན་ང་ཚོའི་མི་རིགས་ཡོད་དོ་ཅོག།

དོན་དངོས་རང་དབང་ཅན་ནི་ཉུང་ཉུང་སྟེ།།

ཧ་ལམ་མེད་ཀི་ཟེར་ན་ཆོག་གི་འདོད།།

དམངས་གཙོའི་ཡུལ་དུ་བཞུགས་པས་ཁྱབ་པ་མེད།།

 

ངེད་ཅག་རྒྱ་ནས་ཤོར་བའི་རི་དྭགས་བཞིན།།

ཕྱི་ནང་གང་ན་ཡིན་ཡང་བརྔོན་བྱའི་ཡུལ།།

ནང་ནས་ལུས་སེམས་གཉིས་ནི་མཉམ་དུ་བརྔོན།།

ཕྱི་ནས་སེམས་དང་བསམ་བློ་ཡོངས་སུ་བརྔོན།།

 

ཐོ་ཐོས། ༢༠༢༡།༠༤།༡༧

评论

此博客中的热门博文

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

༄༅།། བུ་མོ་ལཱེས་ལཱེས་ལ་བྲིས།

If I were Trump, I would say something like this: