Gyalpo Tamding A collection of poems སྙན་ངག་ཕྱོགས་བསྒྲིགས། 诗歌集 page 02
རྩོམ་སྒྲིག་པའི་གཏམ།
དྲྭ་ནང་གི་འཇིག་རྟེན་གླེང་བ་ཞེས་པའི་སྙན་ངག་གི་དེབ་འདི་རྩོམ་སྒྲིག་བྱེད་པའི་ཁུར་ཇི་ལྟར་བླངས་བ་དང་རྩོམ་སྒྲིག་གི་གོ་རིམ་ནས་ཏོག་ཙམ་ཞུ་འདོད་བྱུང་། སྤྱིར་རང་རེའི་སྤྱི་ཚོགས་སུ་དྲྭ་ཐོག་ནས་རྩོམ་ཡིག་འབྲི་པའི་འགོ་འཛུགས་པའི་དུས་ཚོད་དེ་དུས་རབས་ཉེར་གཅིག་པའི་ལོ་རབས་བཅུ་བ་ཚུད་ཆོད་ནས་སྤང་ལ་མེ་མཆེད་པ་བཞིན་བྱུང་འདུག་པ་དེབ་འདི་ནས་ཀྱང་གསལ་པོ་མཐོང་ཐུབ་པ་ཞིག་རེད།
རྩོམ་པ་པོ་ཁོང་དང་དྲྭ་གྲོགས་སུ་གྱུར་ནས་དུས་ཡུན་རིང་པོ་ཞིག་གི་ནང་ལ་ཁོང་གི་དྲྭ་རྩོམ་བཀླགས་ཞོར་ལ་མཆན་རེ་གཉིས་རྩེད་མཚར་གྱིས་ཚུལ་དུ་བྲིས་བསྡད་པ་ཡིན། དེ་འདྲཞིག་གི་བརྒྱུད་རིམ་དང་མ་གཞི་ངོ་ཤེས་ཡིན་པས་ཉིན་ཞིག་དྲྭ་ཐོག་ནས་གླེང་མོལ་ཞིག་གི་སྐབས་ཁོང་གིས་ད་བར་དྲྭ་ཐོག་ནས་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་པ་དང་ཕྱོགས་བསྒྲིག་བྱས་ན་བྱེད་རིན་འདྲ་ཡོད་ན་ཞེས་ཁེངས་སྐྱུང་དང་བཅས་གྲོས་གནང་སོང་། ཡིན་ད་ཡིན་ཡག་པོ་འདུག ད་བར་བྲིས་པའི་རྩོམ་ཡིག་ཕྱོགས་བསྡུས་ཤིག་བྱེད་ཐུབ་ན་དགེ་མཚན་ཞེས་ཆེར་ཡོད་མེད་མི་ཤེས་ཏེ་གང་ལྟར་རྩོམ་ཡིག་བོར་བརླག་མི་འགྲོ་བ་དང་ཕྱི་རབས་པ་ཚོར་བསམ་པའི་དཔྱད་གཞི་ཟེར་ན་རེད། ད་ལྟའི་མི་རབས་འདིས་རང་གི་སྐད་ཡིག་གི་སྤྱོད་སྒོ་དང་རིན་ཐང་ལྟ་ཚུལ་སོགས་ཀྱང་སྟོན་ཐུབ་པའི་ཕན་ཐོག་ཡོད་ངེས་རེད་ཅེས་སོགས་ཁ་བརྡ་གང་མཚམས་བྱས་རྗེས་རྩོམ་སྒྲིག་བྱེད་མཁན་ཞིག་ངས་འདི་ནས་ཐབས་འཚོལ་ཨེ་ཡོང་བལྟ་རྒྱུ་བྱས།
དུས་ཚོད་གང་མཚམས་ཤིག་འགོར་ཀྱང་འཚམས་པ་ཞིག་རྙེད་མ་བྱུང་པའི་དེ་མུར་ལས། གུས་པར་སྐབས་དེར་ལས་བྲེལ་ཅུང་འདུག་ལ་རྩོམ་སྒྲིག་ཉམས་མྱོང་དང་བྱང་ཚད་སོགས་གང་ཐད་ནས་གདང་ཚོད་སླེབས་མ་སོང་པས་དང་ལེན་བྱེད་ཤེས་མ་སོང་།
༢༠༡༩ ལོའི་ལོ་འགོར་བསྐྱར་དུ་དྲྭ་ཐོག་ནས་གླེང་མོལ་ཞིག་གི་སྐབས་ངས་ཚོད་ལྟ་ཞིག་བྱེད་ཆོག་ཅེས་ཁོང་གི་རྩོམ་རིགས་ཅི་ཡོད་མྱུར་འཕྲིན་བརྒྱུད་བསྐུར་ཡོང་དུས་རྩོམ་ལུས་མ་འདྲ་བའི་རྩོམ་ཡིག་ཧ་ཅང་མང་པོ་ཞིག་འདུག་ལ་ཚང་མ་ཕྱོགས་བསྡུས་བྱས་ན་དེབ་ཕྲེང་ཁ་ཤས་ཤིག་གི་རྒྱུ་ཆ་འདུག
ད་དུང་རྒྱ་ཡིག་ནང་བྲིས་པའི་རྩོམ་ཡིག་ཀྱང་དེབ་རྒན་ཞིག་གི་རྒྱུ་ཆ་ཡོད་ངེས་རེད།
སྙན་དེབ་འདིར་འཁོད་པའི་ཐོག་མའི་རྩོམ་ཡིག་ཁག་ཅིག་མ་གཏོགས་དྲྭ་ཐོག་ནས་ཕན་ཚུན་རྩེད་མཚར་དང་བསམ་ཚུལ་བརྗེ་རེས། དྲྭ་ཚོམས་སོགས་སུ་དྲྭ་གྲོགས་ཀྱི་ཕན་ཚུན་ཚོར་འདུ་མཚོན་པའི་རྩོམ་ལུས་འདྲ་མིན་དུ་བྲིས་པའི་རྩོམ་ཡིག་དང་། བརྗོད་བྱ་སྣ་ཚོགས་དང་། གོ་རིམ་དང་སྒྲིག་སྲོལ་ལས་བརྒལ་པའི་ཉིན་རེའི་ཚོར་བ་དམར་རྗེན་དུ་འཆད་པའམ་མཚོན་པའི་རྩོམ་པ་པོའི་ཉིན་ཐོ་ཞིག་རེད་ཅེས་བརྗོད་ཀྱང་ཆོག
ཁོང་གི་རྩོམ་ཡིག་ལས་ཁོང་གི་མི་གཤིས་དྲངས་ཚུགས་དང་རྫུ་བག་གི་དྲི་མ་མེད་པའི་ཉིན་རེའི་འཚོ་བའང་མཚོན་ཡོད་ལ། བདེན་པ་དང་རང་དབང་ལ་ཁ་ཞེ་གཉིས་མེད་ཡིན་པའི་སྐྱེས་ཕོ་རབ་ཞིག་གི་རྣམ་པའང་མངོན་ཡོད་ངེས་རེད།
བདག་གི་རྩོམ་སྒྲིག་བྱེད་པའི་གོ་རིམ་ཁྲོད་ཁོང་གི་རྩོམ་ཡིག་བཀླགས་ནས་ཡོང་དུས་ཆོབ་ཚ་ལ་དགོད་སྤྲོ་པའི་གནས་ཚུལ་མང་པོ་བྱུང་ལ། ཁོང་གི་ཚོར་བའི་ངར་ཤུགས་ཚིག་གིས་མཚོན་མ་ཐུབ་པའང་ཡོད་པར་གདོན་མི་ཟ་པས་ཕང་སྣང་ཀྱང་བྱུང་། ཁོང་ནི་དྲན་རིག་རྒོད་ལ་ཐུན་མོང་མ་ཡིན་པའི་བསམ་འདུན་ཅན་ཞིག་ཀྱང་ཡིན་པའང་ཚོར་ཡོང་གིས། མ་གཞི་ཁོང་དང་དུས་ཐུང་ཤིག་ལ་གཤིབ་མྱོང་ལ། ཁོང་གི་རྩོམ་ཡིག་བཀླགས་པ་དང་འདྲ་བོ་རེད།
མཚམས་འདི་ནས་ཀློག་པ་པོ་རྣམས་པར་གྱེས་ཕྱག་མ་བཏང་སྔོན་ལ་བརྗོད་འདོད་པ་ཞིག་ལ་དྲྭ་རྩོམ་ཕྱོགས་སྒྲིག་འདི་རང་རེའི་རྩོམ་རིགས་ལོ་རྒྱུས་ཁྲོད་ཀྱི་དྲྭ་རྩོམ་སྔ་གྲས་ཤིག་ཡིན་ངེས་ལ་དྲྭ་རྩོམ་ལ་དྲྭ་རྩོམ་གྱི་ཁྱད་ཆོས་དང་ཡང་ན་ཞན་ཆ་སོགས་མ་འདྲ་བ་དང་མ་གོམས་པའི་ཆ་གང་མང་ཞིག་ཡོད་ངེས་པས་ལྷན་རྒྱས་ནས་དགོངས་ཚུལ་ལྷུག་སྩོལ་གནང་རོགས་ཞུ། གུས་པའི་ཉམས་མྱོང་དང་ཡིད་གཟབ་སོགས་ཆ་གང་ནད་ཀྱང་མ་འདང་ས་དང་མ་འཐུས་ས་ཡོད་ཤག་ལགས་ན་བཟོད་གསོལ་ཞུ།
འབྲོག་གཅེར་བུས། ཕྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ཚེས་ ༢༡ ཉིན།
དཀར་ཆག
v ཀ་རྩོམ་རྨི་ལམ་ནང་གི་འཁུན་སྒྲ། 01
v ང་ནི་བཀྲེས་སྐོམ་གྱིས་གདུང་བའི་རྒྱ་གར་བ་ཞིག 03
v ངའི་རྨི་ལམ་ཧ་ལམ་སྟོང་སོང་། 05
v དུག་ལྕེའི་འོག 06
v ང་ཧ་ལམ་ཁྱེད་ལ་དགའ་སོང་། 07
v བལ་ཡུལ་སྣེ་ལེན་ཁང་ནས་ཐོན་པའི་འཁྱོག་བཤད། 08
v ལྷ་ས་དང་འཕགས་ཡུལ། 09
v རྒན་མཁར་སྐྱབས་དང་གནམ་གྲུ། 10
v དགོང་ཇ། 10
v སྨྲེ་སྔགས། 12
v འདི་ན་སྙན་ངག་ཡོད། 13
v རྡོ། ཁོ་མོའི་སེམས། 16
v རྒྱ་མཚོ་དང་དགའ་མ། 17
v ལམ་གྱི་རིམ་པར་འགྲོ་སྐབས། 17
v ང་དང་བདུད་བྷེ་ཆང་ལ་དགའ་ནི་རེད། 18
v དེ་རིང་ཁ་བ་བབས་བྱུང་། 19
v སེར་ཆེན་མེ་ཏོག 20
v སེར་ཆེན་འཚོལ་བར་ཡོང་ཡིན། 22
v སེར་ཆེན་མཐོང་བ། 23
v ང་ནི་ཡང་བསྐྱར་སེར་ཆེན་འཚོལ་བར་ཡོང་། 24
v མཛེས་མ་སེར་ཆེན་གྱིས་བཏངས་བའི་དྲི་བ། 25
v སེར་ཆེན་སྐྱབས་ཏུ་སོང་བ། 26
v སྙན་ངག་གཏོར། 27
v ལྐུག་པ། 27
v 58 ཇ་ཁང་ནང་གི་ཚིགས་བཅད་ཐར་ཐོར་ཞིག 27
v ཁ་བ་འབབ་ཐེངས་རེ་ལ། 37
v རྒད་པོ་ང་ནི་སྨྱོས་འདུག་ཟེར། 40
v མདང་དགོང་རྨི་ལམ་ངོགས་སུ་སེར་ཆེན་བྱོན།། 41
v ཇ་མ་རྒད་པོ། 42
v ཐེ་ཝན་སྲིད་འཛིན་གསར་བ་མ་ཚེ་ཡེན་བུན་ལ་སྤྲངས་བའི་ཚིགས་བཅད་འགའ། 43
v ནུ་བོ་ཞིག་གིས་བཀའ་དྲིན་ཞུས་བའི་ལན་དུ། 44
v སང་ཉིན་མྱུར་བར་མཇལ་ཡོང་། 45
v གྲོགས་ཡུལ་གྱར་བ་ལ་སྤྲངས། 47
v མགྲོན་བསུའི་གླུ་དབྱངས། 48
v ཕོ་གསར་འགྲན་སྡུར། 49
v གྲོགས་དགའ་བོ་བླ་མ་ལགས་ལ་ཕུལ། 49
v གནམ་སྔོན་པོ་ཟེར་ཞོར་གླུ་ཞིག་ལེན། 51
v ཚོར་བ་ཞིག 52
v གཡག་དང་སེང་གེ 54
v འབྲོག་སྐད་དང་འབྲོག་པར་མཐོང་ཆུང་བྱེད་མཁན་ཞིག་གི་ལན་དུ། 54
v ངས་ཁྱེད་རང་ཚ་བོ་བཟོ་དགོས། 56
v སྐད་འཕྲིན་ནང་ན་རྙོག་གཏམ་ཚ་འུར་འུར། 57
v འོས་ཤོག 58
v འབྲོག་ཇ། ཇ་རྒོད། རྒྱ་ཇ། 60
v ཟླ་བའི་ལྷ་མོ་དང་འདྲེ་ལག་གཡོན་པ། 65
v གསར་ལུ་རྒྱལ་ཚང་གི་ཚིགས་བཅད་ཉེར་གཉིས་པ། 65
v འཇིག་རྟེན་འཁོར་བ། 69
v ཨ་བདེ་ལགས་ལ་ཞུས་བའི་རེ་བ་ཞིག 72
v སྨྲ་བརྗོད་རང་དབང་མེད་ཀྱང་ཡོད་ཅེས་དང་། 72
v མི་ཚེ། 75
v སྲིད་ཀྱི་བྲོ་བ། 75
v གྲོགས་བདུད་བྷེ་ལགས་ལ་འབུལ། 76
v འཇིགས། 77
v གྲོགས་མེད་འཁོར་བའི་བླ་མ་ལགས་ལ། 78
v ང་དང་ཁ་པར། 79
v རྡ་རམ་ས་ལ། 80
v ལོ་སར། 81
v གཅིག་དེ་ཡོད་པ་བཙན་བྱོལ་གཞུང་། 83
v ལོ་གསར་བ་ཐོན་ནོ་ཡག་གི། 85
v མདའ་རྫོང་རྩེ་རའི་ནང་གི་མཛེས་མ་དག་ལ་རྩེ་ཞོར་དགོད་ཞོར་དུ། 87
v ཁ་རྩོད་ཀྱི་ཁྲོད་ནས་བྱུང་བའི་ཚིགས་བཅད། 89
v སྒེའུ་ཁུང་ཕྱི་ནང་། 90
v ང་ནི་ཁ་བ་དང་ཁ་བ་གཏོར་མཁན་དེའང་ང་ལགས། 90
v ཞི་མོ་སྙན་ངག་ཀློག་མཁན་མ་ཞིག་ལ་བྲིས། 91
v དྲྭ་གྲོགས་ཤིག་ལ་བྲིས་བ། 92
v ཉ་དང་མཚེའུ། 93
v མཉམ་བྲིས་ཤིག 93
v མེ་ཏོག་ལམ་གྱི་བླ་མ་དག་ལ་ཕུལ། 95
v དགའ་བ་དེ་ནི་བདེན་པ་ཞིག 97
v ལོ་སར་སྔོན་གྱི་སྐད་ཆ། 98
v བོད་ལ་དགུ་ཐུག་མི་དགོས་བརྒྱད་ཐུག་དགོས། 99
v ལོ་སར་སྐབས་ཀྱི་ཁ་བརྡའི་ཆང་དྲི་བྲོ་བ། 100
v གྱོང་གུད་གཉིས་ཀྱི་སྐོར་ལ་བསམ་ཚུལ་མི་འདྲ་བ་རེ། 103
v འཇིག་རྟེན་འདི། 103
v གྱོང་གུད་རང་གིས་ཉོས་པ་རེད། 104
v ལྷ་སའི་ཇོ་བོར་གསེར་ཞལ་ཕུལ་བ། 105
v ངས་ཆབ་སྲིད་མི་ཤེས། 106
v པོ་ཏི་འཁུར་བའི་བོང་བུ། 107
v དམིགས་བསལ་མེད། 110
v ཕན་མི་ཐོགས་པའི་ལོ་རྒྱུས། ཕྲུ་གུ་སྐྱེ་མི་ཐུབ་པའི་རྒན་མོ། 111
v གྲགས་འགུལ་མེད་པའི་སྲོག་ལྡན་འགའ། 111
v བྱ་དགའ་བྱ་འཕུར་འཕུར། 112
v རྟ་མགྲིན་རྒྱལ་པོའི་གདམས་ངག 113
v སྟོན་མཇུག་གི་ཚེར་མ། 115
v བཙན་པོའི་སྲས་མོ། 115
v ཨ་སྲས་གཞོན་ནུ་ལ་སྨྲས་བའི་སེམས་གཏམ། 116
v ཁུག་དམར། 118
v སུན་ན་སྒོའི་ཕྱི་ལ་ཕེབས་རོགས། 119
v རང་སེམས་དང་གཞན་སེམས། 120
v འདི་ནས་འབྲོག་མོར་ཕྱག་གསུམ་འཚལ། 122
v རྩེད་མཚར་གྱིས་སྤྲད་པའི་ལན་གཉིས། 123
v ང་ནི་དེ་རིང་གློས་ངོ་གློས་ངོ་ཞིག་ཡིན་འདུག 124
v སྐར་མ་གནམ་མཚོ། 125
v དཔའ་ཐོའི་སྐྱིད་ཟིག་མེད། 125
v ཉ་ཤ་ཟ་བ། 126
v སོག་བོད་ནས་བོད་སོག 127
v ཁྱེད་རང་དྲན་གི་འདུག 127
v ཆང་། 128
v ང་བདུད་བྷེ་ཆང་གིས་ཤི་རུ་བཅུག 129
v ཚོགས་གཙོ་ལགས་ལ། 130
v རྒྱལ་ཁབ་དང་ཚོགས་པ། 131
v གོ་ལ་ཟླུམ་པོ་འཇིག་རྒྱུ་ཉེ་རུ་བཏང་། 132
v རྒྱལ་དབང་ཡིད་བཞིན་ནོར་བུ་རྒྱལ་གྱུར་ཅིག 133
v འདྲེ་ཐོ་ཐོའི་ཁ་ཆེམས། 134
v མེ་ཏོག་པདྨ། 135
v བླུན་པོ་རེད་ཟེར་ན། 136
v སྲུ་མོའི་མིང་གི་འབོད་ན་འདོད། 137
v ངའི་ཚེ་སྲོག་སྙི་མོ་སྙི་མོ་འདི། 138
v མ་འོངས་པའི་འཛམ་གླིང་སྟེང་ཆེས་རིན་ཐང་ཅན་གྱི་རི་མོ། 138
v ཨོ་མ་ཎི་པདྨེ་ཧཱུ། 139
v རྩོད་གླེང་བར་གྱི་སེམས་ཚོར་གླེན་རྟགས་ཅན། 140
v ཙི་ཙི་དང་བྱི་ལ། 142
v སངས་རྒྱས་གོ་ཏ་མ་ལ་ཕྱག་འཚལ་ལོ། 142
v ལས་དང་སོ། 143
v དཔྱིད་དུས་བག་མ་འདྲ་མ། 143
v སྐུ་ཞབས་བོང་རྫི་ལགས་ལ་བྲིས། 144
v སེམས་གཏམ་མར་ཁུ་མ། 146
v སྙན་ངག་ཁུ་ཚུར་བའི་ལན། 148
v སེམས་དང་ལུས། 150
v གྲྭ་བ་རྣམ་དག་ཅིག་ལ། 151
v རང་ས་རྐང་མཐིལ་ཙམ་ཞིག 152
v བོད། 154
v རོགས་ཆུང་ལོ་རྫ་འགོའི་མེ་ཏོག་རེད། 155
v དེ་རིང་གི་སེམས་ཚོར་མི་འདྲ་བ་ཞིག 156
v ལྷ་མིའི་བར། 158
v ཡིག་རྨོངས། 158
v འཇུ་མི་ཕམ་དང་འདྲེ་ཐོ་ཐོ། 159
v འདོད་གཏམ་ཐད་གླེང་། 160
v ལྟོག་སྐོམ། 161
v གངས་དཀར་པོའི་ཁ་བཏགས་གཡོགས་དུས། 162
v སེམས་བཙོག 162
v སྟོང་སྐུ། 163
v ཐོལ་བྱུང་ཁག 163
v ལུས་དང་འདུ་ཤེས། 165
v དོལ་རྒྱལ་དང་རྒྱ་འདྲེ། 166
v སྙན་ངག 168
v རྣམ་སྨིན། 168
v ཐག་རིང་དུ་བཞུགས་པའི་གྲོགས་དམ་པ་ཞིག་ལ། 169
v གྲོགས་པོ་ལག་ཤེས་ཅན་པོ། 170
v ལྟ་ལོག་ཟེར་བ་དང་ལྟ་བ་ཡང་དག་ཟེར་བ། 171
v ཆོས་སྲིད་ཟུང་འབྲེལ་བརྗེད་མི་རུང་། 171
v རང་ས་དང་རང་མྱི། 172
v ཤོར་ཟིན་པའི་ཟླ་བའི་ཞལ་རིས། 173
v ཟངས་དཀར་མྱི་ལྡིང་གི་གཏམ། 174
v ང་དང་ལོ་རྒྱུས་གཉིས་འབྲེལ་ཚེ། 175
v ངོ་བསྟོད། 175
v སྤྲོ་ལྷང་ལྷང་གི་སྤྲང་བོ། 176
v བླ་མའི་སྐུ་པར། 177
v མི་ལོ་ཉི་ཤུའི་རྗེས་ལ། 178
v ཚོགས་གཙོའི་བྱུང་བ་བརྗོད་པ། 179
v བུ་རྒོད་འདྲེ་ཐོའི་ཟུར་ཞིག་གླེང་། 181
v བྱམས་བརྩེའི་འཁོར་ལ་ཞུགས་རོགས། 182
v རྒྱལ་ཁབ་སྨྱོས་པའི་རྣམ་པ། 183
v ཡིད་འཇིགས་པའི་རྙིང་གྱུར་གྱི་གསར་འགྱུར། 186
v བོད་འབངས་དཀྲུག་མཁན་གྱི་དོལ་རྒྱལ་བ། 187
v ངའི་ཕ་ཡུལ། 189
v དེའི་སྐོར་ལ་བསམ་ཚུལ། 190
v མི་ཤེས་ན་འདི་རེད་ལགས། 191
v ཕ་ཡུལ་རྨ་ཆུ། 192
v ད་ལོར་ལས་ཀ་རེག་སོང་། 193
v གྲོགས་པོའི་ཟ་ཁང་གསར་པའི་འཆར་གཞི། 195
v བུ་ལོའི་སྐད་བསྐུར། 196
v དམྱལ་བའི་སྐོར། 198
v མཁས་བླུན་བར་ན་ང་ནི་རྩལ་ལོག་ཅིག 199
v ང་ཚོའི་ཐབ་ཚང་ནི་ཁྱེད་ཚོའི་ཐབ་ཚང་ཡང་ཡིན། 200
v བོད་པ་ཚང་། 202
v ལམ་དབུ་མའི་དཀྱིལ་ན་ངེད་གཉིས། 203
v སུ། 204
v གཤིས་ཀ 205
v རང་གིས་རང་བྲིས་པ། 206
v ངའམ་བོད་པ་ཚང་། 207
v ཐོབ་ཤོར། 208
v དེ་རིང་དང་དོ་དགོང་གི་ཚོར་བ་ཡ་མཚན་རེ། 208
v གོ་སྐབས་བཟང་པོ། 209
v གྲོགས་ཆོས་འཕེལ་དར་རྒྱས་ལ། 211
v འོད་དཀར་མ། 212
v ལས་ཀ་དང་སྙན་ངག 213
v འདྲེ་ཐོའི་སྨྲ་སྔགས། 214
v སྤྲང་བོ་ཞིག་གི་གོང་མ། 215
v ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 217
v མི་དང་མིའི་བར། 218
v ནགས་ཁྲོད་ཀྱི་རི་དྭགས་མིག་ཅན་མ། 219
v སྡུག་བསྔལ་བ་ཞིག་ལ་བྲིས། 219
v དོན་གྲུབ་རྒྱལ། ཆང་དང་ཆུང་མ། 221
v ལམ་གྲོགས། 221
v སྐད་སྙན་མོ། ཞི་མོ་ཡག་མ། 222
v མཛོ་དགེ་ཉིན་མའི་དགོན་མཐའི་ཁང་ཁྱིམ། 222
v སྒྲོན་མེ། 224
v ལས་ཀ་དང་སེམས་ཁམས། 225
v དྲྭ་གྲོགས་ཤིག་གིས། 226
v མར་གྱུར་སྨོན་ལམ། 228
v ཟ་ཁང་། 229
v གཞས་ལ་གཞས་ལན། 230
v ལྷམ་དང་བོད། 231
v སྐད་ཅིག་གི་སེམས་ཚོར་འགའ། 232
v ངའི་ཚོང་དཔོན། 234
v ལམ། 236
v བཀྲ་ཤིས་ཕུན་ཚོགས། 237
v གླུ་བ་ཕུན་ཚོགས་རྒྱལ་སོང་། 237
v གལ་ཏེ་ཁྱེད་ཀྱི་དགའ་བ་དེ། 239
v རྒན་གྱའི་འབྲོག་མོ་དང་འབྲི་རེས། 240
v དེ་རིང་གི་སེམས་ཚོར་འགའ། 242
v རྣོ་རྟུལ་ལགས་ལ་བྲིས་པའི་ལན། 243
v གྲོགས་པོ་ཞིག་གིས་ང་ལ། 244
v རྨས་མ། 245
v སེམས་འབུ་ཁྲ་རིས་མ། 245
v བརྩེ་དུང་གི་ལམ་རིམ། 246
v བོད་ཁམས་འབྲོག་མོ་ཨ་མར་གྱུར་ན་འདོད། 247
v འདྲེ་ཐོ་ངའི་ལོག་བཤད་དང་གླེན་བཤད། 248
v ནད་པ་དང་ཁུག་དམར། 249
v ཉིན་འདི་དག་གི་རང་ལ་ཤར་བའི་བསམ་ཚུལ་འགའ་རེ། 251
v དཀའ་ལས་ཅུང་ཙམ་བརྒྱབ་རྗེས་ཀྱི་ཚོར་བ་ཞིག 253
v ངོ་དེབ་ཐོག་ཏུ་དྲྭ་གྲོགས་ཤིག་གིས། 253
v འཁྱམ་པོ་ང་། 256
v ལས་ཀ་དང་སྙན་ངག 257
v འདྲེ་ཐོའི་སྨྲ་སྔགས། 258
v རྒྱང་དུ་འཕུར་བའི་ཁུ་བྱུག་དང་དེ་ཡི་འཁོར། 259
v རང་བདེ་གཞན་སྐྱིད། 260
v ལུག་རྫི་བུ་མོ་བརྗེད་སོང་མ་བསམ་ལགས། 261
v བོད་ལ་ལོག་རྒྱུ་བྱུང་ན་གོམ་པ་རྒྱག 262
v ང་དང་འགྲོགས་ན། 263
v རྨ་བྱ་འདྲ་བའི་ཞི་མོ། 263
v ཕ་ཡུལ་དུ་ལོག་པའི་སྤུན་ཟླ་ཞིག་ལ། 264
v ང་དང་ཉ་མོ། 265
v མི་ཉག་སྒྲོལ་མར་ཕུལ། 266
v དགྲ་ལས་རྣམ་རྒྱལ་ལ་ཕུལ། 266
v མཐུན་སྒྲིལ་ནི་གཙོ་བོ་ཡིན། 267
v བུ་འབྲིང་བའི་མིང་བྱུང་སྟངས། 269
v སྐབས་འདིའི་ཚོར་བ་འགའ། 269
v སྨན་དང་གདམས་ངག་ལག་ལེན། 270
v ཁྱེད་དང་ང་། 171
v མདོག་ཉེས་པོ་དང་སྐྱུག་བྲོ་བའི་ལྕེ་རྩེ་རུ་གསོན་པའི་རྣམ་ཤེས་དག 172
v བསམ་ན་བོད་པའི་གཞུང་དེ་སྙིང་རེ་རྗེ། 172
v མ་ཧཱ་བྷ་ར་ཏཱ་ཚང་གི་བུད་མེད་དག 274
v གཞོན་དུས་དང་རྒན་དུས། 276
v ཚོ་བ། 278
v ལམ་ཡིག 279
v མཉམ་བྲིས་ཤིག 281
v ངོ་རིན་པོ་ཆེ། 282
v དྲན་ཚོར། 283
v མནའ་མ། 284
v ལས་དབང་། 285
v ཁོང་ཚོ་ནི་འཛམ་གླིང་འདིའི་མཚམས་སྤྲིན་དམར་པོ། 286
v ཁ་བ་དཀར་པོ། 288
v ཀར་རྩི་དང་སེམས་པ། 288
v རླུང་བསེར་བུའི་གཡུག་སྟངས་མི་ཡག་གི 289
v ལོ་སར་སྐད་བསྐུར། 290
v རང་བཞིན་བརྗོད་པ། 291
v དགུ་ཐུག 293
v ཤོ་བ་གཡོན་རྐང་བ། 293
v དྲྭ་ཐོག་གི་ཆགས་གཏམ། 296
v ཁང་པ། 297
v ཉམས་མྱོང་། 298
v བུ་མོ་ཞིག་ལ། 301
v དགུན་དུས། 301
v སེམས། 302
v ཆ་རྐྱེན་འདི་མོ་ཡོད། 303
v ཕུག་རོན་དཀར་པོ། 307
v སྐྱེ་འཇིག 307
v དོན་སྙིང་ལྡན་དང་མི་ལྡན། 308
v གླེན་པའི་གོ་བ་ལེན་སྟངས། 308
v འདྲེན་པ་ལྷ་སྲས་ལགས་ལ། 309
v དབྱར་རྩྭ། 309
v དབྱངས་སྲས་ལགས་ལ། 310
v དབྱར་རྩྭ་དང་བུ་མོ། 310
v ལེན་འདོད་པའི་ལ་གཞས་ཤིག 311
v རྨ་དུག་ལྕེ་ལགས་ལ་བྲིས། 312
v འདྲེ་གླུ། 312
v ཆང་གི་ས་བོན་ནི་སེམས་ཡིན། 313
v འདྲེ་ཐོའི་ཁ་བཙོག 314
v ངའི་ཆུང་མ། 314
v ལྷ་དང་མཐུ་ལྡན་རྣམས་ལ་ཡར་ཞུ། 315
v ང་དང་ངའི་མིག་ཤེལ། 315
v འཕགས་ཡུལ་དུ་གྲྭ་བ་ཇེ་ཉུང་དུ་འགྲོ་རྐྱེན། 316
v སྤྲིན་ནག་གིས་བཟུང་བའི་ཟླ་བ། 316
v ཐ་མ་དང་ཕ་མ། 317
v འབུ་དང་གསེར། 319
v མི་རུང་བ་ཐེར་འདོན། 319
v ལྷ་དང་མཐུ་ལྡན་རྣམས་ལ་ཡར་ཞུ། 321
v དྲྭ་ཐོག་གི་ཞི་མོ་ཞིག་ལ། 322
v རྨ་ཆུ། 322
v ཨོཾ་མ་ཎི་པདྨེ་ཧཱུ། 323
v གནའ་མྱི། 324
v ཀ་ཁའི་དབྱངས་རྟ། 325
v དྲག་རྩལ་ཉམས་པའི་ང་། 325
v དྲྭ་གྲོགས་ང་རོ་ཅན། 325
v འཁོར་བ། 326
v གཞོན་ནུ་ཞིག་ལ། 327
v རྐུབ་ཀྱག 328
v སེམས་ཀྱི་མེ་ལོང་ནི་ཏིང་ངེ་འཛིན། 328
v སེམས་འཛིན་རྒྱུ་ཞིག 329
v རྣམ་ཤེས་དང་ཟླ་བ། 330
v འདྲེ་ཐོས་བཏབ་པའི་མེ་ཏོག 330
v མཆོག་གི་སྩོལ་མ། 331
v འཛུམ་གྱི་བདག་མོའི་ཚབ་ཏུ། 332
v འབྲི་འདོད་པའི་སེམས་ཚོར། 334
v ཁ་བརྡ་ཆད་སོང་། 335
v གཅེར་བུའི་ལུས། 335
v དྲྭ་གྲོགས་མས་བསྐུར་བའི་པར་ལ། 336
v གཞས་མ་ཚེ་རིང་སྐྱིད། 336
v ཡིག་ཐོག་ཏུ་ཕ་ཡུལ་གྱི་སྤུན་ཁོ་ཞིག་དང་ཁ་བརྡ་འདི་འདྲ་ཞིག་བྱས་ཡིན། 336
v མེ་ཏོག་རྐང་གཅིག 338
v ལོ་ལོའི་སྙན་ངག 338
v ཁ་བའི་གླིང་གི་འབྲོང་རྒོད། 338
v ས་མཐའི་ཐོ་ཐོ། 339
v ཐོ་ཐོའི་འཁོར་བ། 339
v དབྱར་དང་སྟོན། 339
v འདང་ཅན་རོགས་ལོ་དྲན་པ། 340
v སེམས། 341
v སྨན་པ་དང་ནད་པ། 341
v མེ་ཏོག་དང་སྦྲང་མ། 342
v ཡུལ་གྱལ་སྦྲང་མ། 342
v གདོང་འབག་ནི་རིན་མི་མཁོ་བའི་སྐུ་སྲུང་བ་ཞིག 343
v ཕ་ཡུལ། 344
v ཆགས་སྨྱོན་དུ་སོང་བའི་ཐོ་ཐོ། 344
v ང་ཚོ་བོད་པའི་ནོར་བུ། 346
v གྲོགས་ཤིག་གི་ཇེ་མང་དུ་སོང་། 347
v བླ་མ་ཞིག་གི་མཛད་པ། 348
v ཚོར་བའི་ནང་གི་པདྨའི་མེ་ཏོག 348
v བསམ་ཚུལ་ཞིག 348
v རྒད་པོའི་ཁོག་སྟོད་ཐེངས་ཤིག་བྱ། 349
v གཅེར་བུའི་ལུས། 349
v མི་ཚེ་འགྱུར་བའི་རང་བཞིན། 350
v ཚོགས་ཁུངས་ནས་རྒྱང་ཕུད་བཏང་སོང་། 351
v གཞས་མ་ཞིག་ལ། 351
v འདྲེ་ཐོས་རང་ཉིད་བརྗོད་པ། 352
v མ་ཤིའི་སྔོན་དུ་བོད་ལ་བསླེབ་ན་འདོད། 353
v བོད་མོའི་མགྲིན་གླུར་ཆགས་སོང་། 354
v ཆོས་དཔེ་དང་ཁོ་ཧྥེ། 355
v འགྱིག་ཞྭ་གྱོན་པའི་དོམ་གྱི་སྒྲུང་གཏམ། 355
v ཁྱེད་ཀྱི་མགྲིན་གླུ། 356
v དྲྭ་ཐོག་གི་འདྲེ་ཐོ། 357
v དྲྭ་གྲོགས་ཤིག་གིས་འདི་འདྲ་ཞིག་བཤད་བྱུང་། 357
v རྒྱ་ནག་ལྕགས་རིར་གླིང་གི་དཔའ་རྟུལ་བཞེངས། 357
v སྨན་རྩྭ། 359
v དྲྭ་གྲོགས་རང་དབང་། 360
v ལྷའམ་འདྲེ། 360
v དེ་རིང་གི་རྨ་དུག་ལྕེ། 360
v དེ་རིང་གི་འོད། 361
v མ་ཧཱ་བྷ་ར་ཏཱའི་ཚོགས་པ། 361
v ཆང་དང་སྙན་ངག 363
v མདང་དགོང་ང་ཧ་ལམ་བཟི་ཡོད་པ་འདྲ། 364
v དྲྭ་བའི་འཇིག་རྟེན། 367
v སྐྱབས་འགྲོ་དང་བླ་མ། 368
v ཉལ་སའི་ནང་གི་འགན་གཙོ་བོ། 369
v མཁས་པ་དང་སློབ་མ། 370
v ང་། 371
v ངན་པའི་རང་རྩིས། 372
v ཁྱེད་ནི་ང་ལ་དབྱར་ཁའི་མེ་ཏོག་ཅིག 373
v དགེ་བསྙེན་གྱི་སྡོམ་པ། 374
v བརྔོན་ན་འདོད་པའི་རི་དྭགས་མིག་ཅན་མ། 377
v ནག་ཚང་བུ་མོའི་མཚན་དཔྱད། 377
v མི་གཞི་ཟེར་བ་དང་རིག་གནས། 378
v ཤོ་རྡེའུ་ལས་ཐོན་པའི་མི་སེམས། 379
v འདྲེ་ཐོའི་བསམ་ཚུལ། 380
v མོ་ནི་མེད་ཚེ་གོ་ལ་གྲང་བསིལ་བསིལ། 381
v རྨི་ལམ་དང་མ་འོངས་པའི་ལམ། 382
v རྨི་ལམ་དང་གཟི། 383
v ལུས་སེམས་ནི་ཞིང་ས་གསར་པ་ཞིག 385
v མདང་དགོང་ཆུང་མ་དང་མཉམ་དུ། 386
v སྐད་ཅིག་གནས་ཞོར་སྐད་ཅིག་འཇིག་ཞོར་གནས། 386
v ངའི་སྐྱེ་སྐར། 387
v ཞི་མོ་ངོ་ཤེས་ཤིག་ལ་བྲིས། 390
v ཡིག་ལན། 391
v བརྩེ་བ། 391
v ཞེན་ཆགས། 392
v ངའི་མེ་ཏོག 393
v འདྲེ་ཐོས་བཏབ་པའི་མེ་ཏོག 394
v མོ་མཚན། 396
v འབྲོག་མོ། 397
v སྐྱེས་སྐར། 397
v ཟུར་མིག་མདའ་མོར་བྲིས། 398
v དྲྭ་ནང་གི་དྲག་ཆར། 399
v ཉི་གཞོན་གངས་སྲས་ཀྱི་མགོ་ནི་ཐོ་བ་ཞིག 399
v སེམས་ཀྱི་མེ་ཏོག 400
v སེམས་དང་ཡུལ། 400
v ཁུངས་མེད་ཀྱིས་གཞན་ལ་དམོད་པ། 401
v འཕྱོན་མ་འབུ་མེ་ལྕེབ་ལགས། 401
v ཐོ་ཐོའི་སྐོར། 403
v ཐོ་ཐོ་རང་གིས་རང་བརྗོད་པ། 404
v ཆོས་རྗེ་ཚང་གིས་ཐོ་ཐོའི་སྐོར་བརྗོད་པ། 404
v ལད་བཟློས་བྱས་པའི་ཤོ་ལ་ཀ་གཅིག 405
v དེ་རིང་གི་མྱོང་ཚོར། 405
v རྩེ་སྒྲོ། 406
v ལྷ་ཆོས་མི་ཆོས། 406
v གཞས་ལ་གཞས་ལན་བཏབ་པ། 407
v གཏམ་ཡོད་ཚད་དྲག་ཆར་མ་རེད། 408
v ངའང་གནའ་སྔ་མོ་ཞིག་ནས་འཆི་སྲིད། 409
v བྱོལ་མ། 410
v དཔའ་བོ་དཔལ་ལྡན་རྒྱ་མཚོ་ལགས་ལ། 411
v ལྷ་ཡུལ་གྱི་ལྷ་མོ་དང་མི་ཡུལ་གྱི་མཛེས་མ། 411
v གཏམ་བཤད་བྱེད་སྟངས། 412
v ཟུར་མིག་མདའ་མོ་དང་སེམས་ཀྱི་མེ་ཏོག 412
v སེམས་འདྲེ་གཉིད་ཀྱིས་བཏུལ། 414
v དྲན་པ་འཁྱག་ལ་མ་སྦྱར། 414
v ངས་ནི་ཉི་མ་ཁྱེར་ཏེ་སྨག་ནག་གཏོར་དུ་འོང་། 415
v ལྟ་གྲུབ། 416
v མུན་པ་གཏོར་བའི་གདམས་ངག 416
v དྲྭ་ཚོམས། 416
v མེ་ཏོག་ལམ། 417
v འཆི་བ་དང་རང་སེམས་སྐྱབས་བཅོལ་སའི་ཡུལ་སྟོང་བ། 417
v གངས་རི་དང་མཛེས་མ། 418
v མ་ཉེས་ཁ་གཡོགས། 418
v ཟུར་མིག་མདའ་མོ། 419
v འདོད་པའི་ཟས། 419
v རེབ་གོང་གཅེས་ལོ། 420
v ཞེ་འཁོན། 421
v ངལ་གསོ་དང་རྨི་ལམ། 422
v ཐོ་ཐོ་། 422
v མིག་ཆུ་དང་ཁྲག་ཐིགས་ནི་སྨྱུ་གུ་ཡ་གཅིག་དེའི་སྣག་ཚའོ། 423
v ཇ་ཁང་ནང་གི་གཏམ། 425
v ཁ་བ་དཀར་པོས་འཚམས་འདྲི། 426
v གསལ་ལེར་རྒྱལ། 426
v ཁ་བ། གཙང་བོ། འཁྱག་རོམ། 428
v ངའི་སྙན་ངག 428
v སེམས་དགོན་གནས། 429
v སེམས། 429
v སེམས་ཅན། 429
v སེམས་དགོན་གནས་སུ་ཇི་ལྟར་གནས་པ་དང་ཇི་ལྟར་འགྲོགས་པ། 430
v སེམས་ཀྱི་ངོ་བོ། 430
v འདྲེ་ཐོས་རང་གིས་རང་ལ་བཏང་བའི་བསླབ་བྱ། 431
v སེམས་བདག་འདྲེ་ཐོའི་འབོད་སྐུལ། 431
v འདྲེ་ཐོས་རང་ཉིད་བརྗོད་པ། 432
v ཧོར་གཙང་འཇིགས་མེད་ལགས་ཀྱི་སྙན་རྩོམ་ཤོ་ལོ་ཀ་གཅིག 432
v ཧོར་འཇིགས་ལགས་ཀྱི་སྙན་རྩོམ། 433
v ཧོར་གཙང་འཇིགས་མེད་ལགས་ཀྱིས། 434
v སེམས་དང་འབྲེལ་བའི་རྣམ་རྟོག 434
v རྫིང་བུ་དང་དཔལ་འབར། 435
v འཛུམ་དང་དགོད་སྒྲའི་ཕྱིར། 435
v སྤུན་ཁོ་སྦྱིན་པ་ལ། 436
v ཟླ་བ་དང་པདྨ། 436
v བོད་པ་ཚང་གི་སེམས་ཀྱི་དགྲ། 437
v ཐོ་བ་དང་རྒུན་ཆང་དམར་པོ། 439
v གཙང་བོ་དང་རྣམ་ཤེས། 439
v གཟིམ་ས་བདེ། 440
v མི་སྐད་གྲགས་ཅན། 441
v གནམ་འོག་གི་བུད་མེད་ཚོ་ལ་འབོད་སྐུལ། 441
v འདྲེ་ཐོས་རང་ཉིད་ལ་འཛིང་པ། 442
v རང་ལམ། 442
v འདྲེ་ཐོའི་སེམས་དཔྱད། 443
v ཐོ་ཐོའི་བསམ་ཚུལ་བཏོན་པ། 444
v འདྲེ་ཐོས་རྒན་མོ་དྲན་པ། 444
v གཡག་དང་འབྲི་མོ། 446
v དུ་བ་དང་རླངས་པ། 447
v གཡག་རྒོད་དང་ལུ་གུ 447
v བཙན་པོའི་ཇ་མཁར། 449
v ཐོ་ཐོའི་སེམས་ནང་གི་རྨ་དུག་ལགས། 449
v བུད་མེད་དུས་ཆེན་ལ་ཟུར་ནས་བསྟོད་པ། 449
v ཐོ་ཐོའི་བསམ་ཚུལ། 450
v སེམས་ཀྱི་བདེ་སྐྱིད་ནི་འཆི་ཁའི་ལམ་ཡིག་ཁོ་ནའོ། 450
v འབྲི་མོས་འོ་མ་མ་འགོག 451
v མཆོད་རྟེན་དང་དཀར་ཟས། 452
v བྱེའུ་འཇོལ་མོས་སྒུ་འབུ་འཐུ་དུས། 452
v བུད་མེད་ཀྱི་ནུ་མ། 453
v འབྲོག་ས་དང་ལྕགས་དྲ། 453
v འདྲེ་ཐོ་ངས་རྒས་གཞོན་གྱི་ཁྱད་པར་དབྱེ་སྟངས་ནི་འདི་འདྲ་ཞིག 454
v ཁྱེད་ནི་ལྷ་ཐོ་ང་ཡི་འདང་ཅན་གྲོགས་མཆོག་ལགས། 455
v གཅུང་མོའི་སེམས་པ་མ་སྐྱོ། 456
v མུ་ཏིག་ནག་པོ་། 458
v སྒོམ། 458
v འཆི་མེད་གླིང་། 459
v ཡུལ་གྱར་དུ་ཕྱིན་པའི་མན་ངག 460
v ངུ་མ་དགོད་དང་ཤི་མ་གསོན། 460
v དགུན་དུས་ཀྱི་བོད་ཁམས། 460
v དྲྭ་ཐོག་གི་སྐད་ཆ་བཙན་པོ་ཟེར་བ་དེའི་རིགས། 461
v རྒྱ་མཚོ་དང་བྱུར་དམར། 461
v མ་ཎི་ཡིག་དྲུག 461
v ལོ་རྒྱུས་ལ་འཁྱོག་འགྲེལ་དང་འཁྱོག་བཤད། 462
v མེ་ཏོག་དང་གཙང་བོ། 463
v དད་པ་དངོས་དང་རྨོངས་དད། 465
v མ་ཧཱ་བྷ་ར་ཏཱ་བཙུགས་ནས་ལོ་འཁོར་དྲུག་ལོན་པའི་མཛད་སྒོར་འཇུག་པའི་སྔོན་འགྲོའི་གཏམ། 465
v དྲག་རླུང་གི་གཤོག་བརྐྱངས་བར་ནས། 466
v གནའ་ཤི་ད་ཤིའི་ཆེད་དུ། 467
v སྨན་ཆུ་བཏུང་རྒྱུའི་དུས་དེར་ཐོན་ལ་ཉེ། 468
v དཔེ་ཀློག་ཉིན་མོ། 468
v སྐྱེ་སྐར། 469
v དྲྭ་ཐོག་གི་ང་། 470
v ཚེ་སྲོག 470
v བཙན་པོ། 471
v ང་ནི་ཉི་འོད་ཀྱི་ནང་ན། 472
v སེམས་དང་འབྲེལ་བའི་མཛེས་སྣང་། 473
v གྲོགས་དབང་ཕྱུག་གིས་བུད་མེད་ལ་ལྟ་སྟངས། 474
v རྭ་ནུ། 475
v ཐོ་ཐོ་ནས་ཀྱང་མོས་མཐུན་རྒྱབ་སྐྱོར་ཡོད། 475
v ཆང་འཐུང་བའི་སྔོན་བརྡ། 476
v མོག་མོག 477
v མདུང་དང་ཕུབ། 478
v ཁོས་མོས། 479
v མཚོ་འགྲམ་གྱི་མེ་ཏོག་པདྨ། 480
v རྫ་རི་དང་ལམ། 480
v ཐག་རིང་གི་གྲོགས་པོ་ཞིག་ལ། 481
v སེམས་ཚོར། 482
v སྙན་རྩོམ་འཕུད་ན་འཕུད་རན་རེད། 483
v འདྲེ་ཐོ་དང་ལྗང་ལོའི་འོག་གི་མཛེས་མ། 484
v བུད་མེད་ལ་རྔམ་པ། 484
v གསེར་མདོག་གི་ཉི་མ། 485
v མི་རིགས་ཤིག་གི་དཀོན་མཆོག་གསུམ། 486
v མ་ཧཱ་ཚང་གི་གཅེས་ཕྲུག་གླིང་བྷེ། 487
v བརྗེད་ངད་དང་དྲན་པ། དབྱར་དུས་དང་དགུན་དུས། ཕ་ཡུལ་དང་གཞན་ཡུལ། 487
v བརྗེད་ངེས། 488
v ཚོང་དང་ཚོང་ལྷ། 489
v ང་ཚོས་འཛམ་གླིང་འདི་མ་ཤེས། འཛམ་གླིང་འདིས་ཀྱང་ང་ཚོ་མ་ཤེས། 490
v དབང་བོ་དང་གད་སྙིག 491
v སྨྱོ་ཐོ། 491
v ད་ལོའི་ཟས་ཚོང་། 492
v ཐཱ་ཐོ། 493
v ཆུང་དུས། 493
v ཚོང་། 495
v ཞོགས་ཇ་འཚོལ་དུ་ཡོང་བའི་བྱིའུ། 496
v ཆར་བ། 496
v རྩེ་མཚར་ཞིག 496
v འདྲེ་ཐོ་ངས་ཕྱིའི་འཇིག་རྟེན་ལ་ནང་སེམས་ཀྱིས་བསྟན་པའི་རྣམ་འགྱུར་ཞིག 497
v ཉི་མ་ཤར་དུས་ནུབ་དུས། 498
v བཙུན་མོ་སྤྱན་ཟུར་མ། 499
v སྙིང་ངམ་སེམས། 500
v བཟི་ཡོད་ལ་བཟིའང་མེད། 500
v སྐྲ་རིང་འཇོག་དོན། 501
v སྟག་བྲག་གཞུང་། 502
v ཉི་མའི་མིག་ཆུ། ༼གླུ་ཚིག༽ 502
v སྔགས་བསྟོད། 504
v མེ་སེང་གི་དུས་རབས། 504
v སྙིང་། 508
v གཏེར་མཛོད། 509
v མེ་ཏོག་ལམ་དུ་འགྲོ་ན་འདོད། 510
v གངས་ཅན་པ། 510
v ཐོན་མིའི་ལོ་ཙྭ། 511
v མ་ཧཱ་བྷ་ར་ཏཱ་རྒྱལ་ཁབ། 513
v ཨ་ཕ་བརྩེ་བར་སྤྲིངས་པའི་འཕྲིན་ཐུང་། 515
v གཉིས་ཀ་མིན་པའམ་མེད་པའི་ལན། 516
v དཔྱིད་དཔལ་མའི་སྐྱོ་གླུ། 518
v སེམས་དང་འཇིག་རྟེན། 519
v ཐ་མག་དང་འདྲེ་ཐོ། 520
v དཔེ་ཀློག་ཁྲོད་ཀྱི་ཚོར་སྣང་ཞིག 520
v དཔྱོད་ལྡན་པ། 521
v འདྲེ་ཐོ་ང་། 521
v ཞོགས་པ་བདེ་ལེགས། 522
v ཁ་བའི་མིག་ཆུ་ལྷབ་ལྷབ་ཏུ་འབབ་པ། 522
v དྲྭ་འབུ་འདྲེ་ཐོ་ངའི་སྐད་ཆ་འགའ་ཞིག 523
v ཅི་ཡང་མི་མཁོ། 524
v འདྲེ་ཐོ་གློ་བུར་དྲན་པའི་རྒྱུ་མཚན་ཅི། 525
v འདྲེ་ཐོ་ངས་སྙན་ངག་ལ་ལྟ་སྟངས། 526
v ཆང་གིས་བཟི་བའི་མཚན་མོ། 528
v ལག་འཇུ། 529
v བུད་མེད་ཀྱི་སྐྱོ་གླུ། 529
v འགྲོ་སོང་མེད་པའི་ཁྲིམས་ཁང་། 530
v ལྐོག་གསོད་པ། (Sniper) 531
v མེ་ཏོག་གཟུགས། 532
v ལས་འཕྲོ། 532
v གནམ་འོག་གི་བུད་མེད་ཡོད་དོ་ཅོག་ལ་འབུལ་བ་ཡིན། 533
v ཕམ་ཁའམ་རྒྱལ་ཁ། 534
v རྨུར་ཤེས་རབ་ལགས། 534
v ཐོ་ཐོས་ཕ་ཡུལ་དུ་གྱེར་བའི་ལ་གཞས། 539
v དྲིན་ཅན་མ། 539
v སྙིང་རྗེ། 540
v ང་དང་གཤེར་ཁུ་མ། 542
v རང་ཉིད་ངོས་ཟིན་པ། 543
v གཉིས་ཕན། 544
v ཁོང་ཁྲོ། 545
v རྨི་ལམ། 545
v ད་ཚང་གི་ཨ་ལགས་དྭངས་ཟིལ་ལགས། 546
v སྐད་འབོད། 546
v ལོ་སར་བཟང་། 549
v འདོད་རྔམསས། 549
v “གློ་ཚད་འཇའ་ཡལ་མ།” 551
v རྒྱ་མི་རིགས་ཀྱི་སྨན་པ་ཞིག 553
v རྨ་དུག་ལྕེ་གླེང་བ། 553
v མཆོད་མེ་དང་རླུང་དམར། 554
v མཆོད་རྟེན་དཀར་པོ། 555
v འཇིགས་སུ་རུང་བའི་དགྲ། 555
v སེར་ཆེན། 556
v དྲི་བ་ཞིག 556
v མུན་ནག་ནང་གི་མིག 557
v མིའི་རིགས་དང་དུད་འགྲོ་སེམས་ཅན་བར་འདྲ་མཉམ་ཆིངས་ཡིག 557
v འབྲོག་ཕྲུག་སྐལ་བྷེ་ལགས། 559
v སྟག་ཤར་སྐུ་ཚེ་རིང་དགོས། 560
v ངའི་སྙིང་སྡུག་མ། 562
v གཙང་བོ་དང་ཐོ་ཐོ། 564
v མེ་ཏོག་པདྨ་དང་ཕྱེ་མ་ལེབ། 565
v ཁྱེད་ཉིད་གང་ན་ཡོད། གང་ན་བཞུགས། 565
v ཁ་བ་ཅན་གྱི་སྒྲོན་མེ། 568
v འཆི་རྒྱུར་སྐྲག་པའི་འདྲེ་ཐོ། 569
v ཤམ་ཐབས་དམར་པོ། 569
v མདེའུ་གཅིག ཐིག་ལེ་གཅིག 569
v འདི་ལྟར་སོམས་དང་འདི་ལྟར་སྒྲུབས། 571
v མཁར་རྩེ་ཚང་གི་བཟའ་འཛོམས་ལ། 572
v མ་ཎི་ཡིག་དྲུག 575
v ཁ་སང་དེ་རིང་སང་ཉིན་གསུམ། 575
v ལྷ་སའི་བར་སྐོར་མཐོང་ན་འདོད། 576
v ཆུ་རྐྱལ་བྱེད་པའི་བུད་མེད་ལ་བྲིས། 577
v ཐོ་ཐོའི་ཤིས་ཚིག 578
v ཁ་བའི་འབངས། 578
v མཆོག་གྱུར་ཨ་མ། 579
v གྲོགས་བླ་མ་དང་ཆུ་རྐྱལ་རྫིང་བུ། 580
v འཇོན་ཐང་དང་ནུས་པ། མི་གཞི་དང་ཀུན་སྤྱོད། 581
v འདྲེ་ཐོས་རྫ་ཆུ་བསིལ་མ་འཐུང་ཉིན། 584
v ཐོ་ཐོའི་སྨྲེ་སྔགས། 585
v དཔྱིད་དཔལ་བུ་མོ་ལ། 585
v དགྲ་དང་མགོན། 586
v ཁྲཱོམ་བྷུ་རྒྱལ་བར་ཤོག 588
v རྡོག་རྡོག་བཤད་ན་ཁྲོམ་བྷུ་རྒྱལ་ན་དགའ། 589
v ལོ་མའི་གར། 590
v རྨ་ཞོགས་དུང་གིས་བོད་ཡིག་ཏུ་བསྒྱུར་པ། 591
v ཞི་ལུ་དང་ཞི་མོ། 592
v ཆུ་རྐྱལ་བྱེད་པའི་བུད་མེད་ལ་བྲིས། 596
v ཞི་མོ་ཆུང་ལྷ། 597
v མདེའུ། 598
v ཐོབ་ཤོར། 598
v མྱི་ལྡིང་འདི། 598
v ཐོ་ཐོའི་མདངས་ཅན། 601
v སད་འདོད་པའི་གཉིད། གསོན་འདོད་པའི་སྲོག 601
v ཐོ་ཐོའི་ཁ་ཆེམས་ཤིག 602
v འདྲེ་ཐོ་ང་ཐེངས་ཤིག་སྨྱོས་ན་ཨེ་འགྲིག་གམ།། 603
v རྒད་པོ་ངར་གཉིད་མི་ཡོང་གི། 604
v བློ་བསྟན་རྣམ་གླིང་ལགས་ཀྱི་སྐད་འབོད། 605
v ཆིག་སྒྲིག་དང་སྙིང་སྟོབས། 606
v དམ་བཅའ་ཤོར་བ་མ་བརྗེད། 607
v ངོ་ཚ་ཉོས་པའི་སྣང་རའི་གོ་རེ་ཆེན་མོ། 608
v ཆང་གིས་བཟི་བའི་མཚན་མོར། 610
v ངས་བསྟོད་གླུ་ལེན་ན་དེ་ལ་ལེན། 611
v ཨ་མའི་ཚེས་ཇ། 611
v དྲིན་ཅན་མ། 612
v རྫ་བུམ་དང་སེར་ཆེན་མེ་ཏོག 614
v སེམས་སྦྱོང་བ། 615
v སྙན་ངག་གསོན་པོ། 616
v ཐོ་ཐོའི་མདུང་ཐུང་། 616
v དེ་རིང་སེམས་དགོན་གནས་ལ་ཕུལ་བའི་མེ་ཏོག 617
v སེམས་དགོན་གནས་ཀྱི་རྣལ་འབྱོར་པ། 617
v ཐོ་ཐོ་ཟེར་བ་འདི་ཡིན། 618
v ཡང་དམག་རྒྱག་ན་འགྱོ་རྒྱུ་ཡིན། 618
v དམག་རྒྱག་ཏུ་འགྲོ། 620
v སེམས་ཀྱི་ན་ཟུག་ཡལ་སོང་། 621
v སེམས་ཀྱི་ན་ཟུག་ཡལ་སོང་། 621
v སེམས་ཤེས་ན་སེང་གེར་ཕྱོགས་ཤས་ཆེ། 622
v སྦྲ་ནག་པོའི་ཆོན་ཐག་བརྒྱང་ན་ཆོག 623
v དེ་རིང་གི་གཡུལ་སའི་རྣམ་པ་དེ་འདི་འདྲ་ཞིག 624
v དབྱར་ས། 624
v ཟླ་བ་དང་གཟུགས། 625
v མྱི་རྐྱང་། 626
v ཁྱེད་ལ་ཕུལ་བའི་སྙན་ངག་ཤོ་ལ་ཀ་ལྔ་དང་ལྷག་མ་གཅིག 630
v སེམས་ཁྲལ་དུག་རྒན་ལ་ཡོད་ཀི 631
v ཉི་མ་དང་འབུ་ལུ། 632
v བརླ་ཡ་གཅིག 634
v ཨ་མ་དྲན་གླུ། 635
v དྲ་འབུ་ངའི་ཚོར་བ་འགའ་ཞིག 636
v མགྱོག་འཕྲིན་དང་སྦྲ་ནག 637
v མདང་དགོང་གི་ཚོར་བ་འགའ་རེ། 638
v དད་པ་དང་རྒྱལ་ཞེན། 638
v ངའི་དྲ་གྲོགས་བོན་ནག་དགེ་ལེགས་ཀྱིས་ཐོ་ཐོ་ང་ལ་བྲིས་པའི་སྙན་ངག 639
v ཆགས་ཞེན་དང་འབྲེལ་བའི་ཚོར་བ་ཡ་མཚན་འགའ། 640
v བོད་པ་ཚང་གི་ཁྱིམ། ༼གཞས་ཚིག༽ 640
v ངག་ནས་བོད་སྐད་ཡག་གི 643
v ཏོག་དབྱིགས་རིམས་ནད། (Coronavirus) 645
v དྲྭ་གྲོགས། 647
v ཁ་པར་དང་གླེན་པ། 647
v འདི་ན་མཚན་མོ་རེད་ལགས། 647
v རྣམ་ཤེས་ལ་འཆི་རྒྱུ་ཡོད་དམ། 648
v དུགས་ཚོམས་ནང་གི་སྐད་ཆ་དམར་རྗེན་མ། 649
v མི་ཚེ་ཟེར་ན་འདི་འདྲ་སྐྱིད། 651
v བརྔོན་བྱའི་མི་རིགས། 652
v ཁངས་ཆག་དང་བྱ་བྱེའུ། 653
v མདང་དགོང་གི་རྨི་ལམ་ཞིག 653
v ཐོ་བ་དང་མཚོན་སྟེའུ། ༼ཚོགས་ཁྲིམས།༽ 658
v ལྟ་ལོག་བྲིས་ན་འདི་མོ་རེད། 658
v འཆི་འདོད་མེད་པར་མཚོན། 659
v ད་ནི་གཡུལ་ས་ལ་འགྲོ་རྒྱུ་ཡིན། 659
v སྐད་ཡིག་དང་རྒྱལ་ཞེན། 660
v དམྱལ་བ། 661
v མཚོ་ཁའི་མེ་ཏོག་ཁྱེད་ནི། 661
v མི་ཚེ་ཟེར་བ། 662
v ཐོ་ཐོ་ཟེར་བ། 664
v རྐུན་མ། 665
v ལྷ་སའི་ཞི་མོ། 668
v ཀླད་རུས་དང་རྔ་གྱོང་། 669
v སྙན་ངག་ཟེར་བ་ནི། 669
v མངོན་མི་འདོད་པའི་མི། 669
v སྙན་ངག་ཅིག་སྐྱེས་སོང་། 670
v འཆི་ཁའི་ཁ་དབུགས་འབྱིན་ས་དང་གཏོང་ས། 673
v གཅེས་ལོར་ཐུག་ན་སྦྱིན་པ་ཐོངས། 674
v ཁ་བཏགས་དང་འགད་རྫས། 674
v རང་གིས་རང་ལ་དགེ་རྩ་བསྒྲུབས། 676
v ཤི་གསོན། 676
v རྒན་གཞོན། 678
v ཡོ་བྱད། 680
v ཤའི་སྐོར་གྱི་བསམ་ཚུལ་ཐུང་ཐུང་ཞིག 681
v ངས་བྲིས་པའི་སྐད་ཡིག་དང་རྒྱལ་ཞེན་ཟེར་བའི་སྐོར་དྲ་གྲོགས་གཉིས་ནས་མཆན་བརྒྱབ་དེའང་འདིར་བཀོད་ཡོད། 682
v འདི་ནི་ཐོ་ཐོའོ། 685
v མེ་ཏོག་གཅིག་འབུལ་ཞོར་མེ་ཏོག་གཅིག་འཐུ་ན་འདོད། ༼བཏུ༽ 686
v ངན་སྨྲས་དང་ཕམ་ཁ། 687
v སོ་རིན་པོ་ཆེ། 688
v གསུང་དབྱངས་ལྷ་མོར་བསྔགས་པ། 689
v མི་རྒྱུད་འབྱུང་ཁུངས་དང་རྣམ་ཤེས་ཟེར་བ། 691
v ནམ་འཆི་ངེས་མེད་ཀུན་ལ་གསལ། 692
v མྱི་བསད་སྡིག་པ་ང་ལ་མེད། 694
v ས་ག་ཟླ་བའི་མཚན་མོ་ལ། 695
v ཕ་མ་དང་བུ་ཕྲུག 696
v འདྲེ་མིང་བཏགས་པའི་འདྲེ་ཐོ་ཐོའི་མགུར། 697
v གངས་རི་དང་རྩམ་པ། 699
v སྤྲུལ་སྐུ་སྡོམ་ཞོར་འགའ་རེ་ལའོ། 700
v དྲྭ་གྲོགས་ཀྱི་མཚན། 700
v སྔོན་མའི་རིག་གསར་དངོས་དང་དེང་གི་གསར་བརྗེ་བའམ་ལྟ་ལོག་པར་འབོད་པ་གཉིས་ཀྱི་ཁྱད་པར་དང་རིག་གཞུང་ནང་དམེའི་དུས། 701
v ཐོ་ཐོའི་སེམས་འཁྲུལ་བ། 702
v མ་ཧཱ་བྷ་ར་ཏཱ་གཉིས་པའི་ཚོགས་གཙོ་མར་བྲིས། 703
v ཐོ་ཐོས་དགོངས་དག་ཞུས་པ། 704
v ཐོ་ཐོ་ངས་དྲྭ་འབུ་བྱེད་སྟངས་ཤིག 706
v ཐོ་བསྔགས། 708
v ལོ་རྒྱུས་ནི་མི་རིགས་ཤིག་གི་བླ་སྲོག 708
v མཐའ་སྟོང་བ། 710
v འབྲོག་མོ་ཞིག་ལ། 711
v མྱི་ཚེ། 711
v སྦྲང་མའི་སྦྲང་རྩི་ནི་བླ་མ་མ་རེད། 712
v དྲྭ་འབུར་འཇུག་པའི་ལམ། 714
v སྨྱུག་གུ་དང་ཐོ་ཐོ། 716
v ཐོ་ཐོ་ངས་བླངས་པའི་གཞས། 717
v སྔ་ཕྱི། 718
v ནག་ཁུང་ནས་བསྒྲགས་པའི་འཚམས་འདྲི།། 719
v རྨ་ཆུའི་ཨ་ཁུ་ཕུག་དཀར་ལགས་ལ་བྲིས། 720
v “གཡོ་སྒྱུ་ལས་རྒྱལ་ཁ་ལེན་པ་ལས། དྲང་བདེན་ལས་ཕམ་ཁ་ཉོས་ན་ལེགས།” 721
v སྲོལ་རྒྱུན་སྙན་བསྔགས་དང་དེང་རབས་སྙན་ངག་སྐོར་ལ་བྲིས་པའི་བསམ་ཚུལ། 721
v ཤ་རློན་པ། 724
v མི་རབས་འདི་ལ་འདི་ཡིས་ཕན་ཁོ་ཐག 726
v ཕུག་རོན་དཀར་པོས་གསུངས་ལགས། 728
v བོད་པ་རྣམས་ཀྱིས་ཤེས་ཕྱིར་བྲིས་པ་ཞིག 730
v ཐོ་ཐོའི་མི་ཚེ། 733
v ཉག་སྐེད་བུ་ལོང་མར། 734
v བོད་ཡིག་བོད་སྐད། 734
v ཐོ་ཐོའི་ཉིན་དང་མཚན་མོ། 735
v ཁ་སེང་འཆི་ལ་ཁད་ཅིག་བྱས་སོང་། 736
v གླུ་མིང་གཅིག་ལ་འགྲེལ་བ། 738
v ཟླ་བར་ཆགས་པའི་ཐོ་ཐོ། 739
v མི་ཚེ་དང་སྒོར་མོ། 739
v བཟའ་སྟོན། 740
v ཡུན་རིང་སྦས་པའི་སྙན་ངག 741
v སེང་གེ། ཁྱུང་། འབྲུག 743
v ང་ཚོས་ཕ་ཡུལ་དེ་དྲན་ཆོག་གམ། 744
v བདག་ནི་སྐད་ཅིག་མི་རྟག་ནམ་ཞིག 747
v སྤོང་བ་དང་སྲུང་བ། 748
v ནེ་རྒན་དང་སྐལ་བཟང་གཉིས་ཀྱི་ཁ་བརྡ་བཅད་པ། 748
v འཆི་རྒྱུ་མིན། 752
v བོད་པ་ཚང་གི་གནས་སྟངས། 753
v ཚོགས་གཙོ་ལ་ཀུ་རེ། 754
v རྒན་ཨ་ཆེན་ཚང་གིས་གསན་རོགས་ཞུ། 754
v འཁྲུངས་སྐར་བསུ། 755
v འབྲོང་འབྲོང་མོ་དང་འབྲོང་ཕྲུག་གི་གཏམ་རྒྱུད། 756
v འདྲེ་རྒན་ཚོགས་གཙོ། 757
v ཞོགས་དུས་ཀྱི་འཚམས་འདྲི་ཞིག 758
v ༧རྒྱལ་དབང་བོད་ལ་བྱོན་སོང་། 758
v ཆུ་འགོ་བོད་བསམས་ཡིན། 759
v བོད་པ་ཚང་གིས་བཟོས་མྱོང་བའི་དམིགས་བསལ་མོག་མོག་ཅིག 760
v སེམས་ངོས་ཀྱི་ཁྲབ་རྨོག 760
v རླུང་ཚུབ་རྗེས་ནས་དྲག་ཆར། 761
v འདི་ནི་སྙན་ངག་པ། 761
v དྲྭ་གྲོགས་ཤིག་གི་བུ་མོའི་སྐྱེ་སྐར་ལ་བྲིས་པ། 762
v བཟའ་གསུམ་འཁོར་ལོ། 762
v ༧རྒྱལ་བའི་འཁྲུངས་སྐར། 763
v ཁྱེད་ལ་བྲིས་ཡིན། 763
v རྨི་ལམ་ནང་དུ་ཐེངས་ཤིག་ཕེབས་རོགས་ཀྱེ། 764
v ཐོ་ཐོའི་མི་ཚེ་ཧ་ཅང་ལྷིང་འཇགས་ཡིན། 765
v ཐོ་ཐོ་རུམ་རྒྱུ་ཨེ་ཡིན་ལགས། 766
v འདིའང་ཁྱེད་ལ་བྲིས་ཡིན། 767
v དེ་རིང་ལྷག་ཏུ་ཁྱེད་ལ་དགའ་ནི་འདྲ། 767
v གནམ་གཤིས་གནས་ཚུལ། 768
v མཚོ་འགྲམ་གྱི་ཁྱེད། 769
v མཛེས་མའི་གྲངས་ཀ་མང་ན་སྐྱིད་ས་རེད། 770
v ཁ་བ་ཅན་གྱི་བྲོ་ར། 771
v སང་ཉིན་ནས་བཟུང་བསམ་བློ་འདི་རྒན་གསོ་ཁང་དུ་བསྐྱལ་ཐག་ཆོད་བསྐྱལ་རྒྱུ་ཡིན། 773
v ལྷ་སའི་བུ་མོ། 774
v ནམ་གུང་ཞིག་ཏུ་སད་སོང་། 775
v བརྙན་འགྲེལ་ཐོས་པ་འཛུམ་ཤོར། 776
v སེམས་ལུགས། 777
v མཛེས་མ་ལ་ཆགས་པ། 781
v གོ་རེ་དང་མཛེས་མ། 781
v ཚ་བ་ཆེ་སའི་མཛེས་མ་གཉིས་ལ། 782
v ཁྱེད་རང་གཉིས་དྲན་ཚུལ། 782
v ཤ་ཚ་བའི་གཏམ། 783
v 光的相反 786
v ཁོང་ཚོར་ཁག་མེད། 788
v མི་འདྲ་བའི་ཟླ་བ་གཉིས། 789
v ལོ་རྒྱུས་སྨྲ་བ་ཚོར། 789
དྲྭ་ནང་གི་འཇིག་རྟེན་གླེང་བ།
ཀ་རྩོམ་རྨི་ལམ་ནང་གི་འཁུན་སྒྲ།
ཀྭ་ཡེ་ཉོན་དང་དྲུང་ཆེ་དྲུང་གཞོན་ཚོ།
ཁ་སང་དེ་རིང་གསར་འབྱོར་མང་དུ་འགྲོ།
ག་ས་ག་ན་གྲོད་ཁོག་ལྟོགས་ནས་འཁྱམས།
ང་ཡིས་བལྟས་ན་སྦྱིན་བདག་ཁོ་ཚོར་མཁོ།
ཅ་ཅོ་འུད་གཏམ་སྒྲོག་མཁན་ཁོ་ཚོ་མིན།
ཆ་ལུགས་མི་འདྲ་སྟོན་མཁན་ཁོ་ཚོ་མིན།
ཇ་ཆང་འོ་ཞོ་འཐུང་རྒྱུའང་ཁོ་ཚོར་མེད།
ཉ་ཤ་ར་ཤ་ཟ་རྒྱུའང་ཁོ་ཚོར་མེད།
ཏཱ་ལའི་བླ་མའི་མཛད་རྗེས་མཆོག་མོད་ཀྱང་།
ཐ་མ་འགའ་རེས་བོད་འབངས་དཀྲིག་བཞིན་པས།
ད་ལོ་ཕྱི་ལོ་བོད་ལ་བདེ་སྐྱིད་ཅིག།
ན་ཚ་སྙིང་ལ་ཟུག་ཀྱང་ཐོབ་རྒྱུ་དཀའ།
པ་བ་པོ་བོ་ཅན་ལྡན་བདག་སྒྲ་དྲུག།
ཕ་ཡུལ་བོད་མིའི་ཁྲོད་ན་མཐོང་ཆུང་ཡང༌།
བ་གླང་ལྷ་ལ་བཀུར་བའི་ཡུལ་འདི་ན།
མ་ཡིས་བུ་ཕྲུག་གནོང་བཞིན་དེ་དག་ཉར།།
ཙ་ར་ཙོ་རོའི་དཀྲོག་གཏམ་བཤད་མཁན་མང༌།
ཚྭ་ཁུའི་ནང་དུ་མངར་མོ་ལྡུག་མཁན་མང་།
ཛ་ལངས་སྤྱོད་པ་ཅན་ནི་འདི་ན་མང་།
ལྦ་སྐྱེས་སྐྱེ་བོའི་རིགས་ཀྱིས་ཡུལ་འདིར་བཀང་།
ཞ་ཟེར་མ་ཎི་ཀློག་མཁན་མང་མོད་ཀྱང་།
ཟ་བཏུང་འདོད་ཡོན་རིགས་ལ་གཡེང་མཁན་མང་།
འ་ཅག་བོད་དོན་གཅིག་པུ་བསམ་མཁན་གྱི།
ཡ་རབས་ཞྭ་སེར་ཅན་ནི་འདི་ན་དཀོན།།
རྭ་ས་འཕྲུལ་སྣང་ལྷག་པར་པོ་ཏ་ལ།།
ལ་ལས་བཤད་ན་འཛམ་བུ་གླིང་གི་རྒྱན།།
ཤ་གཟན་མིག་ལ་མེ་ཏོག་མི་མཛེས་བཞིན།།
ས་ཕྱོགས་རེ་ན་མཛེས་བ་ཐ་དད་རེ།
ཧ་ཧ་ཧོ་ཧོའི་ངང་ནས་ཚེ་འདི་སྐྱོངས།
ཧ་ལས་ཧང་སངས་མེད་པ་ཚེ་ཕྱི་མ།
ཨ་ཨ་ཨོ་ཨོའི་ངང་ནས་བོད་དོན་སྒྲུབས།
ཨ་མའི་བུ་ཞིག་ཡིན་ན་ལག་རྗེས་ཞོག།
ཧ་ཧ་འཇིག་རྟེན་འདི་ན་སྐྱབས་མགོན་མེད།
ཧ་ཧ་རང་གི་སྐྱབས་མགོན་རང་ཉིད་ཡིན།
ཨ་རོ་དེ་བས་ཕྱག་ནི་འཚལ་ས་མེད།
ཨ་རོ་དེ་བས་རང་ཉིད་གཅེས་སུ་བཟུང་།
ཞེས་བཞུགས་སྒར་རྡ་རམ་ས་ལ་ནས་ཨ་ཁུ་འབྲོག་པ་རྟ་མགྲིན་རྒྱལ་བོས་ཐབས་སྐྱོ་བོའི་ངང་ཕུལ་སོ།
ང་ནི་བཀྲེས་སྐོམ་གྱིས་གདུང་བའི་རྒྱ་གར་བ་ཞིག
ཀྱེ་མ། ཀྱེ་ཧུད།
ཀུན་ལས་མཆོག་ཏུ་གྱུར་བའི་སྙིང་རྗེ།
ཡང་ན་སྙིང་རྗེ་ཡི་བདག་པོ་ཁ་བ་ཅན་རྣམས།
ང་ནི་བཀྲེས་སྐོམ་གྱིས་གདུང་བའི་རྒྱ་གར་བ་ཞིག
ང་ཧ་ལམ་འཆི་ལ་ཁད།
འཆི་བདག་རྒན་པོའི་སྒོ་ཁ་ན།
ང་ལ་ཟས་ཁམ་གང་གནང་རོགས་མཁྱེན།
པཱེ་ཞཱ་གཅིག་ཡིན་ན་ཆོག
ང་ད་རུང་འཚོ་འདོད་ལ།
འཇིག་རྟེན་དཀར་ངོགས་ནས།
ངའང་ཁྱེད་རྣམས་བཞིན་འཆི་རྒྱུར་སྐྲག
ངས་ཀྱང་རང་ཚོད་ཀྱི་བདེ་སྐྱིད་ཅིག
རྨི་ལམ་ནང་རྟག་ཏུ་བཅིངས་ཡོད།
ང་ལ་ལག་པ་ཟུང་མི་འདུག
ཁྱེད་རྣམས་ཀྱིས་མཐོང་བ་བཞིན།
འདི་འདྲའི་སྡུག་བསྔལ་བ་ཞིག
རྐང་བ་གཉིས་ཀྱང་འཆག་ལ་ཁད།
ཀྱག་ཀྱོག་གི་ཁེར་ལམ་འདི་ན།
རླུང་དམར་དང་ཁ་བའི་འོག
ཨ། ཀྱེ་མ་ཀྱེ་ཧུད།
དཀོན་མཆོག་མཁྱེན་དཀོན་མཆོག་གིས་སྲུངས།
ཁ་བ་ཅན་རྣམས་ང་ཡི་སྦྱིན་བདག་ང་ཡི་མགོན་སྐྱབས།
ངའང་སྲུངས་པར་གྱུར་ཅིག་གུ་ཁ་བ་ཅན་རྣམས་བཞིན།
ང་ལ་ཕོར་བ་ཞིག་ལས་ཅི་ཡང་མེད།
ང་ལ་ཕོར་བ་ཞིག་ལས་ཅི་ཡང་མེད།
ཕོར་བ་དེའང་ནམ་རྒྱུན་དུས་རྒྱུན་བཀྲེས་སཀོམ་གྱིས་མནར་འདུག
དེ་བས་སྦས་འདུགལ་རྒྱ་ཞིག་ལ་དམིགས་ཏེ།
ང་ནི་གྲོགས་མེད་ཁེར་རྐྱང་དུ་འཚོ་འདུག
སྲིབ་འཁྱགས་ན་བཟོས་བའི་ཁང་ངན་ལོག་ལ་ཁད་ཅིག་གི་ནང་།
ངས་ནི་ཁྱིམ་མཚེས་གཡས་གཡོན་གྱི་དགོད་སྒྲ་དང
འཛུམ་དམུལ་ལ་ཡིད་དབང་ཤོར་ཞོར་དང་ཤོར་ནས་མཆིས།
སྐབས་རེར་རྒྱུས་ཡོད་ཀྱི་ཞལ་རིས་འཛུམ་དམུལ་ལེ་ཞིག
ཇོ་མོ་གླ་རིའི་སྟག་རྒྱབ་ནས་ཚུར་ལྡིང་བྱུང་།
འོན་ཀྱང་དེ་ནི་རྨི་ལམ་ཞིག
སྐབས་རེར་སྙན་ལྷང་ལྷང་གི་མགྲིན་གླུ་ཞིག་གྱེར་བྱུང་།
བར་སྣང་གི་སྤྲིན་གསེབ་ནས་སྐྱི་བསེལ་རླུང་དང་འགྲོགས་ཏེ།
འོན་ཀྱང་དེ་ནི་འཕྲུལ་སྣང་ཞིག
ང་ནི་ལྷུང་ས་དུ་མེད་ལ་ལྷུང་འདུག
རྡ་རམ་ས་ལའི་ཁྱི་སྡོམ་དང་ང་གཉིས།
ལུང་བ་གཅིག་པ་ཡིན་སོང་།
ཨ།འདས་སོང་བའི་གཏམ་རྒྱུད་ཡ་མཚར་བ་དེ་དག
དེང་གི་ང་ལ་མཚོན་ན་སྨན་ཞིག
སྐྱོ་བ་དང་གདུང་བའི་དུས་དེ་ལ
ང་ལ་ཕོར་བ་ཞིག་ལས་ཅི་ཡང་མེད
ཕོར་བ་དེའང་ནམ་རྒྱུན་དུས་རྒྱུན་སྦས་འདུག
ནམ་རྒྱུན་དུས་རྒྱུན་བཀྲེས་སྐོམ་གྱིས་མནར་འདུག
ངའི་རྨི་ལམ་ཧ་ལམ་སྟོང་སོང་།
ང་ལ་དྭ་ཕྲུག་གཅིག་གི་རྣམ་པ་ལས་ཅི།
འཁྱམ་པོ་ཞིག་ལོས་ཡིན་ནང་གི་གང་ཡིན།
ང་ལ་གོས་དང་ཟས་ཅི་ཡང་མི་འདུག
སྤྲང་བོའི་མིང་ལ་ཐག་ཇེ་ཉེ་དང་ཇེ་ཉེ།
ངའི་གོས་དང་ཟས་ཚང་མ་ལྟོ་ནང་དུ་ཤོར་སོང་།
སྤྱང་ཚང་ལ་ཁ་བྲལ་བའི་ལམ་དེ་ནས།
ངའི་རྨི་ལམ་ཧ་ལམ་སྟོང་སོང་།
ཧ་ལམ་ཕྱིར་སྤྱང་ཚང་དུ་ལོག་དགོས་བྱུང་།
ལོག་སོང་ན་ཧ་ལམ་སྤྱང་ཀི་ལ་ཟ་རུ་འཇུག
སེམས་པ་ཡིད་བཞིན་ནོར་བུ་ལ་གཏད་དེ།
ངའི་རྨི་ལམ་ཧ་ལམ་སྟོང་སོང་།
སྐྱབས་བཅོལ་སའི་དྲུང་ཆེ་ཡི་མདུན་དུ།
སྐྱབས་བཅོལ་ས་རི་བོང་གི་རྭ།
རང་གི་རོ་བདག་རང་མ་གཏོགས་སུ།
ངའི་རྐང་བ་ཟུང་འཆག་ལ་ཁད་དང་རུལ་ལ་ཁད
འདུག་ས་གཅིག་ན་མྱ་ངན་གྱི་ཐང་སྟོང་འདིར།
རྨས་སྐྱོན་ཡང་མང་བོ་ཞིག་ཕོག་འདུག
ཡིད་བཞིན་ནོར་བུས་དེ་ཐམས་ཅད་མཁྱེན་ནམ།
ཕ་མ་ཟུང་ལ་ཡོད་ཚད་གསང་ན་ཡག་པོ་འདུག
དུག་ལྕེའི་འོག
དེ་རིང་སྦྲུལ་ནང་བཞིན།
རྒན་ཁོགས་དེས་ཡང་བསྐྱར་དུག་ལྕེ་སྒོ་ལ་བཏོན།
མང་བོ་ཞིག་གི་མིག་ནང་ནས་ཁྲག་དང་རྣག་བཞུར།
མང་བོ་ཞིག་ཆོས་སྨྱོན་དུ་སོང་སྐད
ང་ཧ་ལམ་ཁྱེད་ལ་དགའ་སོང་།
རྡ་ཤོད་དུ་སྡོད་པའི་མཛེས་མ་ཞིག་ལ།
ང་ཧ་ལམ་ཁྱེད་ལ་དགའ་སོང་།
དེ་མིན་ན་ངས་ཉིན་བཞིན་ཁྱེད་ལ་ལྟ་དགོས་དོན་མེད།
མིག་གཉིས་ལྷུང་ལ་ཁད་དུ།
ནོར་བཟང་གིས་ཡིད་འཕྲོག་ལྷ་མོར་བཞིན།
ཁྱེད་ཀྱང་ཧ་ལམ་ང་ལ་ཆགས་འདུག
དེ་མིན་རང་གཉིས་ཀྱི་མིག་མདངས
ཡང་ཡང་ཕྲད་དགོས་དོན་མེད།
ལུང་བ་འདིའི་སྟོང་ཁམས་རེ་རེ་ནས།
དེ་རིང་གི་ཁར་ནངས་ཀ་བྱས་ཏེ།
ང་ཁྱེད་ལ་དགའ་སོང་བའི་རྐྱེན་གྱིས།
ངས་ཁྱེད་ལ་སྟག་ཤར་བ་ཞིག་གི
གསང་བ་ཡོངས་དབང་མེད་དུ་ཤོར།
ལ་རྒྱ་ཞིག་གམ་ཡང་ན་རླུང་རྟ་ཞིག
མིག་གིས་ལྟོས་ལྟོས་མེད་ལ་གད་སྙིགས་ནང་དུ་འགྱེལ།
ཨ། ང་ཧ་ལམ་ཁྱེད་ལ་དགའ་སོང་།
ཁྱེད་ཀྱང་ང་ལ་ཆགས་ཡོད་ན།
ངས་ཁྱེད་ལ་ལྟ་བཞིན་ཁྱེད་ཀྱིས་ཀྱང་ང་ལའང་།
སྙན་ཚིག་ཐུང་ཐུང་རེ་འབུལ་ན་ལོས་ཆོག
ཁྱིམ་གཅིག་ཏུ་འདུག་འདོད་མེད་ཀྱང་།
སྙིང་གསོན་པོ་ཞིག་གི་ཆེད་དུ།
ང་ཧ་ལམ་ཁྱེད་ལ་དགའ་སོང་།
ཧ་ལམ་ཁྱེད་ལ་རྫི་བོ་བྱེད་དགོས་སོང་།
བལ་ཡུལ་སྣེ་ལེན་ཁང་ནས་ཐོན་པའི་འཁྱོག་བཤད།
ཧ་ཅང་ཉམས་ཤོར་བའི་ས་རྒོད་ཅིག་གི་སྟེང་།
ཁང་ཆག་འགའ་ཞིག་གཡས་ལོག་དང་གཡོན་ལོག་བྱས་ནས་འདུག
ཁང་བའི་ནང་གི་རྒན་པོ་དང་རྒན་མོ་བཞིན།
བལ་ཡུལ་གཞུངས་ནས་གནང་བའི་ཁང་ས་ནི་ལག་མཐིལ་ཙམ།
ནོར་གྱི་ཚོད་ཀྱིས་སྦྱིན་པ་ཡིན་སོང་སྙམ།
ནམ་ཡང་དོར་མི་ཐུབ་པའི་ཁྱད་ཆོས་ལས་ཀྱང་ཁྱད་ཆོས་ཞིག་ནི།
བོད་ལ་རྒྱལ་ཞེན་དང་དགྲ་བོ་ལ་སྡང་ཞེན།
ཤིག་དང་སྲོ་མ་བཞིན་ཤའི་གསེབ་ཏུ་ཟུག་འདུག
ཉམས་ཤོར་བའི་ས་རྒོད་དེ་བལ་ཡུལ་ཡིན་སྐད།
གསར་འབྱོར་བ་ཉིན་ལས་རེ་ཉིན་རེར་གོང་ནས་གོང་དུ་འཕེལ།
མཉམ་འབྲེལ་རྒྱལ་ཚོགས་ཧ་ལས་སོང་དང་ཁུག་མའི་ཁའང་དོག་སོང་།
ཡིད་བཞིན་ནོར་བུ་དབུལ་བོར་གཏོང་ལ་ཉེ།
རྒྱལ་མཚམས་ནས་བྱུང་བའི་བར་ཆད།
དེ་རིང་ཐོས་ལ་ནངས་ཀའང་ཐོས་བྱུང་།
བལ་ཡུལ་ནས་སྦག་པར་བཅིབས་པའི་བླ་མ་ཞིག་གིས།
དེ་ནི་མ་འོངས་བའི་བདེ་སྐྱིད་ཀྱི་སྔ་བལྟས་ཡིན་སྐད།
ངས་གསུང་དེའི་ཕྱེད་ཀ་རློམ་སོང་།
ཕྱེད་ཀ་མ་འོངས་པར་གཡུགས།
ལྷ་ས་དང་འཕགས་ཡུལ།
ལྷ་ས་ནས་ལམ་དུ་ཆས།
ཀྱག་ཀྱོག་གི་ལམ་མང་བོ་ཞིག་འགྲིམས་ཚར།
ད་རུང་འགྲིམ་དགོས་ཟེར།
ཉི་མ་ཇེ་དམའ་དང་ཇེ་དམའི་ཞོར་དུ།
རྫ་རིའང་ཇེ་མཐོ་དང་ཇེ་མཐོར་འགྲོ།
ནམ་མཁའ་ལ་ཁ་དོག་མེད།
ལྷ་སའི་ཁྲོམ་ནས་འཕོས་པའི་ཁྲག་དམར་གྱི་མདངས།
མདོ་སྟོད་སྨད་ན་རྒྱུ་བའི་ཉི་མའི་གདོང་ལ་བྱུགས་འདུག
གངས་རིན་པོ་ཆེ་རིང་ནས་རིང་དུ་ཡོད་སྐད།
ཡིད་བཞིན་ནོར་བུའང་དེ་བཞིན།
ལྷ་སའི་ཇོ་བོར་མཇལ་རྗེས།
འཕགས་ཡུལ་གྱི་རྡོ་རྗེ་གདན་ལ་མཇལ་ན་བསམ་སོང་།
རྒན་མཁར་སྐྱབས་དང་གནམ་གྲུ།
ཡང་བསྐྱར་གནམ་གྲུ་ཞིག་འཕུར་སོང་།
རྒན་མཁར་སྐྱབས་ཀྱང་ཕྱིན་སོང་།
གནམ་གྲུ་ཇེ་མཐོ་དང་ཇེ་མཐོར་འགྲོ།
རྒན་མཁར་སྐྱབས་ཀྱི་ཤོག་སྒོར་ཇེ་མཐུག་དང་ཇེ་མཐུག
དགོང་ཇ།
མཚན་དེར།
རྒྱུས་མེད་ཀྱི་ཞལ་རིས་དྲོན་པོ་ཞིག་གི་ངོ་ནས།
ཚ་སྲེག་སྲེག་གི་མིག་མདའ་ཞིག་འཕངས་བྱུང་།
ངས་ཀྱང་ཤུགས་ཡོད་ཚད་ཀྱིས་འཕངས།
སྙིང་རྗེ་མེད་པའི་རྔོན་པས་ཤྭ་གཡུ་མོ་ལ་བཞིན།
མཚན་དེར་དགོང་ཇ་ཧ་ཅང་ཞིམ་སོང་།
ཡིན་ཡང་མཐར་མཇུག་ང་རང་ཉིད་བཀྲོངས་སོང་།
ངས་ཀྱང་ཕྱི་མའི་ཡུལ་ནས་འཚོལ་དགོས་བྱུང་བ་ནི།
མཛེས་སྡུག་ལྡན་པའི་ལག་དམར་མ་དེ་ཉིད།
ངའི་ཕྱི་ཚུལ་བརྩེ་དུང་གི་དྲི་མི་བྲོ་བའི་ཕོ་གསར་ཞིག
ཡང་བསྐྱར་ཉིན་མོའི་བརྩེ་དུང་གིས།
ཁུ་སིམ་པའི་མཚན་མོ་ཞིག་གཏོར།
མུན་ནག་གི་མཚན་མོ་ཞིག་བསྲེགས
རྨི་ལམ་ནང་དུ་ང་དང་ཁྱོད།
ཚོར་བའི་ནང་དུ་མིག་མདའ་དང་འཛུམ་དམུལ།
དེ་ཉིན་སྙིང་ཆུང་བརྩེ་དུང་གིས་བསྐུལ་ཏེ་དྲག་ཏུ་ལྡིང་།
བྲང་ཁོག་གཏོར། རྒྱས་བོད་བཞིན།
མིག་ལ་བོད་བཞིན་རང་དབང་མེད།
གོམ་པའི་འདེགས་འཇོག་ཡང་བཀགས།
དེ་ནུབ་འཁྱག་རིལ་ལེའི་སྙིང་ཆུང་ལ་ཚ་བ་འབར།
བྲང་ཁོག་བསྲེགས།རྒྱས་བོད་ཀྱི་ཆོས་བམ་བཞིན།
སེམས་ལ་བོད་བཞིན་མེ་ཐམ་ཕོག
དྲན་པའི་འགུལ་བསྐྱོད་ཀྱང་བཀགས།
ཡིན་ཡང་ངའི་ཕྱི་ཚུལ་ནི།
བརྩེ་དུང་གི་དྲི་ཙམ་ཡང་མི་བྲོ་བའི་ཕོ་གསར་ཞིག
ངའི་གདོང་ལ་བཅོས་མའི་འབག་ཞིག་བཀབས་སོང་།
རྙིང་མཁྲེགས་ཀྱི་ས་སྒང་རིལ་བོ་ན།
ཚོར་བ་རླབས་ཆེན་དག་བཙོན་དུ་འཇུག་དང་འཇུག་ཟིན་པ།
སྨྲེ་སྔགས།
ད་ལྟ་ཀེང་རུས་སུ་ཆགས་ལ་ཁད་ཀྱི་སྔུན་མའི་གཡག་རྒོད་ང་།ད་ལྟ་ཐབས་ཧ་ཅང་སྐྱོ་བོའི་ངང་ཉི་མ་རྟག་པར་གཏི་མུག་གི་གནས་ཚང་དང་ལྟོ་ཆས་ཁང་གཉིས་ཀྱི་བར་ན་ཡར་ཉུལ་དང་མར་ཉུལ་བྱས་ནས་ལུས་ཡོད།
ཉེ་འཁོར་ན་སྒྱུ་རྩལ་མེད་གླུ་དབྱངས་མེད་མཛེས་མ་མེད་ཝུ་ཆང་མེད་སྙན་ངག་གང་ནས་ཡོང་རྒྱུ་སེམས་ཤུགས་གཞིས་ཆགས་དག་གིས་བཀུམས་བོད་དོན་ལ་བོད་ནས་ཤུགས་རྒྱབ་ཆོགགློ་ཁུག་ནང་ཐ་མ་མེད་དངུལ་མེད་གདོང་ནི་སྐྱ་ལིང་ངེར་སྐམ་ནས་སྐམ་དུ་འགྲོ་སྐམ་ནས་ལྡབ་བུ་ལྡིབ་བེར་སོང་ཕ་ཡུལ་ལ་ནམ་ཞིག་ཏུ་ལོག་ཐུབ།
རང་དབང་དེ་རིང་ཐོབ་ན་རྒྱ་གར་རྡ་ས་འདི་ནས་དེ་དགོང་ལམ་དུ་ཆས་རྒྱུ་གཅིག་མིན་ན་དཀར་པོ་དགེ་བ།
ཡུལ་འདི་ན་ལྟོགས་ན་ཨ་མས་དང་འཇིགས་ན་ཨ་ཕས་ཟེར་མཁན་མེད་ལ་འཁྱག་ནའང་ཉལ་སའི་ཁྱིམ་མེད་དང་གཅེན་གཅུང་དང་ཆུང་དུས་ཀྱི་གྲོགས་པོ་གྲོགས་མོ་དག་གིས་རྒྱང་རིང་གི་བོད་པའི་ཡུལ་ན་སྐྱོ་བོ་ང་ལ་སྒུག་ནས་འདུག་ཨ་ཀྱེ་ཀྱེ་ཨ་སྔོན་དགོང་གི་བྱ་གླག་ང་ལ་ཁྱོད་ཀྱི་གཤོག་པ་ཟུང་གཡར་རོགས་ཞུ།
ལུང་བ་འདིའི་ལུང་སྟོང་སྐམ་པོ་ཞིག་ན་ཤ་མེད་རུས་རྐྱང་གི་གསར་འབྱོར་བ་ངས་ད་ལྟ་དམྱལ་བ་དངོས་སུ་མྱོང་གི་ཡོད། དཀོན་མཆོག་ལ་ཡིད་ཆེས་བྱུང་། དཀོན་མཆོག་གིས་མི་བསླུ་ཕྱིར་དཀོན་མཆོག་ལ་མཆོད་པ་རེ་འབུལ་ན་འདོད་ནས་སྒང་། འོན་ཀྱང་སེམས་ཕམ་པ་ཞིག་ལ་ང་ནི་དངུལ་གྱིས་དབུལ་ནོར་གྱིས་ཀྱང་དབུལ་འདུག་དང་དེ་བས་སྦྱིན་བདག་རེ་སྒུག་ནས་བསྡད་ཡོད། ཨ་ཀྱེ་ཀྱེ་ང་ལ་ཁྱི་ནང་བཞིན་ལྟོ་ཆས་རེ་གཡུག་རོགས་ཞུ། ངས་ད་ལྟ་ཉིད་དཀོན་མཆོག་ལ་མཆོད་པ་ཞིག་འབུལ་ན་འདོད་སོང་།
འདི་ན་སྙན་ངག་ཡོད།
སྲབ་ནས་སྲབ་ཏུ་འགྲོ་བ་ནི་གློ་ཁུག་ནང་གི་སྒོར་མོ།
སྐམ་ནས་སྐམ་དུ་འགྲོབ་ནི་རང་ཉིད་ཀྱི་ལུས་པོ།
བསམ་བློ་སྔུན་ཞིག་ནས་བཀུམས།
དེ་ནི་རང་ཉིད་ཀྱི་ཕམ་ཁ་སྟེ་བསླུ་བྲིད་མཁན་གྱི་རྒྱལ་ཁ་ཞིག
ཡིན་ནའང་འདི་ན་གསོན་པོ་དྲོན་པོ་ཡི་སྙན་ངག་ཡོད།
ཆོས་སྡེ་རྡ་རམ་ས་ཞེས།
ཆོས་སྡེ་ཡིན་མིན་སུས་ཤེས།
ཆོས་ཚོང་རྒྱག་ས་རེད་ཅེས།
ཆོས་སྨྱིན་ང་ཡིས་སྨྲ་ཕོད།
ཆོས་སྡེ་རྡ་རམ་ས་ལ།
ཆོས་ཀྱི་སྟེ་གནས་ཡིན་སྐད།
ཆོས་པ་དག་གིས་སྲིད་སྐྱོང་།
ཆོས་མེད་རྣམས་ནི་མགོ་འཐོམས།
ཆོས་སྡེ་རྡ་རམ་ས་ལར།
ཆོས་ལུགས་མི་འདྲའི་མི་སྣ།
ཆོས་ཕྱིར་མགྲོན་དུ་ཡོང་སྐད།
ཆོས་ལ་སྦྱིན་བདག་མང་སོང་།
ཆོས་སྡེ་རྡ་རམ་ས་ལའི
ཆོས་བ་གྲྭ་བ་དག་གིས།
ཆོས་གོས་དམར་པོའི་འོག་ཏུ།
ཆོས་མེད་བུ་མོ་སྦས་འདུག
ཆོས་སྡེ་རྡ་རམ་ས་ནི།
ཆོས་བ་དག་གི་དགའ་ཚལ།
ཆོས་མེད་རྣམས་ཀྱི་སྐྱོ་གནས།
ཆོས་ལ་ཕྱོགས་ལྷུང་ཡོད་སོང་།
ཆོས་སྡེ་རྡ་རམ་ས་ལའི།
ཡིད་བཞིན་ནོར་བུ་ཆོས་རེད།
གངས་ཅན་སྐྱིད་པའི་གཤོངས་ལ།
ཆོས་ཀྱི་འཁོར་ལོ་སྐོར་འདུག
ཆོས་སྡེ་རྡ་རམ་ས་ནས།
སུས་ཀྱང་སྤྱང་པོ་འཁྲབ་གི།
སུ་ལའང་རེ་བཞག་མེད་གི།
བོད་ལ་ལོག་ན་རབ་རེད།
ཆོས་སྡེ་རྡ་རམ་ས་ནས།
རང་གི་བླ་མར་བལྟས་ན།
སྐྲ་སེར་མིག་སྔོན་མཐོང་ཆེ།
ཀུན་དགའ་དོན་འགྲུབ་ལོས་ཡིན།
ཆོས་སྡེ་རྡ་རམ་ས་ན།
སྲིད་དོན་མི་མཁྱེན་མཁྱེན་ཁུལ།
བགྱི་བའི་རྒས་འཁོགས་མང་འདུག
མང་ཕྱོགས་གྲྭ་ལོག་ཡིན་སྐད།
ཆོས་སྡེ་རྡ་རམ་ས་ན།
སྐུ་ངོ་དྲུང་ཆེ་མང་བས།
སྐྱེ་བོ་རང་ཚུགསབརླག་པའི།
ནམ་མཁའི་ཁ་དོག་མ་མཁྱེན།
ཆོས་སྡེ་རྡ་རམ་ནས།
བོད་མིའི་རང་བཙན་ཕྱོགས་ལ།
ཀུན་ཀྱང་དཔའ་བོ་ཡིན་སོང་།
རྒྱ་ནག་ལྕགས་དྲ་མེད་རྐྱེན།
ཆོས་སྡེ་རྡ་རམ་ས་ནས།
གསར་འབྱོར་སྤྲང་བོའི་ཚོགས་ཞེས།
འཕྱ་སྨོད་བྱེད་མཁན་མང་འདུག
བོད་ལ་ཕྱིན་ཚེ་བལྟ་ཆོག
ཆོས་སྡེ་རྡ་རམ་ས་ལར།
བོད་ནས་གསར་འབྱོར་ཕྱིན་ཚེ།
ཕ་གསོད་ལག་དམར་མཐོང་བཞིན།
མིག་ལོག་ལྟ་མཁན་མང་སོང་།
ཆོས་སྡེ་རྡ་རམ་ས་ལར།
གསར་བ་ཐོན་རྒྱུ་མང་གི།
གསར་འགྱུར་དེ་ལས་མང་སོང་།
གསར་འབྱོར་ལ་རྒྱ་མ་དོར།
ཆོས་སྡེ་རྡ་རམ་ས་ཡི།
ཕྱི་མའི་ཡུལ་དུ་ཉེ་བའི།
རྒན་པོ་རྒན་མོའི་ཁྱུ་ཚོགས།
ལྷ་སའི་ཇོ་བོས་སྒུག་འདུག
རྡོ། ཁོ་མོའི་སེམས།
ང་ཁོ་མོའི་སེམས་དང་བྲལ་བའི་ཉིན་དེ་ནས།
ངས་ཡུལ་དེའི་རྡོ་ལོག་གཅིག་བཏུས་ཏེ།
བྲང་ཁོག་ཏུ་སྦྱར་བའི་གློ་ཁུག་ནང་དུ་བཅུག
རྡོ་ལོག་དེ།དུས་ཡུན་རིང་བོ་ཞིག་ཏུ་ང་དང་མཉམ་དུ་འགྲོགས།
དུས་ཡུན་རིང་བོ་དེའི་ནང་།
ངས་རྡོ་ལོག་དེ་ཉིད་ཁོ་མོའི་སེམས་ལ་ངོས་འཛིན་བྱེད་ཀྱི་ཡོད།
དེ་རིང་།ངས་རྡོ་ལོག་དེ།
ཡུལ་འདིའི་རྒྱ་མཚོའི་ནང་དུ་གཡུགས།
ཁོ་མོའི་རྡོ་ལྟ་བུའི་སེམས་ཀྱང་ང་དང་ནམ་ཡང་བྲལ་སོང༌།
རྒྱ་མཚོ་དང་དགའ་མ།
དགའ་མ་ལགས།ཁྱེད་ཀྱི་གཟུགས་པོ།
ད་དུང་རྒྱ་མཚོ་དང་མཉམ་དུ་གནས་འདུག
རྒྱ་མཚོའི་འགྲམ་ན་ཕོ་གསར་གྱི་མཚོ་རླབས་ཆེ་ཟེར།
བཤད་ཚུལ་དེས་ངའི་སེམས་པའི་སྟེང་།
ཁྲག་དྲི་ལྡན་པའི་ཕྲག་དོག་གི་རྨ་ཁ་གཅིག་བཟོས་ཚར།
དགའ་མ་ལགས།དུས་དེ་ནས་བཟུང་།
ང་ནི་རྒྱ་མཚོ་ལ་མི་དགའ་བར་ཆགས་སོང་།
ལམ་གྱི་རིམ་པར་འགྲོ་སྐབས།
ཇི་ལྟར་སྡིག་ལ་འཛེམ་པའམ།
ཡང་ན་དགེ་ལ་འབད་པའི་ཚུལ།
སེམས་ཀྱིས་མ་ཤེས་ང་ཡི་ལུས།
དེ་རིང་ལམ་གྱི་རིམ་པར་འཇུག
ང་ནི་གཅིག་པུ་ལམ་གྱི་ནང་ན་ཏེ།
སེམས་ནི་གྲོགས་དང་ལམ་གྱི་ཕྱི་རོལ་ན།
ང་དང་སེམས་གཉིས་མཉམ་དུ་མ་གནས་བས།
བྱང་ཆུབ་ལམ་འདིར་འགྲོ་ནི་ཐུབ་མ་སོང་།
ང་ཡི་དགྲ་ནི་སམས་ཉིད་ངའི་སེམས་མིན།
སེམས་ལ་བདག་པོ་མེད་དང་ཀུན་ལ་དབང་།
སེམས་ནི་མེད་ཚེ་ང་ནི་སྟོང་བ་ཉིད།
ང་ཡི་གདུལ་བྱ་སེམས་པ་ཁོ་ནའོ།
ཞེས་རྟ་མགྲིན་རྒྱལ་པོའི་རྣམ་ཤེས་ཀྱིས་སྤྱི་ལོ་ ༢༠༠༡ཟླ་༣ པར་བཞུགས་སྒར་རྡ་ས་ནས་བྲིས་སོ།
ང་དང་བདུད་བྷེ་ཆང་ལ་དགའ་ནི་རེད།།
ང་དང་བདུད་བྷེ་ཆང་ལ་དགའ་ནི་རེད།།
ང་དེ་ལས་བོད་པའི་ཆང་ལ་དགའ།།
བོད་ཡོད་ན་རྒྱ་ཆང་ཡོད་མི་སྲིད།།
ང་དགའ་ས་བོད་པའི་ནས་ཆང་ཡིན།།
ང་དང་བདུད་བྷེའི་གླུ་ལ་དགའ་ནི་རེད།།
ང་དེ་ལས་བོད་གླུར་དགའ་ནི་རེད།།
བོད་ཡོད་ན་རྒྱ་གླུ་ཡོད་མི་སྲིད།།
ང་དགའ་ས་བོད་གླུ་གཙང་མ་ཡིན།།
ང་དང་བདུད་བྷེ་རང་ལ་དུང་ནི་རེད།།
ང་དེ་ལས་དུང་ས་བོད་པ་ཡིན།།
བོད་ཡོད་ན་ཡོད་ཚད་ཡོད་ནི་རེད།།
ངར་མཁོ་བ་བོད་པའི་རྒྱལ་ཁམས་ཡིན།།
(གངས་ལྗོངས་ཁུ་བྱུག་ཏུ་འབོད་པ་བདུད་བྷེ་ལགས་ཀྱི་སེམས་ནང་གི་གླུ་དེ་བརྐུས་ཏེ་ཡིག་ཐོག་ལ་བཀོད་པ་ཡིན།)
འདྲེ་ལག་གཡོན་པ་ནས། ༢༠༡༥ལོར་ བྲིས།
དེ་རིང་ཁ་བ་བབས་བྱུང་།
དེ་རིང་ཁ་བ་བབས་བྱུང་།།
ཁ་བ་ཐར་ཐོར་ཁྲོད་ནས།།
གོམ་པ་འཁྱར་འཁྱོར་རྒྱག་བཞིན།།
ཁ་བའི་ཡུལ་ལྗོངས་ཕྱོགས་སུ།།
ཁ་ཐག་རིང་ཡང་འགྲོ་རྩིས།།
ཕ་ཡུལ་ཁ་བའི་ལྗོངས་ན།།
ཁ་བའི་ཁ་དོག་དམར་ཟེར།།
ད་ལོ་ན་ནིང་ཞིག་ལ།།
ཁ་བ་མེ་ཡིས་ཚིག་ཟེར།།
ང་རང་སེམས་པ་སྐྱོ་སོང་།།
ཁ་བ་ཁ་བ་དཀར་པོ།།
ང་ཡི་སེམས་ཀྱི་ཁ་བཏགས།།
ཕ་ཡུལ་ཁ་བའི་ལྗོངས་ན།།
རང་གི་བླ་མ་ཕེབས་པར།།
ཁ་བཏགས་ཚུལ་དུ་སྒུག་འདུག།
ང་འདུག་སའི་ས་ཆ་འདིར་ཐེངས་དང་པོར་བབས་པའི་ཁ་བ་དེ་ནི་དེ་རིང་ཡིན་ལ། དེ་རིང་གི་ང་ནི་ཁ་བ་དེའི་ཁྲོད་དུ་འགྲོ་བཞིན་པའི་སྐབས།
ཕ་ཡུལ་དེ་དྲན་བྱུང་དང་། དེ་ནས་ཚོར་བ་དེ་འདིར་བྲིས་བ་ཡིན་ལགས། ཞེས་ཇ་མ། མིང་གཞན་འདྲེ་ལག་གཡོན་པ་ནས། ༢༠༡༦།༠༡།༡༤།
སེར་ཆེན་མེ་ཏོག
སེར་ཆེན་མེ་ཏོག་ཟེར་བའི།།
ཕ་ཡུལ་རྩྭ་ཐང་དེ་ན།།
མེ་ཏོག་སེར་པོ་ཞིག་ཡོད།།
ཁྱེད་ནི་གང་གི་མེ་ཏོག།
མེ་ཏོག་དྲན་དུ་བཅུག་པའི།།
མཚན་ལ་སེར་ཆེན་གསོལ་བའི།།
ཞི་མོ་ཁྱེད་ནི་བདེ་མོ།།
ད་ལྟ་གང་ན་བཞུགས་འདུག།
རི་མོས་འཛུམ་དང་དགོད་སྒྲ།།
ང་ཡིས་མཐོང་འདི་སྤྲད་མོད།།
ཡིན་ཡང་སེར་ཆེན་ཁྱེད་ལ།།
མངོན་སུམ་མཇལ་ན་ཨེ་ཆོག།
ང་འདི་མྱི་སྐྱིད་མྱི་སྐྱིད་ཅིག།
ཁྱེད་ནི་མཛེས་མ་མཛེས་མ་ཞིག།
དོ་དགོང་ཁང་ཁྱིམ་འདི་ཡི་ནང་།།
ངེད་གཉིས་ཕྲད་འདི་ལས་དབང་ཞིག།
མི་ལོ་ཉི་ཤུའི་སྔོན་ཞིག་ལ།།
བལ་ཡུལ་རྒྱལ་ཁབ་གྲོང་གསེབ་ཏུ།།
ས་ལས་རྒྱལ་གྱི་མིང་ཅན་ང་།།
ཁྱེད་ཀྱིས་མཇལ་ཞེས་ཐེངས་ཤིག་གསུངས།།
སེར་ཆེན་ཁྱེད་ནི་མེ་ཏོག་སེར་ཆེན་ཞིག།
མེ་ཏོག་འཐུ་བའི་སྤོབས་པ་ངར་མི་འདུག།
འོན་ཀྱང་མིག་གི་ཟུར་ནས་ལོངས་སྤྱོད་དང་།།
ཅུང་ཙམ་རེག་རེག་བྱེད་པ་ང་ཡིས་ཕོད།།
ཁྱེད་ཀྱི་སྤྱན་ཟུང་ཅུང་ཙམ་བཙུམ་རོགས་ཞུ།།
འདི་འདྲའི་ཡ་མཚན་དགོས་དོན་ཡོད་དམ་ཀྱེ།།
ང་ནི་སེམས་ཀྱི་རྗེས་ལ་རྒྱུག་བཞིན་དུ།།
སེམས་ལ་གང་ཤར་གང་དེ་བྲིས་ནས་ཕུལ།།
མཛེས་མ་ཁྱེད་ལ་ལགས་སོ་ཞེས་ནས་ལན་ཞིག་འདེབས།།
ལགས་སོ་གཅིག་འདི་ཁྱེད་ཀྱིས་སྟོད་བསྔགས་འཐེན་པའི་ལན།
ལགས་སོ་གཉིས་འདི་ཁྱེད་ཀྱིས་ཞལ་ལག་གནང་བའི་ལན།།
ལགས་སོ་གསུམ་པ་ཁྱེད་ནི་ཤིན་ཏུ་མཛེས་བའི་ལན།།
གསར་སྐྱེས་ང་ནི་དོ་དགོང་ལྷ་ཡིས་ཁྲིད།།
ཡང་གཅིག་མིན་ན་ད་རུང་རྨི་ལམ་ཁྲོད།།
དེ་མིན་ཤིན་ཏུ་མཛེས་བའི་སེར་ཆེན་ལ།།
མཉམ་དུ་གནས་བའི་སྐལ་བ་ཐོབ་འདི་མཚར།།
ཡང་བསྐྱར་བདེ་མོ་ཞིག་དང་མེ་ཏོག་གསུམ།།
ལྷན་དུ་སེམས་པ་གཅིག་དང་འཛུམ་དམུལ་གཅིག།
འདི་དག་སེམས་ལ་ཉལ་རོགས་སེར་ཆེན་ལགས།།
ཁྱེད་ལ་ཕྲད་པ་ང་ཡི་བསོད་ནམས་ཤིག
ཐུགས་རྗེ་ཆེ་ཞེས་ཡང་བསྐྱར་ལབ་དགོས་སོང་།།
སྙིང་གི་དཀྱིལ་དུ་འཐིམ་པའི་སེམས་དམར་པོ།།
ལོ་ངོ་བཞི་དང་ལྔ་ཡི་སྔོན་ཞིག་ནས།།
སེར་ཆེན་ཁྱེད་ཀྱི་ཕྱོགས་སུ་བྲོས་ནས་སོང་།།
སེར་ཆེན་མེ་ཏོག་ང་ཡི་སེམས་ལ་འཐིམ།།
ཕ་ཡུལ་སྤངས་ལྗོངས་རེ་ཞིག་ཡིད་ནས་དོར།།
དོ་དགོང་མཚན་མོའི་རྨི་ལམ་ལྡུམ་རའི་ནང་།།
སེར་ཆེན་མེ་ཏོག་བཞད་ནས་སྨོན་ལམ་འདེབས།།
༢༠༡༦།༠༡།༡༤
སེར་ཆེན་འཚོལ་བར་ཡོང་ཡིན།
མདང་དགོང་ད་མཚམས་ཤིག་ལ།།
སེར་ཆེན་འདི་ལ་ཕེབས་ཐལ།།
དོ་དགོང་སྐོར་ར་ཞིག་བརྒྱག།
སེར་ཆེན་ཕེབས་ནས་སྨོན་ལམ།།
སེར་ཆེན་མེ་ཏོག་སེར་ཆེན།།
ང་ཡི་མིག་ལ་མཛེས་སོང་།།
སེམས་པའི་ནང་དུ་འཐིམ་སོང་།།
དྲི་མར་སྣུམ་ན་འདོད་སོང་།།
སེར་ཆེན་གསེར་མདོག་ཅན་མ།།
ང་ལ་གསེར་ལས་ལྷག་རེད།།
གསེར་ལ་རིན་གོང་ཡོད་ཀི།།
ཁྱེད་ལ་རིན་ཐང་གཞལ་དཀའ།།
སེར་ཆེན་ཁྱེད་ནི་གང་ན།།
མཚམས་སྤྲིན་སེར་པོ་རིག་དུས།།
སེར་ཆེན་དྲན་ནས་ཡོང་གི།།
ཉི་མ་ནུབ་ན་བསམ་བྱུང་།།
སེར་ཆེན་མ་མཐོང་སྔོན་ལ།།
སེར་ཆེན་དྲན་ནས་སྡུག་ནས།།
གསར་སྐྱེས་སྨྱོན་པར་གྱུར་ན།།
སྨན་དེ་སེར་ཆེན་ཡིན་འདུག།
གསར་སྐྱེས་ནས་ ༢༠༡༦།༠༡།༡༦ ལ།
སེར་ཆེན་མཐོང་བ།
དེ་རིང་སེར་ཆེན་མཐོང་བ།།
གདོང་གི་ཕྱེད་ཀ་དེ་རེད།།
ཁ་སང་བཅོ་ལྔའི་ཟླ་བའི།།
གདོང་གི་དཀྱིལ་འཁོར་མཐོང་མེད།།
གཅིག་ནི་ཟླ་བ་གཞན་རྣམས་རྒྱ་སྐར་ཚོགས།།
ཟླ་འོད་འབར་བས་ཀུན་གྱིས་མིག་དབང་འཕྲོགས།།
མིག་གི་ཟུར་མདས་ཟླ་བར་གྲངས་མེད་འཕངས།།
ཉེས་ཅན་ཟླ་བ་ཡིན་ནམ་མདའ་བ་ཡིན།།
ང་ལ་སེར་ཆེན་མེ་ཏོག་མེ་ཏོག་བསམས་ཏེ་དགོས།།
ང་ཡིས་སེར་ཆེན་མེ་ཏོག་མེ་ཏོག་ནང་བཞིན་ཉར།།
ང་ནི་སེར་ཆེན་མེ་ཏོག་མེ་ཏོག་འདི་ལ་དགའ།།
ང་དང་སེར་ཆེན་མེ་ཏོག་མེ་ཏོག་ཁྲོད་དུ་རྩེ།།
འདྲེ་ལག་གཡོན་པ་ནས།
ང་ནི་ཡང་བསྐྱར་སེར་ཆེན་འཚོལ་བར་ཡོང་།
ང་ནི་ཡང་བསྐྱར་སེར་ཆེན་འཚོལ་བར་ཡོང་།།
སེར་ཆེ་ཁྱེད་ལ་འཚམ་འདྲི་བརྒྱ་དང་བརྒྱད།།
ད་ལྟའི་དུས་འདིར་སེར་ཆེན་གང་ན་བཞད།།
ཆར་བ་དྭངས་བའི་གནམ་དེ་སྔོ་དྭངས་དྭངས།།
མ་ཧཱ་མཁས་བརྒྱའི་ཁྲོད་དུ་ཚོར་བ་ཤོར།།
ཚོར་བ་སྦས་འདོད་ང་ལ་ཡོད་ཀྱང་རུང་།།
སེམས་འདིར་བདག་པོ་མེད་པས་རྒྱུག་ནས་འགྲོ།།
ཚོར་བ་མི་འབྲི་གཅིག་གི་རང་འབྲི་ཆགས།།
འཇིག་རྟེན་འདི་ནི་ཀུན་ལ་ཐོབ་ཤོར་ཞིག།
སོ་སོ་དགའ་ས་གང་ཡང་ཐོབ་འདོད་པ།།
གསར་སྐྱས་ང་ལ་མཚོན་ན་གཟི་བརྗིད་ཅིག།
སྐད་ཆ་འདི་ཡང་ཚོར་བའི་ཁྲོད་ནས་ཤོར།།
གསར་སྐྱས་ང་ཡིས་ཚོར་བ་མང་མང་བྲིས།།
ཚོར་བའི་དཀྱིལ་ན་སེར་ཆེན་མེ་ཏོག་བཞད།།
མ་ཧཱ་མཁས་བརྒྱའི་སྙན་ངག་ལྡུམ་ར་ལ།།
ཚོར་བ་ཅན་གྱི་སྙན་ངག་འདེབས་ན་འདོད།།
མ་ཧཱ་མཁས་བརྒྱའི་ཁྲོད་དུ་སྙན་ངག་གཏོར།།
སྙན་ངག་རེ་རེ་སེར་ཆེན་སེམས་ལ་འཐིམ།།
མི་ལོ་བརྒྱ་འགྱང་སྟོང་འགྱང་སྙན་ངག་རེད།།
སྙན་ངག་དེ་ལ་སྐམ་རྒྱུ་འཆི་རྒྱུ་མེད།།
འདྲེ་ལག་གཡོན་པའམ་ཇ་མ་ནས། ༢༠༡༦།༠༡།༡༨ ལ།
མཛེས་མ་སེར་ཆེན་གྱིས་བཏངས་བའི་དྲི་བ།
"ཡཱ་་་་ད་ཡིན་ན་གསར་བུ་མང་པོ་ཞིག་འདིར་མཉམ་ཞུགས་བྱས་ཡོད་ཚོད་འདུག་་་་་་་་གང་ལྟར་ཁྱེད་ཅག་གིས་བུད་མེད་ཞིག་ལ་དགའ་བའི་བརྒྱུད་རིམ་ངོ་མ་བོ་འདི་ནས་ཅིག་ཤོད་དཱ་་་་་བུད་མེད་ནང་ནས་གཤིས་སྤྱོད་དང་རྣམ་པ།སློབ་སྤྱོང་། འཇོན་ཐང་སོགས་གང་མང་ཞིག་གི་ནང་ནས་དགའ་ཤོས་སམ་རྩེ་ཕུད་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་ཀྱི་ཡོད་དམ།"
སེར་ཆེན་གྱི་ལན་དུ།
སུ་ལ་དགའ་ན་དེ་ལ་ཡོན་ཏན་འཛོམས་མི་འཛོམས།།
ང་ལ་མཚོན་ན་དེ་ནི་དཔྱད་རྒྱུ་ཁག་པོ་ཞིག།
འཇོན་དང་རྣམ་པ་སློབ་སྦྱོང་གཤིས་སྤྱོད་བཟང་ངན་བཅས།།
དགའ་བའི་ཁྲོད་ན་མཐའ་དག་གཟུགས་མེད་ཤེས་མེད་ཅིག།
སུ་དང་འགྲོགས་ན་དེ་ལ་སྒེག་ཉམས་ལྡན་འདོད་པས།།
དེ་དང་མཉམ་དུ་འདོད་པའི་གར་ལ་རོལ་བས་སྨྱོ།།
དོན་དངོས་མཛེས་མ་ཡིན་མིན་ལུས་ཤའི་འཇམ་རྩུབ་སོགས།།
དགའ་བའི་ཁྲོད་ན་མཐའ་དག་མི་རིག་ཞྭ་མོས་བསྒྲིབས།།
སུ་ཞིག་བཟའ་ཟླའི་ཚུལ་དུ་ཁྱིམ་གཅིག་བསྲུང་བའི་ཚེ།།
ང་ལ་མཚོན་ན་དེ་ནི་བུད་མེད་རྩེ་ཕུད་ཅིག།
སྐྱོན་དང་མདོ་མེད་རྙོག་དྲ་ཆེ་འབྲིང་ཆུང་གསུམ་ཀུན།།
དགའ་བའི་ཁྲོད་ན་མི་རིག་ཞྭ་མོར་བཅོལ་ཏེ་བསྒྲིབས།།
ཞེས་འདྲེ་ལག་གཡོན་པས།
སེར་ཆེན་སྐྱབས་ཏུ་སོང་བ།
༧གོང་ས་ཡིན་བཞིན་ནོར་བུར་ཕྱག་འཚལ་ལོ།།
བོད་མི་ཡོད་དོ་ཅོག་གི་འཕྲེང་ཐག་ཡིན།།
མཛངས་མ་སེར་ཆེན་འདི་ལ་སྐུ་བཞུགས་གསོལ།།
མཁས་དབང་བརྒྱ་དང་བརྒྱད་པོའི་མདུད་འཛིན་ཡིན།།
མདང་དགོང་སེར་ཆེན་མེ་ཏོག་ཀུན་དགའི་མེ་ཏོག་མ།
ཆར་རླུང་ཁྲོད་དུ་རེ་ཞིག་ལྷུང་ཞིང་འཇིགས་སྣང་ཐོན།།
འོན་ཀྱང་མེ་ཏོག་ཁྱེད་ནི་མཛེས་ཤིང་བྱམས་པ་ཡིས།།
མ་ཧཱ་སྦྲང་མའི་ཚོགས་ཀྱིས་གཤོག་པའི་གདུགས་ཀྱིས་བཀབ།།
སྙན་ངག་གཏོར།
སྙན་ངག་འབྲི་བཞིན་དེའི་ཁྲོད་འཇིག་རྟེན་འཚོལ།།
རྙོག་གཏམ་འཆད་ཀྱིན་ཞོར་དུ་ཞི་མོ་འཚོལ།།
ཁྱེད་ཀྱིས་བྷ་གའི་ནང་དུ་ཁུ་བ་བླུགས།།
ང་ཡིས་ཤོག་བུའི་སྟེང་དུ་སྙན་ངག་གཏོར།།
(ཞེས་བྲིས་བ་འདི་ནི་དྲ་ཐོག་ཏུ་སྐད་ཆ་རིགས་འདྲ་མིན་བཤད་དེ། ཞི་མོ་འཚོལ་བཞིན་ཡོད་པའི་དྲ་ཐོག་ཕོ་གསར་དེ་ཚོར་ཡིན།) ཇ་མ་ནས།
ལྐུག་པ།
བཤད་ན་གློས་བཤད་ཡིན་ཟེར་།
མ་བཤད་གླེན་པ་རེད་ཟེར།།
བཤད་དང་མི་བཤད་བར་ནས།།
རང་ཉིད་ལྐུག་པར་འདོད་སོང་།།
ཇ་མ་ནས།
58 ཇ་ཁང་ནང་གི་ཚིགས་བཅད་ཐར་ཐོར་ཞིག
ཁ་བའི་འབྲོག་པས།
ཇ་མ་རྒད་པོས་ཉན་ནས་སྙན་ངག་འབྲི།།
ཨ་བྷ་བརྩེ་བས་དངོས་སུ་ཉམས་སུ་མྱོང་།།
ཕྱིན་རླབས་གནད་ཀྱི་ཚན་ཁ་མི་འདྲ་ཡང་།།
བྷོ་ཊའི་བདག་མོའི་སེམས་ན་ཤུན་ཏུ་གསལ།
ཇ་མས།
ཚོར་བ་ཐོན་སོང་ཟེར་གི།
མངོན་བརྗོད་བརྗེད་སོང་ཟེར་གི།།
ཚོར་བ་ཐེངས་ཤིག་ཐོན་པས།།
ཇ་ཁང་ཡར་དཀྲུགས་མར་དཀྲུགས།།
མགྲོན་པོས།
སྙན་ངག་འབྲི་གི་ཟེར་གི།
ཚོར་བ་རྣོ་པོ་ཡོད་ཟེར།།
དོན་ལ་དེ་འདྲ་ཡིན་མིན།།
སུ་ཡིས་བཤད་ཚོད་མི་ཟིན།།
ཇ་མས།
འཚབ་བེ་འཚུབ་བེའི་སྙན་ངག།
བྲེལ་འཚུབ་བར་ནས་བྲིས་ཟེར།།
ཁ་བའི་འབྲོག་པ་ལོ་ལོ།།
འཚབ་དོན་གསལ་པོར་བཤད་རོགས།།
མགྲོན་པོས།
འགྲོ་ཤོར་འདུག་ཤོར་འབྲི་གི།
གཅིག་གིས་གཅིག་ལ་འབྲི་གི།།
ང་ངར་ཁྱོད་ངར་བཤད་ཀི།
དོན་གྱིས་ང་ལས་ལྷག་མེད།།
ཇ་མས།
བརྩེ་བའི་སྙན་ངག་མི་ཤེས་ཟེར།།
མགྲོན་པོས་ང་ལས་ལྷག་མེད་བརྗོད།།
འོན་ཀྱང་སུས་ཤེས་སུ་ནི་ངར།།
ཇ་མ་ང་ལ་ལྐོག་གྱུར་ཅིག།
ཇ་མ་ཐབ་ཚང་ནང་ནས་ངར།།
བརྩེ་བ་ཚོར་བའི་ནང་དུ་འཐིམ།།
མགྲོན་པོ་རང་ཁྱིམ་དཀྱིལ་ན་འགྱིང་།།
ཁ་བའི་འབྲོག་པས་མངོན་བརྗོད་འཚོལ།།
དགའ་ས་དུང་ས་ངས་མི་བཤད།།
དགའ་བ་དུང་བ་སྟོང་བ་རེད།།
རང་གིས་རང་ཉིད་ཤེས་བཅུག་སྟེ།།
རྒན་མོ་བུ་ཕྲུག་བསྲུངས་ན་མཆོག།
མགྲོན་པོས།
ཇ་མས་སྙན་ངག་འབྲི་རྒྱུ་ཟེར།།
བརྩེ་བས་ཚོར་བ་མྱོང་རྒྱུ་ཟེར།།
མགྲོན་པོས་དངོས་སུ་སྤྱོད་རྒྱུ་ཟེར།།
འདི་གསུམ་ནང་གི་མཆོག་ནི་གང་།།
ཇ་མས།
ཤོག་བུའི་སྟེང་དུ་སྙན་ངག་གཏོར།།
སེམས་ཀྱི་ནང་ལ་སྙན་ངག་འཐིམ།།
ལོ་བརྒྱ་སོང་ཡང་སྙན་ངག་རེད།།
སྙན་ངག་དེ་ལ་འཆི་རྒྱུ་མེད།།
ཚོར་བ་སེམས་ཀྱི་ཚོར་བ་རེད།།
སེམས་དེ་རང་ལ་མི་དབང་བས།།
ཚོར་བའི་རྗེས་སུ་སོང་སོང་ན།།
རང་ཉིད་བརླག་པར་ཉེན་ཁ་ཆེ།།
སྤྱད་ལ་རུང་དང་མི་རུང་ཞིག།
ཁྱེད་ཀྱིས་དངོས་སུ་སྤྱོད་བཞིན་པ།།
གང་ཞིག་ཡིན་པ་ཆ་མ་འཚལ།།
མགྲོན་ཁྱེད་གསལ་པོར་འཆད་རོགས་གནང་།།
མག་རོན་པོས།
གསལ་པོར་བཤད་ས་ཁྱོད་རང་མིན།།
ཕན་ཚུན་གཉིས་ཀྱི་བདེ་སྐྱིད་དེ།།
རོགས་ཀྱི་སེམས་ལས་སུ་ལ་མེད།།
མགྲོན་པོས་སྤྱོད་པ་གཞན་ལས་ལྷག།
སྤྱང་བར་འདོད་ན་ཟུར་ཉན་བྱོས།།
ཇ་མས།
ལྐོག་གྱུར་ཡིན་ཞེས་ང་ཡིས་བཤད་ཚར་བས།།།
དེ་ཡི་རྒྱ་མཚན་ཁྱེད་ཀྱིས་གོ་བར་བྱོས།།
ས་ན་ཉི་མ་མེད་ཅེས་བཤད་པའི་ལན།།
ཉི་མ་ས་ནས་འཚོལ་ཤོག་སུས་བཤད་ཐུབ།།
བྷོ་ཊའི་བདག་མོས།
ལྔ་བརྒྱད་ཇ་ཁང་ཚང་གི་སྟག་ཤར་ཚོ།།
བྲིས་ནོ་བཤད་ནོ་ཧ་ཅང་བཟང་གི་ར།
དོན་དངོས་ངོ་མ་དེ་འདྲ་མིན་པའི་ཚེ།།
གཞན་གྱིས་སེམས་སུ་ཅི་བསམ་དྲན་ཨེ་ཐལ།།
ང་ཡི་སེམས་སུ་ཁྱེད་རྣམས་གྲོགས་མཆོག་ཞིག
ནམ་ཡང་འགྱུར་བ་མེད་པའི་གྲོགས་མཆོག་ཚོས།
ཅི་ཞིག་བྲིས་དང་བཤད་ཡང་ནོད་རྒྱུ་མེད།།
ཡིན་ཡང་ཚིག་ལ་བདག་པོ་རྒྱག་རོགས་ཞུ།།
རེ་བ་འདི་ནི་བདག་མོའི་སྨྱུག་རྩེ་ནས།།
རང་དབང་མེད་པར་ཤོར་འདི་སྙིང་གཏམ་ཞིག།
ཡོད་ཚད་ཚོར་བས་བརླག་ཟེར་བ།།
མཐའ་གཅིག་བཤད་ན་མི་བདེན་མོད།
འོན་ཀྱང་ཚོར་བ་རྣོ་པོ་དེད་ཡོང་ཚེ།།
དེ་ལ་ངོ་ཡ་མེད་པ་བདེན་པ་རེད།
ཇ་མས།
ཚོར་བས་བརླག་ནོ་མི་བདེན་ཟེར།།
དེས་ན་ཚོར་བའི་རྗེས་ལ་རྒྱག།
ཚོར་བའི་གཞི་དེ་གནམ་མཁའ་རེད།།
གནམ་ན་ལྷ་མོ་གཞན་པ་བཞུགས།།
བརྩེ་བས།
ཇ་མ་རྒད་པོའི་སྨྱུག་རྩེ་ན།།
དབུགས་རིང་འབྱིན་པའི་སྙན་ངག་ཅིག།
འོན་ཀྱང་ཨ་ཕ་བརྩེ་བ་ལ།།
ཚོར་བ་ཟབ་མོ་སྦྲད་བཞིན་འདུག།
མགྲོན་པོས།
ཚོར་བ་རང་གི་སེམས་ན་ཡོད།།
སྤྱད་པ་རང་གི་གདོང་ན་ཡོད།།
ས་ནས་རང་གི་ཅི་བསྒྲུབ་པ།།
ནམ་མཁའི་ལྷ་མོས་ཕབ་ལེན་བྱས།།
གསལ་པོར་བཤད་ས་ཁྱོད་རང་མིན།།
ཕན་ཚུན་གཉིས་ཀྱི་བདེ་སྐྱིད་དེ།།
རོགས་ཀྱི་སེམས་ལས་སུ་ལ་མེད།།
མགྲོན་པོས་སྤྱད་པ་གཞན་ལས་ལྷག།
སྤྱངས་བར་འདོད་ན་ཟུར་ཉན་བྱོས།།
ཇ་མས།
ཇ་མས་ཉམས་མྱོང་སྦྱངས་མི་འདོད།།
སྟག་ཤར་གཞོན་ནུ་གསུམ་པོ་དེ།།
ཇ་མས་ཉམས་མྱོང་འབྲས་བུ་ཡིན།།
ཁྱེད་ཀྱི་འབྲས་བུ་གང་ན་ཡོད།།
མགྲོན་པོས།
ཉམས་མྱོང་སྤྱང་བར་མི་སྤྲོ་བས།།
ཇ་མ་ཁྱོད་ཀྱི་མགོ་བོ་མཐོ།།
གཞན་ལ་བདེན་པ་ཡོན་མིན་དེ།།
ཉན་པར་མི་སྤྲོ་ཅི་འདྲ་ལྐུག།
རང་གིས་བཤད་པ་ཚད་མར་བཟུང་།།
གཞན་གིས་བཤད་པ་ཟུར་དུ་བཞག།
ཁྱོད་ནི་ཅི་འདྲའི་ཁྱད་མཚར་ཞིག།
ཡོད་པ་དེ་རིང་ངོས་སུ་རྟོགས།།
ཁ་ཡག་ངོ་ཡག་བཤད་པའི་ཚིག་འགའ་རེ།།
འབྲི་ནི་མ་ཤེས་མིན་བས་དོན་ལ་ལྟོས།།
སྐྱིད་པོ་སྐྱིད་པོ་མེད་པ་རང་གི་སེམས།།
ཚོར་བས་མྱོས་བའི་ཁྱོད་ནི་བདེ་ལེགས་སམ།།
ཇ་མས།
འབྲས་བུ་མེད་པའི་སྤྱད་མཁན་ཞིག།
དེ་རིང་འདི་ལ་གློ་བུར་ཐོན།།
གཟའ་བཤད་རྙོག་བཤད་སྣ་ཚོགས་བྱེད།།
ཁྱེད་ནི་ང་ལ་ཡ་མཚན་ཞིག།
མགྲོན་པོས།
འབྲས་བུ་མེད་པ་ང་ནི་ལོ་ན་གཞོན།།
ཁྱོད་ཀྱི་ལོ་ཚོད་སླེབས་ན་འབྲས་བུ་དེ།།
གསུམ་ལས་བཞི་དང་ལྔ་དྲུག་བཟོ་རྒྱུ་ཡིན།།
སྔ་ཕྱི་མ་གཏོགས་དེ་ནི་ང་ཡི་འགན།།
ཇ་མས།
འབྲས་བུ་མེད་ཅེས་བྲིས་བ་དེས།།
མགྲོན་པོའི་སེམས་ལ་ཕོག་པ་འདྲ།།
དེས་ན་ཁྱེད་ལ་འབྲས་ལྡན་ཞེས།།
ཇ་མས་བྲིས་ན་དགའ་སྲིད་དམ།།
བྷོ་ཊའི་བསག་མོས།
གནམ་ན་ལྷ་མོ་གཞན་པ་ཡོད་ནོ་བདེན་པ་རེད་།།
ལྷ་མོ་རེ་ལ་ཚོར་བ་རེ་ཡང་ཡོད་པ་བདེན།།
གང་ལྟར་བདག་མོ་ང་ལ་སྤྲད་པས་ཚོར་བ་ཡང་།།
བདེན་པའི་ནང་གི་བདེན་པ་ཞིག་ནི་ཡིན་པར་འདོད།།
ཇ་མས།
ཡོད་ཚད་བདེན་པ་ཡིན་ན་ཡག་པོ་འདུག།
བདེན་ལ་ཀུན་རྫོབ་བདེན་པ་ཡོད་ཅེས་གསུངས།།
གང་ལྟར་ཚོར་བ་བདེན་པར་གྲུབ་ཟེར་ན།།
བདེན་པ་དེ་ཡིས་བདེ་བ་ཐོབ་པར་སྨོན།།
བདག་མོས།
ཁྱེད་ཀྱིས་ང་ལ་སྨོན་ལམ་ཡར་སེམས་བྱས།
ཇ་ཁང་ཚང་ལ་སྙན་ངག་མེ་ཏོག་གཏོར།།
ཇ་མ་ཁྱེད་ནི་ངོ་མ་སྙན་ངག་པ།
ཁྱེད་ཀྱི་ཁ་ལས་རླུང་རྟ་རྒྱས་བར་ཤོག
བརྩེ་བས།
ཚོར་བའི་ནང་ལ་མེ་ཏོག་ཅིག།
སེམས་པའི་ནང་ན་སྙིང་སྡུག་ཅིག།
མ་ཤི་བར་དུ་འཚོལ་རྒྱུ་ཡིན།།
མ་ཤི་བར་དུའགྲོགས་རྒྱུ་ཡིན།།
གནམ་མཁར་ལྷ་མོ་མང་ཡང་མི་འདོད་གི།
གང་ལྟར་ང་རང་དགའ་སའི་མེ་ཏོག་འདི།།
ལྷ་མོ་གཞན་དང་བསྡུར་ན་མི་འདྲ་གི།
བརྩེ་བའི་སེམས་ན་ལྷ་མོ་ཁྱེད་ལས་མེད།།
བྷོ་ཊའི་བདག་མོས།
ཁྱེད་ཀྱིས་ལྷ་མོ་གཞན་ནི་སེམས་དེས་མི་འདོད་ཟེར།།
ཁྱེད་ལ་མེ་ཏོག་དམར་པོ་མ་གཏོགས་མི་དགོས་ཟེར།
མེ་ཏོག་འདི་ནི་ཡ་མཚན་ཅི་ཡང་མེད་པ་ཞིག།
ཡིན་ཡང་ཁྱེད་སེམས་ཚོར་བ་སུས་ཀྱང་འགོག་ཐབས་མེད།
བརྩེ་བས།
གངས་དཀར་ལྷུན་པོའི་འདབ་ནས་ཐོན་པ་ནས།།
རྒྱས་མེད་ས་མཐའི་ཡུལ་ནས་འཚོ་བར་རོལ།།
ལྔ་བརྒྱད་ཇ་ཁང་འདིའི་ནང་བསླེབས་པ་ནས།།
མེ་ཏོག་དམར་པོའི་ཚོར་བར་འཐམས་ནས་བསྡད།།
ཨ་ཕ་བརྩེ་བ་ཅུང་ཙམ་ཁོམ་པ་མེད།།
རྒད་མོ་བུ་ཕྲུག་སྐྱོང་བའི་བདག་པོ་ཡིན།།
ཁོམ་དུས་བརྩེ་བའི་སྙན་ངག་འབྲི་རྒྱུ་ཡིན།།
བྲིས་ནས་མི་ཚད་ཚོར་བ་སྤྲད་རྒྱུ་ཡིན།།
ཇ་མས།
ཇ་མ་ངའང་ལས་ཀ་ཅན།།
ད་ནི་སྨྱུ་གུ་དོར་དགོས་སོང་།།
ཁང་བ་གཙང་མ་བྱེད་རྒྱུ་ཡོད།།
ཇ་གྲོགས་ཁྱེད་ཚོ་བདེ་མོ་བྱོས།།
བྷོ་ཊའི་བདག་མོས།
ད་ནི་སོ་སོའི་ས་ན་ལས་དཀའ་རེ།
མི་ཁོམ་ཟེར་ནས་གང་སར་ཡལ་ནས་སོང།
དེ་ན་ངས་ཀྱང་གནས་སྐབས་དགོངས་པ་ཞུ།
ཇ་གྲོགས་ཚང་མ་རེ་ཞིག་བདེ་མོ་བྱོས།
༢༠༡༦།༠༡།༡༦ ཉིན་གུང་ལ།
ཁ་བ་འབབ་ཐེངས་རེ་ལ།
གངས་ལྷ་མེ་ཏོག་དང་འདྲེ་ལག་གཡོན་པ།
གངས་ལྷ་མེ་ཏོག་གིས།
ཁ་བ་འབབ་ཐེངས་རེ་རེས།།
ཕ་ཡུལ་ཡིད་ལ་དྲན་སོང་།།
ཕ་ཡུལ་དགུན་ཁའི་འཁྱག་རོམ།།
སེམས་ཀྱིས་བཞུས་ན་འདོད་སོང་།།
འདྲེ་ལག་གཡོན་པས།
ཕ་ཡུལ་གངས་ལྷ་མེ་ཏོག།
གངས་རིའི་ཁྲོད་ནས་བརྙེད་ཟེར།།
དེ་རིང་རྨི་ལམ་མིན་ན།།
མེ་ཏོག་འདི་ན་བཞད་འདུག།།
ཕ་ཡུལ་ཁ་བ་དཀར་པོ།།
བླ་མའི་ཁ་བཏགས་དཀར་པོ།།
ང་ཡི་སེམས་དཀར་མ་ལོ།།
བཞུགས་སའི་ཡུལ་དེ་དྲན་སོང་།།
ཁ་བ་འབབ་ཐེངས་རེ་ལ།།
ཁ་བའི་ཡུལ་ལྗོངས་ཕྱོགས་ལ།།
མིག་གིས་ཡང་ཡང་ལྟ་དགོས།།
སེམས་ལ་ཡང་ཡང་དྲན་བཅུག།
གངས་ལྷ་མེ་ཏོག་གིས།
ཁྱེད་ཀྱི་སེམས་དཀར་མ་ལོ།།
དགུང་ལོ་བདུན་ཅུའི་ནང་རེད།།
སྐོར་བ་ཐེངས་གཅིག་བརྒྱབ་ན།།
འོས་ཤིང་འཚམ་པ་རེད་སྙམ།།
འདྲེ་ལག་གཡོན་པས།
དགུང་ལོ་བདུན་ཅུའི་ནང་གི།།
ང་ཡི་དྲིན་ཅན་མ་ལོ།།
སེམས་པ་ལྷོད་ལྷོད་བཞུགས་རོགས།།
བུ་ང་ནམ་ཞིག་བསླེབ་ཡོང་།།
ཁ་བ་དཀར་པོ་ཡིན་པ།།
འཛམ་གླིང་ཡོངས་ལ་གསལ་མོད།།
སྐབས་རེར་བོད་ཀྱི་ཁ་བ།།
ཁ་དོག་དམར་པོ་རེད་ཟེར།།
ཕ་ཡུལ་རྒྱང་ཐག་རིང་སོང་།།
མིག་ཆུའི་གཙང་བོ་བཞུར་ཡང་།།
ཐོན་སའི་ཡུལ་ན་མི་འདུག།
འཕུར་རྒྱ་ཡོད་ན་བསམ་བྱུང་།།
ཕ་ཡུལ་དྲན་ཐེངས་རེ་དང་།།
ཨ་མ་དྲན་ཐེངས་རེ་ལ།།
དྲན་ཤེས་ངག་ལ་བཅོལ་ནས།།
ཚིགས་བཅད་མེ་ཏོག་གཏོར་ཡིན།།
གངས་ལྷ་མེ་ཏོག་གིས།
མིག་ཆུ་བཞུར་དགོས་མི་འདུག།
དེང་རབས་ཚན་རྩལ་དར་བས།།
ཕ་ཡུལ་ཕྱོགས་ལ་འཕུར་ན།།
ཆུ་ཚོད་ཁ་ཤས་ཙམ་རེད།།
འདྲེ་ལག་གཡོན་པས།
གསུངས་བར་གནས་ལུགས་ལྡན་མོད།།
ཁྱེད་ཚོར་ལྐོག་གྱུར་ཡིན་པ།།
གཞུང་དེའི་ཁྲིམས་དང་སྲིད་ཇུས།།
རེ་ཞིག་འཕུར་རྒྱུ་མ་བྱུང་།།
ཞེས་ཕ་ཡུལ་ན་བཞུགས་པའི་གངས་ལྷ་མེ་ཏོག་དང་འདྲེ་ལག་གཡོན་པ་གཉིས་ནས་སོ་སོའི་བསམ་ཚུལ་འགའ་རེ་ཚིགས་བཅད་ཐོག་ཏུ་འབྲི་རེས་བྱས་འདུག་པ་ནི་གོང་དུ་བཀོད་པ་དག ༢༠༡༦།༠༡།༡༦ ཉིན་གུང་ལ།
རྒད་པོ་ང་ནི་སྨྱོས་འདུག་ཟེར།
སེར་ཆེན་ཁྱེད་ལ་སྙན་ངག་ཕུལ་བའི་རྐྱེན།།
འགའ་རེས་གསར་སྐྱེས་ང་ནི་སྨྱོས་འདུག་ཟེར།།
དེ་ཡི་ལན་དུ་གསར་སྐྱེས་རྒད་པོ་ངས།།
ཚིགས་བཅད་འདི་དག་རིམ་གྱིས་ཕུལ་བ་ཡིན།།
སྨྱོས་ནི་མ་རེད་སྙན་ངག་རེད།།
སྙན་ངག་པ་ལ་སྨྱོན་པ་མེད།།
སེམས་པ་འདི་ལ་བདག་པོ་མེད།།
བེམ་པོ་གཅིག་པོ་ང་རང་ཉིད།།
སྨྱོས་སོང་ཟེར་ན་ང་ཡི་བེམ་པོ་འདི་ལས་གང་།།
འོན་ཀྱང་བེམ་པོར་ཤེས་པ་མེད་པས་ཇི་ལྟར་སྨྱོ།།
སྨྱོས་བ་དེ་ནི་ཁམས་འདིའི་བདག་མེད་སེམས་དམར་པོ།།
སེམས་ནི་ང་ཡི་སེམས་མིན་གཟུགས་མེད་ཤེས་པ་ཞིག།
བེམ་པོ་འདི་ནི་ཤ་ཁྲག་ལས་གྲུབ་འཇིག་ནི་ཞིག
ཁྱེད་ཀྱིས་སྨྱོས་སོང་འདོད་པ་དེ་ལས་གང་ལ་འཛིན།།
སྙན་ངག་དེ་ནི་བདག་མེད་སེམས་ནས་ཐོན་པ་ཞིག།
སྨྱོས་བ་དེ་ནི་དེ་དང་འགྲོགས་པའི་ཤེས་པ་ཞིག།
གསར་སྐྱེས་ནས། ༢༠༡༦།༠༡།༡༨ ལ།
མདང་དགོང་རྨི་ལམ་ངོགས་སུ་སེར་ཆེན་བྱོན།།
གཉན་ཆེན་སྨོན་ལམ་ཡར་འདེབས་བགྱིས་བའི་དྲིན།།
མདང་དགོང་རྨི་ལམ་ངོགས་སུ་སེར་ཆེན་བྱོན།།
གསར་སྐྱེས་ང་ལ་འཛུམ་དམུལ་ཟེའུ་འབྲུ་ངོམས།།
སྙན་ངག་བྲིས་བར་ཐུགས་རྗེ་ཡང་ཡང་ཞུས།།
སེར་ཆེན་ཟེའུ་འབྲུའི་སྟེང་གི་ཟིལ་ཆུའི་ཐིགས།།
གཅིག་རེ་གཉིས་རེ་བྱས་ནས་ང་ཡིས་བཞིབས།།
དེ་ཡི་འཚབ་དང་དྲིན་ལན་འཇལ་བའི་ཕྱིར།།
འོ་མ་དཀར་པོ་ཐིགས་པ་བརྒྱ་ཕྲག་གཏོར།།
མདང་དགོང་རྨི་ལམ་ནང་ལ་སེར་ཆེན་ཕེབས།།
ཁྱེད་ཀྱིས་མོ་ལ་སྙན་ངག་བྲིས་འདུག་བརྗོད།།
བུ་ཕྲུག་ཕ་མར་གྱུར་བའི་ངེད་ཅག་གཉིས།།
སྙན་ངག་ནང་ནས་ཁྱིམ་གཅིག་འདུག་ཅེས་སྨྲས།།
མདང་དགོང་རྨི་ལམ་ཁྲོད་དུ་སེར་ཆེན་བསླེབས།།
ང་ཡིས་སྙན་ངག་བྲིས་བ་ཡང་ཡང་བཀླགས།།
སྙན་ངག་བརྩེ་དུང་ཁྲོད་དུ་འཐིམ་ཞེས་བཤད།།
བརྩེ་དུང་སྙན་ངག་སྲོག་ཤིང་ཡིན་ཞེས་གསུངས།།
གསར་སྐྱེས་ནས། ༢༠༡༦།༠༡།༡༩ ཞོགས་པར།
ཇ་མ་རྒད་པོ།
ཇ་མ་རྒད་པོའི་སྨྱུ་གུ་ཡིས།།
ཚོན་རྩིའི་ཁ་དོག་འགྱུར་སོང་ཟིག།
མེད་དུ་སོང་བའི་འཇའ་ཚོན་དེ།།
སྙན་ངག་བྲིས་ན་ཨེ་ཐོན་ནམ།།
ཇ་མས་བྲིས་བའི་སྙན་ངག་གིས།།
བདག་མོར་ཚོར་བ་སྤྲད་ཡོད་ན།།
ཇ་ཁང་འདི་ནས་བདག་མོ་དེ།།
ཇ་མའི་བཙུན་མོ་མིན་འདི་ཅི།།
ཕན་ཚུན་གཅིག་ལ་གཅིག་དགའ་ཡི།།
སེམས་ལ་དུང་བ་ལྡན་གྱུར་ན།།
སྙན་ངག་མེ་ཏོག་གཏོར་བའི་ཁྲོད།།
བདག་མོས་སྨྱོས་བུམ་སྦས་དོན་ཅི།།
ཇ་མ་ཁོང་ནི་དགུང་ལོ་བགྲེས་བའི་རྐྱེན།།
ཇ་རྒོད་འཐུང་རྒྱུར་ཤིན་ཏུ་དགའ་མོད་ཀྱང་།།
བདག་མོས་ཇ་དེ་གཞན་ལ་འདྲེན་པ་འདི།།
ཇ་མ་སེམས་ནས་དོར་བ་མ་རེད་དམ།།
ཞེས་ཨ་ཕ་བརྩེ་བའི་སྙན་ངག་དེའི་ལན་དུ། ༢༠༡༦།༠༡།༡༩ ཞོགས་པ་ལ།
ཐེ་ཝན་སྲིད་འཛིན་གསར་བ་མ་ཚེ་ཡེན་བུན་ལ་སྤྲངས་བའི་ཚིགས་བཅད་འགའ།
བཀུར་འོས་མང་གཙོ་ཚད་ལྡན་འོག་ནས་སྲིད་འཛིན་ཐོབ་པ་དེ།།
དམར་པོ་གཞུང་ལ་འཇིགས་སུ་རུང་བའི་མེ་ཤུགས་འཕུར་མདའ་ཞིག།
བཙན་བྱོལ་གཞུང་ལ་རེ་བ་བཅོལ་སའི་སེམས་ཀྱི་གཞི་བརྟེན་ཞིག།
འཛམ་གླིང་འདི་ལ་ཞི་བདེའི་ལམ་ཆེན་བསྐྲུན་པར་འགག་སྒོ་འབྱེད།།
བཀུར་འོས་ཁྱེད་ནི་ཐེ་ཝན་མང་གཙོ་ལས་འཁྲུངས་ལྷ་མོ་ཞིག།
འཇིག་རྟེན་ལྷ་ཆོས་མི་ཆོས་བསྲེས་ཏེ་ཡ་རབས་རྒྱལ་ཁམས་ཤིག།
འཛམ་གླིང་ཞི་བདེའི་ཁྲོམ་རྭར་ལག་རྟགས་ཚུལ་དུ་འབུལ་ཐུབ་པར།།
༧གོང་ས་ཡིད་བཞིན་ནོར་བུར་གདེངས་ཚད་སྔར་ལས་ལྷག་ཅིག་མཆིས།།
བཀུར་འོས་ཁྱེད་ཀྱིས་ཐར་ཐོར་སོང་བའི་བོད་འབངས་མི་སེར་ཚོགས།།
བདེ་བའི་ཞིང་ཁམས་བཀོད་པར་རླབས་ཆེན་མཛད་རྗེས་གྲངས་མེད་ཅིག།
ཚེ་འདིའི་དམིགས་བྱར་བཟུང་ཞིང་ཁྱེད་ཀྱི་ཤེས་རབ་བེད་སྤྱད་དེ།།
ཁྱེད་གྲོགས་༧གོང་ས་རྒྱལ་དབང་དང་ནི་བོད་པར་འབུལ་བར་སྨོན།།
ཞེས་གསར་སྐྱེས་ནས། ཐེ་ཝན་གྱི་སྲིད་འཛིན་གསར་བ་མ་ཚེ་ཡེན་བུན་ལ་སྤྲངས་བའི་ཚིགས་བཅད་འགའ། ༢༠༡༦།༠༡།༢༠ ལ།
ནུ་བོ་ཞིག་གིས་བཀའ་དྲིན་ཞུས་བའི་ལན་དུ།
སྐུད་མེད་དྲ་བར་སྤྱད་དེ།།
རྒྱུས་མེད་ཡུལ་ནས་ཡོང་བའི།།
ཡ་མཚན་སྐད་ཆའི་རིགས་ལ།།
མཚར་གཏམ་བསམས་ཏེ་ཉན་རོགས།།
བཀའ་དྲིན་ང་ལ་མ་ཞུ།།
ཞུ་སའི་ཡུལ་དེ་ང་མིན།།
གསུང་མཁན་མཁས་པའི་ཚོགས་དེར།།
བཀའ་དྲིན་རྗེས་ནས་ཞུ་རོགས།།
དུས་ཚོད་ཁོམ་པ་ཟེར་བ།།
རང་གིས་རྣམ་དཔྱོད་སྤྱད་དེ།།
བྲེལ་འཚུབ་འཚོ་བའི་ཁྲོད་ནས།།
སོ་སོས་འཚོལ་དགོས་ཞེས་གསུངས།།
གང་ལྟར་སྐྱེས་ནས་བྲེལ་བྲེལ་འཚུབ་འཚུབ།།
དང་ཐོག་ཨ་མའི་ནུ་མ་འཚོལ་བར་བྲེལ།།
བར་སྐབས་གཞོན་དུས་ལང་ཚོའི་ཁྲོད་ན་བྲེལ།།
རྗེས་ལ་བཟའ་མང་མ་ཎིའི་བར་ན་བྲེལ།།
བཀའ་དྲིན་ང་ལ་ཞུས་བར་ངའི་སེམས་སྤྲོ།།
ཉིན་རེར་སེམས་པ་སྤྲོ་བའི་བསྟོད་བསྔགས་ཤིག།
ཞོར་དུ་གཞན་ཡིད་དགའ་བའི་བྱ་བཞག་ཅིག།
འདི་དག་ཉིན་རེར་བྱོན་ན་བདེ་སྐྱིད་ཅིག།
ཐོལ་བྱུང་ཚིགས་བཅད་ང་ཡི་ཁ་སྤུ་རེད།།
ག་ཚོད་དགོས་ན་དེ་ཚོད་འབལ་རྒྱུ་ཡོད།།
དེ་རིང་འདི་ལ་འགའ་ཞིག་བལ་ནས་ཀྱང་།།
ཡི་གེའི་གཟུགས་སུ་བཀོད་ཅིང་ཁྱེད་ལ་ཕུལ།།
ཞེས་འདྲེ་ལག་གཡོན་པ་ནས། ༢༠༡༦།༠༡།༢༡ ལ།
སང་ཉིན་མྱུར་བར་མཇལ་ཡོང་།
གསལ་ལུ་རྒྱལ་གྱི་མིང་ཅན།།
ཕྱི་སྡོད་གྲོགས་མཆོག་དམ་པ།།
བྱམས་པ་ངོ་དཀར་གཅིག་དང་།།
རི་བོང་མིང་ཅན་ཚུལ་ཁྲིམས།།
བསམ་བྷ་སྐྲ་རིང་གསུམ་དེ།།
སང་ཉིན་ཕེབས་རྒྱུ་ཟེར་གི།
སྙན་ངག་ཕྲིས་ཤོག་ཟེར་གི།
བྱམས་པ་དཀར་རའི་ནང་ནས།།
ཟོས་རབ་འཐུང་རབ་བཤད་ཀི།།
མོག་མོག་ཟོས་ཡིན་བཤད་ཀྱང་།།
བཙོས་བའི་མོག་མོག་དེ་ནི།།
ཕྱེད་ཀ་རློན་པ་ཡིན་སོང་།།
གྲོད་ཁོག་དབུགས་ཀྱིས་ཁེངས་སོང་།།
གསང་སྤྱོད་ཡར་བཙལ་མར་བཙལ།།
ཕྱི་རྒྱལ་མག་པར་གྱུར་བའི།།
ཕྱི་རྒྱལ་ཡིན་མདོག་བྱེད་མཁན།།
བྱམས་པ་ཞལ་དཀར་ཟེར་བས།།
ཕྱི་རྒྱལ་ཟ་མ་བཟོས་ཐལ།།
ཆུར་བ་ཆུ་བཞིན་བསྐོལ་ཐལ།།
འབྲོག་རྒན་འདན་མ་བྱང་ཁྲ།།
འབྲོག་ཕྲུག་བསམ་པའི་མེ་རྟགས་།།
ཟ་ཚུལ་མ་ཤེས་ཉོབ་ཐལ།།
བོད་ཟས་རྩམ་པ་དྲན་སོང་།།
སང་ཉིན་ཉིན་གུང་ཞིག་ལ།།
གསལ་ལུ་རྒྱལ་གྱི་ས་དཔོན།།
སུད་སིར་གནས་སྡོད་བྱེས་མཁན།།
རྒྱལ་པོ་ཚང་ལ་ཡོང་ཟེར།།
ཁ་བརྡ་མང་བོ་ཡོད་ཟེར།།
ཕོ་གསར་འགྲན་རྒྱུ་ཡིན་ཟེར།།
ད་རུང་མང་བོ་བཤད་སོང་།།
བྲིས་ན་འབྲི་ཚོད་མེད་ཀི།།
ད་ནི་ཉལ་ན་སྐྱིད་རེད།།
སང་ཉིན་མྱུར་བར་མཇལ་ཡོང་།།
ཞེས་འདྲེ་གཡོན་ལག་ནས། ༢༠༡༦།༠༡།༢༡ མཚན་མོ་ལ།
གྲོགས་ཡུལ་གྱར་བ་ལ་སྤྲངས།
ཡིག་ནོར་འགའ་རེ་ཤོར་གི་འདུག།
ཡིག་ནོར་མཛུབ་མོའི་འོག་ནས་ཤོར།།
ཁ་པར་ཆུང་བས་བཟོས་བ་ཞིག།
སེམས་ཀྱིས་མངགས་ནི་མ་ཡིན་ནོ།།
ཤེས་པ་ཧ་ཅང་མགྱོགས་དྲག་པས།།
ཤེས་པ་མཛུབ་མོའི་སྔུན་ན་རྒྱུག།
ཡི་གེ་འགའ་རེ་ཆད་ནས་འགྲོ།།
ཡིག་ནོར་འགའ་རེ་ཤོར་ནས་འགྲོ།།
རྩོམ་པས་ཡིག་ནོར་མཐོང་རྒྱུ་དཀའ།།
འབྲི་བཞིན་སྐབས་སུ་ཡིད་ཀྱིས་ཀློག།
བྲིས་བའི་རྗེས་སུ་དྲན་པས་བཀླགས།།
ཡིག་ནོར་རང་གིས་མཐོང་བ་དཀོན།།
གཅིག་གིས་བྲིས་ཀྱང་གཅིག་དེས་བཀླག་པ་ན།།
ཡིག་ནོར་ཤོར་སའི་ལམ་ཁ་ཡོད་ཚད་བཀག།
འོན་ཀྱང་ང་ཡི་བུ་དང་ཆུང་མ་བཅས།།
བོད་ཡིག་བྱང་ཆ་མེད་དེ་ཁྱེད་ཀྱིས་མཁྱེན།།
དེའི་ཕྱིར་བྲིས་བར་ཡིག་ནོར་འགའ་རེ་ཤོར་བ་དེ།།
ཀློག་མཁན་རྣམས་ནི་སློབ་དཔོན་ང་ཡི་སློབ་དཔོན་ཏེ།།
དག་བཅོས་བྱེད་རོགས་ང་ནི་ད་དུང་སློབ་མ་ཞིག།
སངས་རྒྱས་མིན་པས་ནོར་བ་སྐྲ་ལས་མང་ནི་ཞིག།
འདྲེ་གཡོན་ལག་པས ༢༠༡༦།༠༡།༢༢ ཞོགས་པར།
མགྲོན་བསུའི་གླུ་དབྱངས།
བྱམས་པ་དཀར་ར་དེ་ནི།།
ཤ་མདོག་དུང་ལྟར་དཀར་འདུག།
བོད་པའི་ཕོ་གསར་ཟེར་བ།།
དེ་འདྲ་ཡིན་རྒྱུ་ཨེ་རེད།།
བསམ་བྷ་སྐྲ་རིང་ཅན་དེས།།
སོ་མང་ལག་ནས་མི་བྲལ།།
མ་ཎི་བགྲེང་བའི་འཕྲེང་བ།།
ལག་ན་མེད་འདི་སྐྱོ་སོང་།།
ཚུལ་ཁྲིམས་རི་བོང་འབོད་པས།།
དབྱིན་སྐད་ཁྲོག་སྒྲ་ཅན་དེས།།
ཞི་མོ་འགུག་དགོས་ཟེར་གི།
ས་འདི་འཇར་མན་བཤད་ས།།
འདྲེ་གཡོན་པས། ༢༠༡༦།༠༡།༢༢ ལ།
ཕོ་གསར་འགྲན་སྡུར།
ང་ནི་ཕོ་གསར་འགྲན་རྒྱུར་མི་སྐྲག་མོད།།
འོན་ཀྱང་བགྲེས་བོ་རྒད་པོ་རྒྱལ་པོ་ངའི།།
ཁ་སྤུ་འབྲོག་མོའི་དབུ་སྐྲ་ནག་སྣུམ་ནང་།།
འོ་མའི་ཐིགས་པ་འགའ་རེ་ཟགས་ནས་འདུག།
ཅེས་བྲིས་བ་འདི་ནི་ཐེངས་ཤིག་ངའི་གྲོགས་འགའ་རྒྱལ་ཁབ་མི་འདྲ་བ་ཁག་ནས་ང་ལ་ཐུག་ཏུ་་ཡོང་རྒྱུ་ཡིན་ཞེས་སྐད་བརྡའ་བཏངས་བ་དང་མཉམ་དུ་སུ་ལ་ཕོ་གསར་གྱི་ཉམས་འདུག་མི་འདུག་ལ་འགྲན་སྡུར་བྱེད་ཀྱི་ཡིན་ཞེས་ཀྱང་བཤད་སོང་། དེའི་ལན་དུ་གོང་གི་ཤོ་ལོ་ཀ་དེ་བྲིས་ཡིན། འདྲེ་ལག་གཡོན་པ་ནས།
གྲོགས་དགའ་བོ་བླ་མ་ལགས་ལ་ཕུལ།
ང་ཡི་གྲོགས་གཅེས་དགའ་བོ་བླ་མ་ལགས།།
ས་སྒང་འདི་ལ་ནུབ་རྒྱུ་འགད་རྒྱུ་ཡོད།།
ཚེ་སྲོག་དེ་ནི་སྐྱོ་ཞོར་འཆི་ཞོར་བར།།
འཛམ་པོའི་གླིང་འདི་མི་རྟག་ཁྲོད་ན་འཁོར།།
ཁྱེད་ཀྱི་ཕ་ལོ་ཁྱེད་ལ་མཚོན་ན་གནམ།།
ཁྱེད་ཀྱི་ཨ་མ་ཁྱེད་ལ་ས་གཞི་ཆེན་མོ་ཉིད།།
གནམ་ས་གཉིས་ཀྱི་བར་ན་གྲོགས་དགའ་བོར།།
ད་ལྟའི་བར་དུ་ལུས་སེམས་བརྟེན་ས་ཤིག།
ལོ་གཅིག་འགྱངས་བའི་ན་ནིང་ད་མཚམས་ཤིག།
གྲོགས་ཁྱེད་ཕ་མའི་མདུན་དུ་འཛུམ་དམུལ་ཁྲོད།།
བྱམས་སེམས་བརྩེ་བའི་འབྲོག་ཞོ་དཀར་པོ་དེ།།
དགའ་བའི་རོལ་ཞིང་ཡིད་སེམས་སྤྲོ་བས་ཁེངས།།
དེ་ནི་གྲོགས་མཆོག་ཁྱེད་ཀྱི་བསོད་ནམས་ཤིག།
དེ་ནི་ཕ་མ་གཉིས་ཀྱིས་རེ་སྒུག་ཅིག།
ཡོད་ཚད་བསམ་དོན་བཞིན་དུ་འགྲུབ་ནས་སོང་།།
སྐབས་དེའི་གསུངས་བ་ཡོད་ཚད་ཁ་ཆེམས་ལགས།།
དེ་རིང་མི་ཚེ་གནམ་མཁའི་འཇའ་ཞེས་བཞིན།།
དྲིན་ཅན་ཨ་ཕ་ཨ་མ་ལྷ་ལས་ལྷ།།
རེ་ཞིག་འཇིག་རྟེན་འདི་ནས་ངལ་གསོ་བརྒྱབ།།
བདེ་བའི་ཞིང་ཁམས་ཕྱོགས་ལ་ཕེབས་ནས་བྱིན།།
ནམ་ཞིག་ཡང་བསྐྱར་ཁྱེད་དང་ངའི་གནས་སུ།།
ས་སྒང་འདི་ལ་གནས་སྤོར་བྱེད་པའམ།།
ཡང་ན་བདེ་བ་ཅན་གྱི་ཞིང་ཁམས་སུ།།
གཏན་སྡོད་ཡི་གེ་བསྣམས་ཤིང་བཞུགས་ཤས་ཆེ།།
དེས་ན་ང་ཡི་གྲོགས་མཆོག་དགའ་བོ་ལགས།།
འཇིག་རྟེན་འདི་ནི་ཐོབ་ཤོར་ཞིག་བསམས་ཏེ།།
སྙིང་ཉེའི་ཕ་མའི་འཚབ་དང་དྲིན་ལན་ཕྱིར།།
གཉིས་སྟོང་ཉེར་གཅིག་ལོ་དེའི་སྲིད་སྐྱོང་སོམས།།
ཞེས་གྲོགས་རྟ་མགྲིན་རྒྱལ་པོ་ནས་མ་ཎི་ཡིག་བརྒྱ་ཞིག་དང་མཉམ་དུ་གྲོགས་དགའ་བོ་བླ་མ་སྐྱབས་ལགས་ལ་གུས་བས་ཕུལ། ༢༠༡༦།༠༡།༢༢
གནམ་སྔོན་པོ་ཟེར་ཞོར་གླུ་ཞིག་ལེན།
དེ་རིང་ཨ་བྷ་བརྩེ་བའི་ཁྱིམ་འདི་ནས།།
འབྲོག་རྒན་འབྲོག་མོ་མཉམ་དུ་འཛོམས་བྱས་ཏེ།།
འབྲོག་རྟགས་ཡིད་ལ་འགྲོ་རྒྱུ་བསྟན་ནས་ཡོང་།།
གླུ་གཞས་སྣ་ཚོགས་དགོད་སྒྲའི་ཁྲོད་ནས་ཐོན།།
ཤ་ཚོན་རྡོག་བཙོས་བྱེད་པའི་འབྲོག་རྟགས་བསྟན།།
འབྲོག་པའི་འཐེན་ཐུག་ཁུ་མང་ཚྭ་མང་བསྐོལ།།
རྒུན་འབྲུམ་ཆང་དམར་ཆུ་བཞིན་འཐུང་ཞོར་དུ།།
འབྲོག་སྐད་གཡག་གི་ངུར་སྒྲ་ལྡིར་ལྡིར་བསྒྲགས།།
འབྲོག་པ་འཛོམས་སར་གླེན་བཤད་དྲང་མོ་མང་།།
འབྲོག་པ་འཛོམས་སར་ཟོས་རབ་འཐུང་རབ་བཤད།།
འབྲོག་པ་འཛོམས་སར་བརྒྱབ་ནི་བཀུག་ནི་གླེང་།།
འབྲོག་པ་འཛོམས་སར་འབྲོག་པའི་སྐྱིད་ཅིག་ཡོད།།
ང་ཨ་ཕ་བརྩེ་བའི་སེམས་མཐུན་གྲོགས་གཅེས་ཚོ།།
གླུ་ཐོལ་བྱུང་སྒྲར་སྦྱར་ནས་གཅིག་འཕྲོར་གཉིས།།
ངེད་དོ་དགོང་འཛོམས་པར་རྟེན་འབྲེལ་ཡང་ཡང་ཞུ།།
གནམ་སྔོན་པོ་ཟེར་ཞོར་གླུ་འདི་ཁྱེད་ཚོར་བླངས།།
ཇ་མ། ༢༠༡༦།༠༡།༢༣ ལ།
ཚོར་བ་ཞིག
སེམ་ཀྱི་མི་ཞིག་གྲགས་འགུལ་མ་ཡོད་པར
ཉིན་འགར་འགོར་ན་ཡིད་ཀྱི་ན་ཟུག་ཅིག
སྐད་ཀྱང་མ་གོ་འཕྲིན་ཀྱང་མ་འབྱོར་ན
གང་ཞིག་བརླག་པོའི་ཚོར་བ་ཡ་ཡུད་ཅིག
ང་རྒྱ་གར་རྒྱལ་ཁབ་ཆེན་མོ་འདི་ལ་དགའ
རྒྱ་གར་འདི་ཕྱི་གསལ་ནང་གསལ་ཞིག་ཡིན
ཞི་བདེ་ལྷག་འཇགས་ཀྱི་གནས་འདི་ན
བདག་གི་དར་མའི་ནང་ཚོ་ཡོད
རང་དབང་གི་མཁའ་དབྱིགས་དྭངས་མོ་ཡིན
ཕྱི་གོས་གསར་བ་མིན་རུང་ནང་གོས་གཙང་མ་ཡིན
འདི་ན་འདང་ཙམ་འགྲིག་ཙམ་གྱི་འཚོ་བ་ཞིག་ཡོད
དུས་རྐྱེན་གྱིས་བདག་གི་ཞུམ་པ་མེད་སེམས་སྤོབས་ཤིག
ཡལ་བ་མེད་པའི་སྤྲོ་སྣང་གིས་ཕུགས་བསམ་བསྐྲུན་ཡོད
ངས་འཛམ་གླིང་ལ་འདི་ནས་རྙེད་པ་ཡིན་ལ
རང་ཉིད་དེའི་བདག་པོའོ་གྲས་ཤིག་ཡིན་པའང་ཚོར་བྱུང
ང་ལ་རྒྱལ་མཚམས་མེད་པའི་སློབ་གསོ་ཞིག་ཐོབ་ཡོད
འདི་ན་སྐད་རིགས་དང་ཆོས་ལུགས་སྣ་འཛོམས་ཡོད་པས
དབྱེ་འབྱེད་དང་བཙན་གཉོམ་གྱི་ཁྲིམས་སྒྲིག་མེད
བདག་ཉིད་ཆེན་པོ་གྷན་རྡི་དང་ཁྲིམས་དཔོན་ཆེན་ཨམ་བྷེ་དཀར
སྙན་ངག་བྷ་རན་ན་ཐི་ཐེ་ཀོར་སོགས་སྐྱེས་ཆེན་བགྲངས་ཀྱིས་མི་ལངས
འདྲ་མཉམ་དང་མང་གཙོ་མེ་ཏོག་དུས་བཞི་ལ་བཞད་ཡོད
བྱ་ལ་ཁུ་ལོ་ནགས་ནས་འཕུར་དུས་ན།།
ཤིང་གསོན་དཀར་སྡོང་བོའི་མགོ་ནས།།
ནང་ལ་བྱ་བརྒྱའི་སེམས་སྡུག་ཅིག་གོ།
བྱེའུ་ལ་འཇོལ་མོ་སྡུག་ནས་ངུ་གི་ཡོད་ཁུ།།
བྱ་ལ་ཁུ་ལོ་ཕྱིར་འཁོར་ནས་ཀི་ཀོ་ཀི་ཀོ་གསུང་གིས།།
མ་ལ་ཁྱེད་ཚོ་གནས་ཡུལ་འགྲིམས་དུས་ན།
འདིའི་ལ་བདེ་ཆེན་རྩེ་རུའི་ནང་གི།
ནང་ན་ཟླ་སེམས་ན་རྨོངས་ཤིག་ཡོད།
རོགས་ལ་ཆུང་ལོའི་སེམས་ན་སྡུག་ཤིག་གོ།
མ་ལ་གན་ཚོ་ཕྱིར་འཁོར་ནས་མིག་མཆི་ཕྲེང་ཐག་ཆད་ཐ་གོ།
འབྲོག་སྐད་གཡག་གི་ངུར་སྒྲའི་དཔེ་བགྱིས་པ།།
སྐད་དེར་མཐོང་ཆུང་བྱས་རེད་ཅེས་བཤད་ན།།
ཁྱེད་རང་སེམས་ན་འབྲོག་པ་མེད་པའི་རྟགས།།
རྟ་ནོར་ལུག་གསུམ་དྲིན་དེ་བརྗེད་པའི་རྟགས།།
ང་ནི་འབྲོག་པ་ཡིན་པས་འབྲོག་སྐད་སྙན།།
འབྲོག་སྐད་གཡག་གི་ངུར་སྒྲའི་ཁྲོད་ན་སྙན།།
འབྲོག་སྐད་ལུག་གི་འབའ་སྒྲའི་མཐའ་ན་སྙན།།
རྟ་བོའི་འཚེར་སྐད་རྟ་རྒྱུག་ཐང་ན་སྙན།།
འབྲོག་པ་གཡག་གི་གཤིས་ཀར་གོམས་འདྲེས་ཅན།།
ཆབ་ཅིག་དེ་ཡི་གཤིས་ཀ་ཡོད་པ་གང་།།
ངུར་སྒྲ་འབའ་སྒྲ་འཚེར་སྐད་རྣ་བར་སྙན།།
འཕྲུལ་ཆས་འུར་སྒྲར་མཐོང་ཆེན་ཡོད་མ་ཡིན།།
ཇ་མ། ༢༠༡༦།༠༡།༢༤ ལ།
གཡག་དང་སེང་གེ
རྒྱ་མིས་གཡག་ལ་མཐོང་ཆུང་བཏངས།།
ཁྱེད་ཀྱིས་གཅིག་མཐུན་མཐོང་ཆུང་བྱེད།།
འོན་ཀྱང་ང་ནི་གཡག་དེར་དུང་།།
གཡག་དེས་སེང་གེའི་འཚབ་བྱེད་འདོད།།
ཅེས་ཇ་མ་ནས།མི་འགའ་རེ་ལ་མཐའ་མཇུག་གི་ལན་ཞིག ༢༠༡༦།༠༡།༢༤ ལ།
འབྲོག་སྐད་དང་འབྲོག་པར་མཐོང་ཆུང་བྱེད་མཁན་ཞིག་གི་ལན་དུ།
ད་ནི་ངས་ཁྱེད་ཤེས་ནས་སོང་།།
འབྲི་མོའི་ངུར་སྒྲར་མི་དགའ་ཤེས།།
ཀླད་མེད་ཚིག་ཚོགས་བེད་སྤྱད་ཅིང་།།
རང་གིས་རང་ཉིད་དམའ་དེ་ཤེས།།
ལུག་གི་འབའ་སྒྲ་གཡག་གི་ངུར་སྒྲ་སོགས།།
བོད་ལ་མཚོན་ན་སྙན་མོ་སྙན་མོ་ཞིག།
བོད་མིས་དེ་ལ་མཐོང་ཆུང་བྱེད་མི་སྲིད།།
འོན་ཀྱང་རྒྱ་དགའ་དག་གིས་རྫབ་ཆེན་མཐོང་།།
ཁྱེད་ཀྱིས་ཟོག་སྐད་བཤད་འདུག་ཅེས།།
རྒྱ་མིས་བོད་པར་ངན་སྨྲས་ཀྱང་།།
བོད་པས་དེ་ལྟར་རྗེས་འབྲང་སྟེ།།
དེ་བཞིན་སྨྲ་འདོད་གླེན་རྟགས་ཤིག།
དེས་ན་གྲོགས་ཁྱེད་རང་གིས་བསམ་བློ་ཐོངས།།
རྒྱ་མིའི་སྐད་ཆ་སྤྱད་དེ་བོད་དཀྲུགས་སམ།།
ཡང་ན་གནས་ལུགས་གང་ཡོད་དེར་བསམས་ཤིང་།།
བོད་རིགས་སྤུན་ཟླའི་ཁྲོད་དུ་བཞུགས་རྒྱུ་དགའ།།
སྤྱིར་ནི་ངེད་གཉིས་ཕན་ཚུན་རྒྱུས་མེད་ཅིག།
སོ་སོའི་ས་ནས་བསྡད་དེ་ཆོས་བསྒྲུབ་ལས།།
གཅིག་གིས་གཅིག་ལ་དམའ་འབེབ་དགོས་དོན་མེད།།
འོན་ཀྱང་ཤ་ཚའི་གཏམ་འགའ་ཤོར་ནས་སོང་།།
ཁྱེད་ཀྱིས་སྔོན་ཐོན་ཁྱད་འཕགས་མཐོང་བ་ཡི།།
འཕྲུལ་ཆས་སྣ་ཚོགས་འབྲོག་པའི་སྲོག་གཅོད་ཅིག།
ཁྱེད་ཀྱིས་དུད་འགྲོར་མཐོང་བའི་རྟ་ནོར་ལུག།
བོད་པའི་རིག་གཞུང་ཞིག་དང་སྲོག་ཤིང་ཞིག།
ཇ་མ། ༢༠༡༦།༠༡།༢༤ ལ།
ངས་ཁྱེད་རང་ཚ་བོ་བཟོ་དགོས།
སེམས་རྟེན་སྒྲོལ་མ་ལོ་ལོ།།
ཟླ་བ་གཉིད་དུ་ཡུར་སོང་།།
ཟླ་བ་འདྲ་བའི་སྙིང་སྡུག།
ཉལ་རན་དུས་ལ་བསླེབས་འདུག།
མ་ཉལ་སྔུན་ལ་ཁྲུས་ཤིག།
མེ་ཏོག་དྲི་ཅན་གཏོར་རོགས།།
ངས་ནི་བསྒུགས་ནས་བསྡས་ཡོད།།
ང་ནི་བྲེལ་འཚབ་ནང་ན།།
ཉལ་ས་ཚ་བོའི་ནང་དུ།།
ངེད་གཉིས་ཚ་བོ་ཚ་བོ།།
ངས་ཁྱེད་ཚ་བོ་བཟོ་དགོས།།
ངེད་གཉིས་ཚ་བ་འཕར་འཇུག
ཅེས་གྲོགས་བརྩེ་བའི་འཚབ་ཏུ་ཁོའི་སྙིང་སྡུག་མར་བྲིས་བ། འདྲེ་ལག་གཡོན་པས།
སྐད་འཕྲིན་ནང་ན་རྙོག་གཏམ་ཚ་འུར་འུར།
རྩེ་མཚར་བསམ་ཏེ་སྙན་ངག་འབྲི་དགོས་ཟེར།།
སྐྱིད་པོར་འདོད་དེ་སྙན་ངག་ཕྲིས་ཤིག་གསུངས།།
ངུ་རྒྱུ་དགོད་རྒྱུའི་སྙན་ངག་འབྲི་བ་ལས།།
འཇིག་རྟེན་འདི་ན་གཞན་ཞིག་འབྲི་རྒྱུ་གང་།།
སྙན་ངག་བྲིས་ནས་ཡོང་དུས།།
ཁོམ་སྐབས་མེད་སོང་བཤད་ཐལ།།
སང་ཉིན་བྲིས་ཡོང་ཟེར་རུང་།།
ང་ནི་ཡོད་མེད་སུས་ཤེས།།
དེ་རིང་མི་ཡི་ཚུལ་དུ་གསོན་ཡོད་མོད།།
འཆི་བ་མི་རྟག་ཡིན་པར་འདོད་པས་ན།།
སང་ཉིན་ཉི་མ་རྩེ་ཤར་དུས་དེ་ལ།།
ཁྱེད་དང་ང་གཉིས་ཡོད་མེད་སུས་བཤད་ཐུབ།།
དེ་རིང་གང་ཞིག་བསྒྲུབ་འདོད་དེ་རིང་སྒྲུབས།།
དེ་རིང་ཁྱེད་དང་ང་གཉིས་མྱི་ཡི་གྲས།།
དེ་རིང་མི་སྐད་བཤད་ཅིང་མི་དོན་སྒྲུབས།།
སང་ཉིན་འདྲེ་མིན་ཞེས་ནས་འཆད་པར་དཀའ།།
མི་ཚེ་འདི་ནི་ཐུང་ཐུང་ལྐོག་གྱུར་ཞིག།
དེ་རིང་དཀར་པོ་ཡིན་པ་འོ་མའི་མདོག།
སང་ཉིན་ནག་པོ་རེད་ཅེས་ནག་པོར་མཐོང་།།
དཀར་ནག་བར་གྱི་ཚེ་འདི་ལས་ངན་ཞིག།
ང་ནི་བསམ་མེད་བྱིས་པ་ཡིན་ན་འདོད།།
བྱིས་པའི་དུས་ཀྱི་རྙོག་མེད་སེམས་པ་དེ།།
དེང་གི་བགྲེས་བོ་ང་ཡི་སེམས་པ་འདིར།།
ཡོད་ཚད་བརྗེ་བོ་བརྒྱབ་ན་ཅི་མ་རུང་།།
སྐད་འཕྲིན་ནང་ན་རྙོག་གཏམ་ཚ་འུར་འུར།།
སྐད་འཕྲིན་ཕྱི་ན་མི་ཚེ་སྐྱོ་ལྷང་ལྷང་།།
འདི་འདྲ་བྱས་ནས་འཇིག་རྟེན་སྐྱོང་དགོས་ན།།
ང་ལ་མཚོན་ན་ཁག་པོ་ཁག་པོ་ཞིག།
འདྲེ་ལག་གཡོན་པ། ༢༠༡༦།༠༡།༢༥ ལ་ཡུལ་གྱར་ཚང་གི་ནང་དུ།
འོས་ཤོག
རྩ་དོན་ཡིན་པ་ངས་ཤེས་ཡོད།།
རྩ་ཆེན་ཡིན་པ་ངས་ཀྱང་ཤེས།།
འོན་ཀྱང་མཛད་རྗེས་གཤིས་ཀ་སོགས།།
ཞ་རས་མི་མཐོང་བསམ་ན་སྐྱོ།།
བསམ་བློ་ཞིབ་ཚགས་བར་ནས།།
སྲིད་སྐྱོང་བྱོན་ན་བསམ་པའི།།
ཀུན་སློང་ཁྱེད་ཡོད་ངའང་ཡོད།།
ཞ་རར་ཞ་རའི་ཀུན་སློང་།།
གང་དེ་འདོད་པ་དེ་ལ་འཕེན།།
མི་འདོད་པ་ལ་འོས་མི་བླུགས།།
ཡིན་ཡང་ཞ་ར་ཡིན་པ་གང་།།
འདི་འདོད་དེ་འདོད་དབྱེ་བ་མེད།།
མནོ་བསམས་དགོས་བ་ངས་ཤེས་ཡོད།།
བོད་དོན་ཡིན་པ་ཀུན་གྱིས་ཤེས།།
འོན་ཀྱང་ཞ་རའི་འོས་ཤོག་དེ།།
སུ་ལ་འཕངས་ཀྱང་དོན་གྱིས་སྟོང་།།
རང་ཚུགས་ཁྱེད་ཡོད་ངའང་ཡོད།།
ཆོལ་ཁའི་ཕྱོགས་ལྷུང་བར་ན།།
རང་ཚུགས་སྡོང་བོ་འདྲ་བོར།།
གནམ་ལྕགས་ཐོག་གིས་བརྒྱབ་འདྲ།།
ཞེས་ཇ་མ་ནས།མིག་བཀབ་པའི་མི་ཞིག་གིས་འོས་ཤོག་འཕེན་གྱི་ཡོད་པའི་འདྲ་པར་ཞིག་མཐོང་རྗེས་རྩེ་མཚར་དུ་ཚིགས་བཅད་འདི་དག་བྲིས་ཡིན། ༢༠༡༦།༠༡།༢༦ ལ།
འབྲོག་ཇ། ཇ་རྒོད། རྒྱ་ཇ།
58 ཇ་ཁང་ནང་གི་ཆོས་རྗེ་ཚང་དང་ཇ་མ་གཉིས་ནས།
ཇ་མས།
ཇ་ཁང་འདིའི་ནང་ཆུ་རྒོད་འཐུང་།།
ཇ་རྒོད་ལྡུག་མཁན་མེད་པའི་རྐྱེན།།
ང་ཡི་ངག་ནི་ལྐུག་ནས་སོང་།།
རེ་ཞིག་ངག་ལྷར་སྒོམ་དུ་བྱིན།།
ཇ་མ་ང་རང་ཡིན་པ་བདེན་མོད་ཀྱང་།།
རང་གིས་རང་ལ་ཇ་རྒོད་སྐོལ་མི་འདོད།།
བགྲེས་བོ་ཚང་ལ་ཇ་རྒོད་སྨན་ཞེས་ལྟར།།
མཛེས་མས་ཇ་རྒོད་བསྐོལ་ན་སྨན་ལས་ལྷག།
ཆོས་རྗེ་ཚང་།
ཇ་རྒོད་འཐུང་ན་མཇེ་རྒོད་ལངས་རབས་ཡོད།།
མཇེ་རྒོད་ལངས་ན་ནག་རྒོད་མེད་ན་དཀའ།།
ལྟོ་ལ་འཕྲོད་ཅིང་ངལ་དུབ་སེལ་བ་ཡི།།
དཀར་གཙང་ཆུ་དང་བདུད་རྩི་ཆང་འདི་བཟང་།།
ཇ་མས།
དེ་རིང་གློ་བུར་ཇ་རྒོད་དྲན་ནས་ཡོང་།།
རྒན་མོ་རྒྱ་མོ་ཡིན་པས་ལྡུམ་ཇ་ལས།།
འབྲོག་པའི་ཇ་རྒོད་སྐོལ་རྒྱར་ཆ་རྒྱུས་མེད།།
ཀྱེ་ཧུད་ཇ་མའི་མཇེ་རྒོད་ལངས་ན་འདོད།།
ཆོས་རྗེ་ཚང་།
རྒྱ་ཇ་ལོ་མ་ཁ་དོག་མཛེས་པ་དང་།།
རྒྱ་མོ་བཞིན་དུ་ཁ་ལ་འཇམ་ན་ཡང་།།
རྒྱ་རིགས་མིན་ན་འབྲོག་པ་རྒད་པོ་ལ།།
རྒྱ་ཇ་འདི་ཡིས་ཇ་གོབ་མི་ཆོད་ཡ།།
ཇ་མས།
མེ་ཏོག་ལྡུམ་ཇའི་ཁྲོད་ན་ཞིམ་དྲི་ཞིག།
འབྲོག་མོའི་ཇ་རྒོད་ནང་ན་ངར་ཤུགས་ཟིག།
ལོ་ན་གཞོན་དུས་རྒྱ་ཇར་འཐུང་རྒྱུར་སྤྲོ།།
བགྲེས་བོའི་དུས་སུ་འབྲོག་ཇའི་ཡན་ཞིག་མེད།།
ཆོས་རྗེ་ཚང་།
ཇ་ལ་རྒྱ་ཇ་ལྷོ་ཇ་ཤར་ཇ་སོགས།།
ཇ་རིགས་སྣ་ཚོགས་མང་དུ་མཆིས་ན་ཡང་།།
ཇ་ཡི་ཡང་རྩེ་འབྲོག་ཇ་མར་ཁུ་མ།།
ཇ་མ་སྨུག་ལོག་མ་དེས་ལག་ན་ཡོད།།
ལུས་ཀྱི་ངལ་དུབ་སེལ་ཞིང་དྲོད་རྒྱས་ལ།།
སྟོབས་བསྐྱད་རྩ་ཡི་དབང་པོ་གཉིད་ནས་སློང་།།
བདེ་ཆེན་ཞིང་གི་ལམ་གྲོགས་འདི་ཡིས་མཛད།།
འབྲོག་ཇ་འདི་བཞིན་ཇ་ཡི་རྒྱལ་པོ་ཡིན།།
མར་ཁུ་མ་དེ་ཁ་ལ་ཞིམ་ཟིག་ཡོད།།
མར་ཁུ་མ་དེ་མིད་པར་འཇམ་ཞིག་ཡོད།།
མར་ཁུ་མ་དེ་ཁོག་ལ་བདེ་ཞིག་ཡོད།།
མར་ཁུ་མ་འདི་ངོ་མ་ཇ་རྒྱལ་ཡིན།།
ཇ་མས།
རྒྱ་མོ་ཡིན་པས་ཇ་རྒོད་གསང་བ་དེ།།
འབྲོག་མོ་བཞིན་དུ་སེམས་ཀྱིས་མི་ཚོར་བས།།
རྒད་པོར་ཇ་རྒོད་དགོས་བ་ཤེས་ཀྱི་མེད།།
ཇ་རྒོད་དགོས་ཞེས་རྒད་པོས་བཤད་ཀི་མེད།།
ཇ་ཡི་ཞིམ་ངར་བཤད་ན་རྒྱ་ཇ་ཞིམ།།
ཇ་ཡི་ཡག་བཙོག་བཤད་ན་རྒྱ་ཇ་ཡག།
རྒྱ་སེ་མེ་ཏོག་རྒྱ་ཇའི་ཁ་ན་བཞད།།
འཐུང་ཐེངས་རེ་ལ་དེ་ཡིས་མཆུ་ཡིས་སྦྱར།།
ཆོས་རྗེ་ཚང་།
ཨ་མདོའི་ཡུལ་ནས་ཡོང་བའི་འབྲོག་རྒན་གཉིས།།
འབྲོག་ཇ་ཁ་ལ་མ་རེག་ལོ་མང་འགོར།།
འབྲོག་མོས་བསྐོལ་བའི་འབྲོག་ཇ་འཐུང་ན་འདོད།
ཡིན་ཡང་ལས་ངན་ཁྱོད་དང་ངེད་གཉིས་ལ།།
འབྲོག་ཇ་མར་ཁུ་མ་ཞིག་འཐུང་རྒྱུ་ཡི།།
ལས་དང་སྐལ་བ་ཚེ་འདིར་མ་ཡོད་ཟིག།།
དབུས་ཀྱི་མངར་ཇ་དགོས་ན་འདི་རུ་ཤོག།།
རྒྱ་ཡི་སྔོ་ཇ་དགོས་ན་དེ་རུ་ཡོང་།།
དེ་ལས་ལྷག་པའི་འབྲོག་ཇ་མར་ཁུ་མ།།
རྨི་ལམ་དུང་ཞེན་ཁྲོད་ནས་འཐུང་རྒྱུ་བྱེད།།
འུ་རེ་གྲོགས་གཅེས་རྒད་པོ་སྨྲ་ར་ཅན།།
ཇ་མས།
དབུས་ཕྱོགས་མངར་ཇའི་མཛོད་ནི་གྲོགས་ཁྱེད་ཡིན།།
རྒྱ་ཇ་མེ་ཏོག་མ་དེ་ང་ལ་མང་།།
ངེད་གཉིས་ཁོམ་སྐབས་ཡོད་པའི་ཉིན་རེ་ལ།།
མངར་ཇ་རྒྱ་ཇའི་ནང་དུ་བསྐྱལ་ན་ཆོག།
ཞོར་དུ་བདག་མོ་གཉིས་དེ་བརྗེ་རེས་བྱེད།།
མངར་རྒྱའི་དྲི་མ་ང་ལ་ཁམས་ཐག་ཆོད།།
རྒྱ་ཇ་མེ་ཏོག་དྲི་ཅན་ཁྱེད་ཀྱིས་སྤྱད།།
རྗེས་སུ་ལྷར་ཡང་སོ་སོའི་ཕྱོགས་ལ་འགྲོ།།
ཆོས་རྗེ་ཚང་།
སྤྱར་ན་ང་ཡང་ཇ་ལ་དགའ།།
ཇ་ཡི་བསྟན་བཅོས་འདྲ་མིན་བཀླགས།།
ཇ་བཤད་གསེར་གྱི་ལོ་མ་དང་།།
ཇ་རྒྱས་དབང་པོ་ཀུན་སེལ་སོགས།།
མིག་གི་ལམ་དུ་གྱུར་མྱོང་ཡོད།།
ཇ་ལམ་རྙེག་པའི་ཇ་རྩོམ་ཡག་པོ་ཞིག།།
ལོ་རྒྱུས་སྨྲ་བ་རལ་བ་ཅན་དེས་བྲིས།།
འོན་ཀྱང་དེ་རུ་ཇ་ཡི་ཚོང་ལམ་ལས།།
ཇ་ཡི་ཡོན་ཏན་དེ་ཙམ་བྲིས་མེད་ཀི།།
རྒྱ་ཇ་ལོ་མ་འཐུང་ན་ཆོག་གི་ར།།
འོ་དྲི་འཐུལ་བའི་མངར་ཇ་ཞིམ་པོ་དེ།།
གྲོགས་ཁྱོའི་ཁ་དང་ལུས་ལ་འུ་འཕྲོད་རྡ།།
གྲགས་རྒྱུས་ཟེར་ན་ང་ལ་ཡ་མི་མེད།།
ཇ་མས།
ང་ནི་འབྲོག་ཇར་དགའ་བ་ཕྱེད་ཀ་བདེན།།
ཕྱེད་ཀ་དེ་ནི་སྐོལ་མཁན་འབྲོག་མོར་དགའ།།
གང་ལྟར་ཇ་རྒོད་འཐུང་རྒྱར་མ་དགའ་ཚེ།།
མཚན་མོའི་གསང་བའི་ལས་ཀར་ཞུགས་རྒྱུ་དཀའ།།
རྒན་མོའི་འགྲམ་ནས་ལས་མེད་ཆགས་སོང་ན།།
འཇིག་རྟེན་འདི་ནས་མི་འདུག་འགྲོ་རྒྱུ་ཡིན།།
སྨྱོར་བར་མི་ལུས་གཞན་ཞིག་ཐོབ་བྱས་ཏེ།།
གཞོན་ནུའི་ཚུལ་དུ་འབྲོག་མོ་འཚོལ་དུ་ཡོང་།།
ཆོས་རྗེ་ཚང་།
ང་ནི་འབྲོག་ཇ་མར་ཁུ་འཐུང་ལ་དགའ།།
དྭངས་གཙང་སླད་མེད་འབྲོག་མོར་དེ་ལས་དགའ།།
ད་དུང་ཅུང་ཙམ་བཙན་གྱིས་བྱེད་དགོས་ན།།
དེ་ལས་ལྷག་པའི་དགའ་བ་ང་ལ་མེད།།
འདི་ནི་འབྲོག་པ་རྒད་པོའི་གཤིས་ཀ་རེད།།
༢༠༡༦།༠༡།༢༦ ལ།
ཟླ་བའི་ལྷ་མོ་དང་འདྲེ་ལག་གཡོན་པ།
ཟླ་བའི་ལྷ་མོ་ནས།
དྲིན་ཆེན་ཕ་མའི་ཞལ་རས།།
སྒོམ་ཡང་གསལ་ལ་མི་གསལ།།
འདང་ཅན་བྱམས་པའི་ཞལ་རས།།
མ་སྒོམ་ཡིད་ལ་གསལ་ལེར།།
ལོ་ཆུང་དུས་སུ་ཟླ་བའི་དཀྱིལ་འཁོར་ཨ་མའི་ཞལ་རས་འདོད།།
གཞོན་པའི་དུས་ལ་བྱམས་པའི་ཞལ་རས་ཟླ་བའི་ནང་དུ་མཐོང་།།
རྒན་པའི་དུས་དེར་མིག་གི་དབང་བོ་ཉམས་པའི་ལོང་བ་ཞིག།
འཆི་བའི་དུས་སྐབས་ཡོད་ཚད་བརླགས་པའི་སྤྲང་པོ་གཅེར་བུ་ཞིག།
འདྲེ་ལག་གཡོན་པ་ནས།
གསར་ལུ་རྒྱལ་ཚང་གི་ཚིགས་བཅད་ཉེར་གཉིས་པ།
ཨཱརྱ། གཡག་རྒོད། བཙན་རྒོད། མིང་དེ་འཚོལ།
ཨཱརྱ་ནས།
གང་ལྟར་བདེན་པའི་དོན་ལ་རེ་བ་ཡི།།
སྨྲ་བརྗོད་རང་དབང་མི་བུ་ཀུན་ལ་ཡོད།།
རང་སྐྱོན་མ་ཤེས་གཞན་སྐྱོན་འདྲི་བ་མང་།།
རང་སྐྱོན་ཤེས་ན་གཞན་སྐྱོན་འདྲི་བ་ཉུང་།།
གཡག་རྒོད་ཀྱིས།
མི་ཤེས་ཤེས་མདོག་བྱེད་མཁན་ཇེ་མང་དང་།།
མ་ཡོད་ཡོད་མདོག་བྱེད་མཁན་དེ་བཞིན་དེ།།
གང་བཤད་རྣམས་ལ་འགན་དང་གནས་ལུགས་ཤིག།
མཉམ་དུ་བཤད་མཁན་ཉིན་མོའི་སྐར་མའི་ཟླ།།
གཞན་ལ་དགག་ན་འདི་དང་གན་ཞེས་ནས།།
ཟབ་མོའི་འགྲེལ་བཤད་གནས་ལུགས་དང་ལྡན་ན།།
མི་གཟུགས་དུད་འགྲོ་འདུ་ཤེས་ཅན་མིན་པས།།
དོན་གྱི་སྙིང་བོ་མི་རྟོགས་ག་ལ་སྲིད།།
ཨཱརྱ་ནས།
དགེ་ཆོས་སྨྱོན་པའི་རང་གཤིས་ཀུན་ལ་གྲགས།།
རང་གཤིས་དེ་ནི་ཨ་མདོའི་མི་ལ་མངའ།།
རང་རང་གཤིས་སུ་གྲུབ་པའི་མི་གཤིས་དེས།།
སྐབས་རེར་མི་བུ་རང་ཉིད་ཉེན་ཁར་གཏད།།
གཡག་རྒོད་ཀྱིས།
ལོག་བཤད་ཉོག་བཤད་ཚིག་རྩུབ་སྣ་མང་ཅན།།
གཏམ་བཤད་རྣམས་ལ་ཉན་ན་ཡིད་འདི་སྐྱོ།།
གང་བཤད་དག་གིས་རང་གཤིས་གསོན་པོ་ལས།།
ཞིབ་ཏུ་བརྟག་ན་གཞན་ཞིག་གང་ཡང་མེད།།
ཨཱརྱ་ནས།
ཁ་ཡག་ངོ་བསྟོད་བཤད་ན་མི་དགའ་ཡང་།།
ཚིག་རྩུབ་ཚོད་མེད་སྨྲ་ན་སུ་ཞིག་སྤྲོ།།
མི་ཚེ་ཐུང་ཐུང་འདི་ནི་རྨི་ལམ་འདྲ།།
རྨི་ལམ་དེ་ཉིད་བདེ་སྐྱིད་ངང་ནས་འཚོ།།
གཡག་རྒོད་ཀྱིས།
རང་གཤིས་བཟང་ངན་འགྲོ་འདུག་སྤྱོད་གསུམ་ནི།།
རི་མོ་ཇི་བཞིན་མངོན་པའི་མི་ཚེ་འདི།།
རང་རང་ཕྱོགས་སུ་རང་ལ་ཁྱད་ཆོས་ཤིག།
ཡོད་རུང་གཞན་ལ་བསྡུར་ན་ཕྱི་ནས་ཤེས།།
གཏམ་བཟང་བཤད་ན་གཞན་སེམས་དགའ་ན་ནི།།
དགའ་བ་དག་ནི་དགེ་བ་ཡང་དག་ཉིད།།
དགེ་བ་འཇིག་རྟེན་ཞོར་ར་བསྒྲུབ་ནུས་ན།།
ངོ་དགའ་བཤད་ན་སྡིག་པ་ཅི་ཞིག་ཡོད།།
ཨཱརྱ་ནས།
ཞིམ་མངར་ཟས་ཀྱི་མགྲོན་ཁ་སྣ་ཚོགས་བཤམས།།
མི་ཡི་བརྩེ་འདང་རྒྱང་ཐག་རིང་ཡང་རྟོགས།།
བཅོས་མིན་སྙིང་གཏམ་ཅི་རིགས་བཤད་ཀྱང་རུང་།།
སེམས་ཀྱི་རྩ་བ་གཅིག་ཏུ་བསྒྲིལ་ནས་ཡོད།།
བཙན་རྒོད་ཀྱིས།
རང་དང་མ་མཐུན་གཏམ་ན་སྙན་རྒྱུ་གང་།།
ཅེས་ཀྱང་ཀུན་ལ་བརྩི་བཀུར་ཧ་ཅང་གལ།།
མ་རྟོགས་རྨོངས་བའི་ཁྲོད་ན་འདར་སིག་སིིག།།
མ་འདུག་གྲོགས་གཅེས་ཁྱོད་ཚོར་མན་ངག་ཡིན།།
གཡག་རྒོད་ཀྱིས།
སྣ་མང་ཟས་ཀྱི་གཟུགས་བརྙན་མཐོང་བའི་སྐབས།།
ཡིད་ལ་ཟ་བའི་འདོད་པ་རབ་ཏུ་སྐྱེས།།
གང་ཞིག་མཐོང་བ་མིག་གིས་སྤྱོད་ཡུལ་ལས།།
ལོངས་སུ་སྤྱོད་རྒྱུ་མེད་པས་ཡིད་འདི་སྐྱོ།།
མིང་དེ་འཚོལ་གྱིས།
ངོ་དགའ་ལས་བྱུང་སྡུག་པ་མཐོང་བར་དཀའ།།
ངོ་དགའི་ཚིག་གིས་བསུས་ཚེ་འཛུམ་དམུལ་མཐོང་།།
འོན་ཀྱང་སྡུག་གྲུབ་ཞེས་བ་མི་ཚོར་སའི།།
བདེན་པར་གྲུབ་པའི་བྱ་སྤྱད་དེ་ལས་འབྱུང་།།
སེམས་དེ་གཙོ་བོར་འཛིན་ཐུབ་ན།།
འཇིག་རྟེན་འདི་ན་ཡོད་དོ་ཅོག།།
སེམས་ཤེས་གཏད་དེ་ལོངས་སྤྱོད་ཆོག།
ཁ་ཡིས་བརྔུབས་རྗེས་སྐྱག་པའི་རྒྱུ།།
གཡག་རྒོད་ཀྱིས།
སེམས་ཉིད་མིག་བཞིན་སྲུང་བའི་རྣལ་འབྱོར་བ།།
གཟུགས་ཀྱི་ཕྲ་ཕུང་འཚོལ་བའི་ཚན་རིག་པ།།
ཕྱོགས་གཉིས་གཅིག་ཏུ་བསྡུས་པའི་བློ་ལྡན་ཞིག།
ཡོད་ན་འཛམ་གླིང་འདི་ན་རྒྱལ་བར་འགྱུར།།
སེམས་གཙོ་སྨྲ་བ་ཕམ་པའི་ལོ་རྒྱུས་མང་།།
དངོས་གཙོ་ཤོར་བ་མིག་གི་མདུན་ན་མཆིས།།
ཟུང་འབྲེལ་དགོས་པའི་གནད་ཀྱི་དམ་པ་འདི།།
གླེང་མཁན་དུས་རབས་འདིའི་ནང་ཉུང་ཉུང་མིན།།
ཞེས་བ་འདིའང་གསར་ལུ་རྒྱལ་ཚང་ནས་བྱུང་ཚིགས་བཅད་འགའ་སྟེ། ཁ་བརྡའ་བྱེད་སྐབས་ངག་མ་འབྱོན་པར་ཡིག་ཐོག་ནས་ཕན་ཚུན་བར་དུ་བརྡ་སྤྲད་བྱས་བ་ནི་འདི་ལྟར་རོ། ༢༠༡༦།༠༡།༢༧
འཇིག་རྟེན་འཁོར་བ།
གངས་ལྷ་མེ་ཏོག་དང་ཇ་མ།
ཇ་མས།
འཇིག་རྟེན་འཁོར་བ་ཟེར་བ།།
ཆོབ་སྒྲ་ཀོབ་སྒྲའི་བར་ནས།།
ཞ་རས་གོམ་པ་སྤོ་བཞིན།།
ཡར་མཆོང་མར་མཆོང་བྱེད་སྲིད།།
དེ་རིང་འདི་ན་འགྲིག་མེད།།
སང་ཉིན་གན་ན་འགྲིག་མེད།།
རེ་རེ་རེ་རེའི་ས་ན།།
གནས་ལུགས་རྒྱུ་མཚན་འདྲེན་རྒྱུ།།
འདི་ཡིན་འདི་མིན་ཞེས་ནས།།
ཁ་རྩོད་རླུང་དམར་གཡུག་གཡུག།
གཅིག་འདུག་གཅིག་འགྲོ་ཟེར་སྲིད།།
ཡིན་ཡང་བསམ་བློ་རེ་ཐོངས།།
ཁྱིམ་ཚང་དེ་ཡི་ནང་དུ།།
བགྲེས་བོ་སུ་ཞིག་ཡིན་པར།།
དེ་ལ་དགེ་ཁ་སྟེར་རོགས།།
དེ་ཡི་འདོད་ལོ་སྒྲུབས་རོགས།།
གནས་ལུགས་རྒྱུ་མཚན་དཔྱད་ན།།
བགྲེས་བོར་བགྲེས་བའི་གནས་ལུགས།།
གཞོན་པར་གཞོན་པའི་རྒྱུ་མཚན།།
བདེན་པར་འཛིན་རྒྱུ་དཀའ་མོ།།
བཟའ་ཚང་བར་ལ་བཤད་ན།།
གནས་ལུགས་ཆེན་པོ་མི་དགོས།།
རྒྱུ་མཚན་དྭགས་མ་མི་དགོས།།
བཟའ་མཐུན་ཡོང་བ་གཙོ་ཡིན།།
གངས་ལྷ་མེ་ཏོག་གིས།
རེས་དགའ་རེས་སྡུག་ཞེས་པ།།
སེམས་ལ་འཆར་ཚུལ་ཞིག་རེད།།
མྱོང་ན་སྙིང་བོ་མེད་པ།།
འཇིག་རྟེན་འཁོར་བའི་ཆོས་ཉིད།།
མིག་ཡས་ཞ་ར་རྣ་ཡས་འོན་པ་ཡི།།
ངང་ཚུལ་བཟུང་ན་རང་ལ་སྐྱིད་ཅིག་ཡོད།།
གང་ལྟར་འཇིག་རྟེན་མི་ཡི་ཡུལ་ཁམས་ན།།
དུས་དང་རྣམ་པ་ཀུན་དུ་རྩོད་རྙོག་རེ།།
འོན་ཀྱང་འུ་ཁྱིམ་ཚང་གི་ཆོབ་སྒྲ་དེ།།
རེ་ཞིག་བཞག་ནས་ཟས་ལ་རོལ་གྱིན་ཡོད།།
ཚང་མའི་ཞལ་ན་མ་བཅོས་འཛུམ་མདངས་བཞད།།
དགའ་བའི་ཉམས་ཀྱིས་ཟས་ལ་རོལ་ཚུལ་ཡག།
༢༠༡༦།༠༡།༢༧ ལ། ཆོབ་སྒྲ་ཀོབ་སྒྲ་རེ་ཐོས་རྒྱ་འདུག་ཅེས་གོ་རྗེས། རང་ཉིད་ལ་ཐོན་པའི་ཚོར་བ་འགའ་ཚིགས་བཅད་དུ་བྲིས་བ་ཡིན་ལ། ཞོར་དུའང་གངས་ལྷ་མེ་ཏོག་གིས་ཀྱང་བསམ་ཚུལ་འགའ་རེ་ཚིགས་བཅད་ནང་བྲིས་སོང་།
ཨ་བདེ་ལགས་ལ་ཞུས་བའི་རེ་བ་ཞིག
འདི་ན་རྒོད་པོ་གྱོང་བོ་མང་དྲག་པས།།
གཤིས་འཇམ་ཞི་བའི་སེམས་ལྡན་ཨ་བདེ་ལགས།།
ཁྱེད་ཀྱིས་ངག་གི་འོ་མ་འཇམ་ཞིང་དཀར།།
སྙན་ངག་རྒྱ་མཚོར་བསྲེས་ཏེ་རླབས་ཀྱིས་རློན།།
(སྙན་ངག་འབྲི་མཁན་མ་སོག་མོ་ཨ་བདེ་ལགས་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་གདན་འདྲེན་ཞུ་ཆེད་བྲིས་བ་ཞིག) གསར་སྐྱེས་ནས།
སྨྲ་བརྗོད་རང་དབང་མེད་ཀྱང་ཡོད་ཅེས་དང་།།
གསར་ལུ་རྒྱལ་ཚང་གི་གཏམ། གནའ་མྱི་དང་མིང་དེ་འཚོལ།
མིང་དེ་འཚོལ་ནས།
གནས་ལུགས་ཐོས་ན་ངོ་ཚ་ཡོང་ཞེས་སྨྲ།།
འདི་དག་དཔྱད་པའི་ཡུལ་དུ་བཞག་པའི་ཚེ།།
དམར་པོ་ཚང་གི་དམར་ཐིགས་བསྲེས་བ་རྟོགས།།
ལྷ་ཆོས་མི་ཆོས་ཞེས་བའི་ལུགས་སྲོལ་ཞིག།
སོ་སོའི་ཐད་ན་སོ་སོས་ཚན་མར་འཛིན།།
འོན་ཀྱང་བོད་པ་ཚང་ལ་ལྷ་ལས་མི།།
མང་བོ་ཡོད་པས་མི་ཆོས་གཙོ་བྱས་སྒྲུབས།།
ལྷ་ཆོས་མི་ཆོས་གཉིས་ལས་གང་ཡིན་ཡང་།།
གཅིག་གིས་གཅིག་དེ་གྲོགས་ལ་བརྟེན་བྱས་ཏེ།།
རྙོག་འཛིང་འཇིག་རྟེན་འདི་ལ་གང་ཕན་པར།།
སེམས་པ་མཉམ་དུ་འབྲེལ་ཏེ་འབད་པར་གཙོ།།
གནའ་མྱི་ནས།
གནས་ལུགས་འཆད་ན་དམར་པོའི་སོ་བ་ཟེར།།
ཆབ་སྲིད་གླེང་ན་ཆོས་ཁྲིམས་དམ་པོས་བཅིངས།།
བོད་པ་བཅིངས་གྲོལ་ཟེར་ན་ཁ་ཙམ་ལས།།
དོན་གྱིས་འཆིང་རྒྱུ་ཞིག་ནས་ཐར་སྲོལ་མེད།།
བདེན་པས་སྐྱོན་ལ་རེག་ན་དུག་སྤྲལ་བཞིན།།
འཚེ་བའི་ལྕེ་གཉིས་ཕྱི་རུ་འདོན་པ་ལས།།
དོན་གྱིས་དམངས་དོན་མི་བསམ་ཁ་ཕོ་ཆེ།།
དེང་དུས་དཔོན་པོའི་འཚང་འདི་ཨ་ཙ་མ།།
མིང་དེ་འཚོལ་ནས།
ཕྱི་སྡོད་བོད་མིས་དེ་དག་འཇོན་མེད་ཅེས།།
ནང་གི་བོ་མིས་དེ་དག་ནོར་སོང་ཞེས།།
ཕན་ཚུན་རྩོད་གླེང་བར་ནས་སེམས་གཙང་མ།།
འདི་ཡིན་དེ་ཡིན་མེད་པའི་ལམ་ལ་བཅུགས།།
གནའ་མྱི་ནས།
གཅིག་གིས་བཤད་ན་ངའི་འདི་བདེན་ལུགས་དང་།།
གཞན་དེས་གླེང་ན་ཁོ་བོར་གནས་ལུགས་ཡོད།།
རང་སྣང་རང་མཐོང་རི་ལས་མཐོ་ཡི།།
དེང་རབས་བོད་པའི་མཁས་མང་ཕྲག་དོག་ཆེ།།
མིང་དེ་འཚོལ་ནས།
གཅིག་གིས་བླ་རྒན་གྲྭ་རྒན་ཁ་ལ་བཏགས།།
གཅིག་དེས་སྐྱག་ཟན་སྐྱལ་སྟོང་ལྕེ་ལ་སྦྱར།།
གཅིག་གིས་གཅིག་ལ་གང་འདོད་གང་ཤར་བརྗོད།།
ཉན་མཁན་རྣ་བར་བ་ལང་ངུར་སྒྲ་ཞིག།
གནའ་མྱི་ནས།
རང་དབང་ཟེར་ན་རང་གི་འདོད་པ་བཞིན།།
གང་བཤད་ཅི་ལས་བསམ་བསམ་སྒྲབ་ན་ཆོག།
མ་རེད་ཟེར་ནི་ཡོད་ན་ཁུ་ཚུར་ངོམས།།
དེ་ལས་ཡན་ཞིག་བཤད་ན་གྲི་མགོའི་ཟུང་།།
དམིགས་བསལ་བོད་པའི་རང་དབང་དེ་འདྲའོ།
༢༠༡༦།༠༡།༢༧ ལ།
མི་ཚེ།
མི་ཚེ་ཐུང་ཐུང་ཡིན་པ་བདེན་ཞིང་གསལ།།
འོན་ཀྱང་དེ་ལས་ཇེ་ཐུང་བྱེད་པའི་རྒྱུ།།
ཆང་དང་ཐ་མག་་ཡིན་པ་ཤེས་འཇུག་ན།།
ཐུང་ཐུང་ཡིན་ཡང་ཇེ་རིང་གཏོང་བའི་ཐབས།།
སྲིད་ཀྱི་བྲོ་བ།
སྲིད་ལ་བྲོ་བ་ཚིག་དྲི་ཞིག།
དེ་ཡི་ཞོར་དུ་ཁྲག་དྲི་ཞིག།
བྲོ་བ་འདི་གཉིས་སྲིད་ལ་ལྡན།།
ང་ནི་དེ་ལ་འཇིགས་ཤིང་སུན།།
ཚིག་དྲིའི་ཁྲོད་ནས་ཕུག་རོན་འཕུར་ཞེས་སྐད།།
ཁྲག་དྲིའི་ནང་དུ་རྣམ་ཤེས་འཁྱམ་འདུག་ཟེར།།
འདི་དག་བོད་པ་ཚང་གི་སྲིད་ལ་གོ།།
ང་ལ་མཚོན་ན་འཇིགས་པོ་འཇིགས་པོ་ཞིག།
སྲིད་དང་སྲིད་སྐྱོང་ཟེར་བ་ཀུན་གྱིས་གླེང་།།
སོ་སོ་ཕྱོགས་སའི་མི་དེ་ལྷ་རུ་འདོད།།
བསྟོད་བསྔགས་གང་འདྲ་ཐུབ་ན་དེ་འདྲ་འཐེན།།
མི་ཕྱོགས་ཡུལ་དེ་འདྲེ་དང་བདུད་དུ་མཐོང་།།
ཇ་མས་༢༠༡༦།༠༡།༢༨་ལ།
གྲོགས་བདུད་བྷེ་ལགས་ལ་འབུལ།
གངས་ལྗོངས་ཁུ་བྱུག་རེད་ཅེས་ཁྱེད་ཉིད་གྲགས།།
བདུད་བྷེའི་རྡུང་ལེན་ཞེས་ནས་ཁྱེད་རང་གྲགས།།
གྲོགས་ཁྱེད་གནམ་ས་གཉིས་ཀྱི་བར་ན་གྲགས།།
ཞོར་དུ་རྨ་ཆུ་ཚང་ཀྱང་གྲགས་སུ་བཅུག།
བོད་དེ་དང་ཐོག་རི་བོ་ཧི་མ་ལས།།
བར་སྐབས་ཤིག་ལ་ཡིད་བཞིན་ནོར་བུ་ཡིས།།
འཛམ་གླིང་ས་སྒང་འདི་ལ་བསྒྲགས་ནང་བཞིན།།
བདུད་བྷེ་གྲོགས་ཁྱེད་རྨ་ཆུའི་མིང་དེ་བསྒྲགས།།
གྲོགས་ཁྱེད་ནི་གང་ལ་སླེབས་དང་མཉམ།།
འཛུམ་དམུལ་ལེ་འཛུམ་ཞིག་བསྟན་ནས་ཡོང་།།
སེམས་དཀར་པོའི་ཁ་བརྡ་བགྱིས་ནས་ཡོང་།།
འདི་བདུད་བྷེ་གྲོགས་ཁྱེད་ཁྱད་ཆོས་ཤིག།
བདུད་བྷེ་གྲོགས་ཁྱེད་ཆང་ལ་དགའ་ནི་ཞིག།
ཆང་ཕོར་ཁ་ནས་ཐོལ་བྱུང་ལེན་ནི་ཞིག།
གྲོགས་ཁྱེད་གླུ་གཞས་ལེན་ཐེངས་རེ་རེ་ལ།།
བོད་འབངས་མི་སེར་ཡང་ནས་ཡང་དུ་བཟི།།
བདུད་བྷེ་གྲོགས་ཁྱེད་ཆང་ལ་དགའ།།
ཆང་རེ་འཐུང་ན་གླུ་རེ་བྱོན།།
ཆང་ལ་མ་བསམ་གླུ་ལ་བསམ།།
བོད་མི་ཡོངས་ལ་སྤྲོ་བ་སྟེར།།
བདུད་བྷེ་གྲོགས་ཁྱེད་སྡུག་བསྔལ་ཞིག།
ནས་ཆང་གཙང་མར་རོལ་རྒྱུ་ཡི།།
དུས་ཤིག་བསླེབ་ན་སྙམ་པ་དེ།།
དེ་ལ་ཕངས་སེམས་ཡང་ཡང་སྐྱེ།།
བདུད་བྷེ་གྲོགས་ཁྱེད་གནམ་མཁའི་བྱ།།
གཤོག་རྩལ་རྒྱས་ས་གངས་ལྗོངས་ཡུལ།།
གཤོག་པས་གངས་ལྗོངས་བཀབ་ནས་ཡོད།།
ཁྱེད་ལ་སྐུ་ཚེ་རིང་བར་སྨོན།།
(ཞེས་སུད་སི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དཀྱིལ་ཞིག་ནས་གོམ་པ་སྤོ་ཞོར་དང་འབྲི་ཞོར་བྱས་བའི་མཐར། གྲོགས་བདུད་བྷེ་ལགས་ལ་ཆུང་དུས་ཀྱི་རྩེ་རོགས་ཡིན་པ། ཆེ་དུས་ཀྱི་ཁོང་གིས་གྱེར་བའི་རྡུང་ལེན་ལ་ཤིན་ཏུ་དགའ་ཞེན་ཡོད་པའི་མིང་ལ་རྟ་མགྲིན་རྒྱལ་པོ་འབོད་པས་གུས་བས་ཕུལ་ཡིན་ལགས།) ༢༠༡༦།༠༡།༢༩ ལ།
འཇིགས།
འཇིག་རྟེན་འདི་ནི་འཇིགས་པོ་ཞིག།
འཇིག་རྒྱུ་ཡོད་པས་འཇིགས་པོར་མཐོང་།།
འོན་ཀྱང་འཇིགས་པོའི་འཇིགས་པོ་དེ།།
འཆི་བར་འཇིགས་པའི་འཇིགས་པ་ཉིད།།
ཇ་མས་བྲིས། ༢༠༡༦།༠༡།༢༩ ཞོགས་པར།
གྲོགས་མེད་འཁོར་བའི་བླ་མ་ལགས་ལ།
འཁོར་བའི་བླ་མ་གྲགས་མེད་སོང་།།
འཁོར་བའི་ནང་དུ་འཐོམས་མིན་ནམ།།
འཁོར་བ་བསྐོར་རྒྱུ་ང་ལའང་ཡོད།།
གྲགས་རྒྱུ་འགུལ་རྒྱུ་ང་ལའང་ཡོད།།
མི་གྲགས་འདོད་ན་རི་མོ་རེ།།
གྲགས་མིན་ཟེར་བའི་ཚབ་མཚོན་དུ།།
ལན་གྱི་ཚུལ་དུ་གང་མགྱོགས་མགྱོགས།།
གཏོང་བར་བྱེད་དེ་རེ་བ་ཞིག།
སྐབས་རེར་གྲགས་མིན་ཚབ་མཚོན་མེད་པས་ན།།
ངེད་ཅག་མི་ཚེ་འདི་ནི་ད་ཡོད་ད་མེད་ཅིག།
ཡིན་དང་རེད་ཅེས་གསུང་བ་མང་དྲག་པས།།
གྲོགས་ཁྱེད་བདེ་བར་བཞུགས་མིན་སེམས་འཁྲལ་ཞིག།
ང་ནི་སྨྱོན་པ་སྨྱོན་པ་ཞིག།
མི་སྨྱོའི་སྨན་ཞིག་ང་ལ་གནོངས།།
ང་ནི་ཀུ་རེར་དགའ་ནི་ཞིག།
འགའ་རེས་དེ་ནི་སྨྱོན་པར་འདོད།།
ཀུ་རེའི་ཁྲོད་དུ་གྲོགས་ལ་སེམས་འཁུར་ཞིག།
སྙན་ཚིག་ཁྲོད་ན་གྲོགས་ཁྱེད་འཚམས་འདྲི་ཞིག།
ཀུ་རེས་འགའ་རེ་ཧ་ཅང་ཐལ་དྲག་ན།།
སྨྱོན་པ་ང་ཡིས་སྨྱོ་རྟགས་བསྟན་འདུག་སོམས།།
ཀུ་རེ་བརྩིས་བ་གྲོགས་པོ་ཡིན་པའི་ཡིན།།
ཀུ་རེ་མེད་ན་ཁ་བརྡ་སྐམ་པོ་ཞིག།
ཀུ་རེའི་ཚིག་འགའ་བློ་ལ་མ་བདེ་ན།།
སྨྱོན་པ་ང་ལ་ཐུགས་ཀྱིས་མི་སྡང་རོགས།།
ཀུ་རེ་རྩེ་ཐེངས་རེ་ལ་དགོད་སྒྲ་རེ།།
དགོད་སྒྲ་དེ་དང་ཆབས་ཅིག་འཛུམ་དམུལ་རེ།།
ཀུ་རེའི་ཁྲོད་དུ་ང་ཡིས་མི་ཚེ་བསྐྱལ།།
ང་ནི་མཐོང་བ་ཙམ་གྱིས་ཀུ་རེ་ཞིག།
ཅེས་གྲོགས་བླ་མ་དེ་རེ་ཞིག་ངག་བཅད་དེ་ཚིག་ཅི་ཡང་མི་སྨྲ་བར་བསྡད་པའི་རྐྱེན། གོང་གི་ཚིགས་བཅད་འདི་དག་ཁོང་བཞུགས་སའི་སྒོ་དེ་རྡུང་བའི་ཚུལ་དུ་བྲིས་བ་ཞིག ཇ་མས། ༢༠༡༦།༠༡།༢༩ ཞོགས་པར།
ང་དང་ཁ་པར།
ང་ནི་སྐྲག་ཤོར་སྐྲག་ཤོར་ཞིག།
ཁ་པར་འདི་ལ་ཤིན་ཏུ་སྐྲག།
གཅིག་དེ་རྙོག་གཏམ་ཉན་རྒྱུར་སྐྲག།
གཅིག་དེ་འགད་རྒྱུ་ཡོད་པར་སྐྲག།
ཁ་པར་ང་གཉིས་མཉམ་དུ་འཚོ།།
ཤེས་པས་བསྐུལ་བའི་མཛུབ་མོའི་རྩེས།།
སྙན་ངག་མིན་པའི་སྙན་ངག་ཚོགས།།
ཁ་པར་འདི་ཡི་ནང་དུ་བརྫངས།།
སྐབས་རེར་ང་ནི་ཁ་པར་ཡིན་ན་འདོད།།
རེ་ཞིག་འཇིག་རྟེན་འདི་ནས་གྲགས་མེད་དུ།།
གློག་སྣུམ་མེད་པའི་ང་ཡི་ཁ་པར་བཞིན།།
གཉིད་པའི་ཚུལ་དུ་འདུག་འདོད་མང་བོ་སྐྱེས་།།
སྐབས་རེར་ཁ་པར་ང་གཉིས་གཅིག་མཚུངས་མཐོང་།།
ཁ་པར་གྲགས་དུས་ངའང་གྲགས་ནས་ཡོང་།།
གློག་སྣུམ་ཚར་རྗེས་ངའང་གཉིད་ནས་འགྲོ།།
ང་ཡི་ཆུང་མ་ཁ་པར་ཡིན་པ་འདྲ།།
ཁ་པར་འདི་ལ་བྷ་ག་ཡོད་གྱུར་ན།།
ཆུང་མ་ཞེས་བ་སྐབས་རེ་དགོས་མེད་མཐོང་།།
ཁྱིམ་གྱི་འཁོར་བ་ང་ཡིས་སྐོར་བཞིན་ཡོད།།
བུ་ཕྲུག་གཉིས་ལ་ང་ནི་ཕ་དང་མ།།
རྡ་རམ་ས་ལ།
ས་འདི་ནས་མི་ལོ་ཉི་ཤུ་ཙམ།།
བསྡད་ཡོད་པའི་ངས་ནི་ས་འདི་དྲན།།
འདི་གསར་འབྱོར་རེད་ཅེས་ཡོང་སའི་ས།།
འདི་རྙིང་འབྱོར་ཚུལ་དུ་བྲལ་སའི་ས།།
ས་འདི་ལ་ཡང་བསྐྱར་སོང་ན་འདོད།།
ས་འདི་ནས་བླ་མར་མཇལ་ན་འདོད།།
ས་འདི་ལ་ང་ནི་དུང་བ་ཆེ།།
ས་འདི་ན་ཆགས་པའི་གཞུང་དེ་ལ།།
ངར་གཞན་ལས་ལྷག་པའི་དུང་བ་ཞིག།
ས་འདི་ནི་ངོ་སོ་བསྟོད་རྒྱུ་བོ།།
ས་འདི་ན་བཞུགས་པའི་འབངས་མི་ལ།།
ངས་ཡང་ཡང་བཀྲ་ཤིས་བདེ་ལེགས་ཞུ།
ས་འདི་ན་ང་ཚོའི་བླ་མ་བཞུགས།།
ས་འདི་ནི་སྲིད་ཀྱི་ལྟེ་བ་ཞིག།
ས་འདི་ལ་ཆག་འཇིག་མ་བྱུང་ན།།
ངེད་བོད་པའི་བདེན་མཐའ་གསལ་ནས་ཡོང་།།
བོད་ཁ་བ་ཅན་ལ་བདེ་སྐྱིད་ཡོང་།།
ས་འདི་ནི་ལྷ་ཡི་གཅེས་ཕྲུག་ཅིག།
གསར་སྐྱེས་ནས། ༢༠༡༦།༠༡།༢༩ ཞོགས་པར་གླུའི་ཚུལ་དུ་འབུལ་ཡིན།
ལོ་སར།
ཁྲེལ་མེད་སྟབས་ལེགས་འཛིན་མཁས་ཚོང་བ་འགས།།
ལོ་རྙིང་ཟས་རིགས་རྙིང་བ་བཙོང་ཤས་ཆེ།།
ལོ་སར་སྡེར་ཁ་བསྒྲིག་རྒྱུར་རྔམ་དྲགས་ཀྱིས།།
རིག་རིག་འདོད་འདོད་ཉོས་ན་ནད་ངན་རྒྱུ།།
ལོ་སར་ཟེར་བར་ང་ལ་དུང་བ་ཆེ།།
ང་ནི་གཞོན་པའི་དུས་ཀྱི་ལོ་སར་དེ།།
རི་དང་སྡེ་བའི་མི་རྣམས་ཡོད་དོ་ཅོག།
མཉམ་དུ་ཡང་ཡང་འཛོམས་ཤིང་ལོ་སར་མཆོད།།
མི་ལོ་ཉི་ཤུ་འདས་བའི་དེང་དུས་འདིར།།
ལོ་སར་ཞེས་བ་སོ་སོའི་བཟའ་མི་དག།
ལྷན་འཛོམས་ཡོང་བའི་དུས་ཆེན་ཁོ་ན་ལས།།
ཁ་བྲལ་རིང་ལུགས་པ་ལ་གྱུར་ནས་འདུག།
འགའ་རེས་རྒྱ་ལྭ་གྱོན་ཏེ་རྒྱ་ཁོག་འགྲིམ།།
འགའ་རེས་རྒྱ་སྐད་བཤད་ཅིང་རྒྱ་གྲོང་འགྲིམ།།
རང་རིགས་རང་སྡེ་མཐའ་ན་མིང་སྲིང་ཚོགས།།
ཤེས་མེད་ཚོར་མེད་བྱས་ནས་རྒྱབ་ཏུ་གཡུགས།།
ལོ་སར་འདི་ལ་རྟེན་འབྲེལ་རྟགས་རྒྱུ་མང་།།
གཅིག་དེ་བཟའ་ཚང་ལྷན་འཛོམས་ཡོང་བའི་རྟགས།།
གཉིས་དེ་རི་སྡེ་ལྷན་འཛོམས་ཡོང་བའི་རྟགས།།
གསུམ་དེ་མི་རིགས་ལྷན་འཛོམས་ཡོང་བའི་རྟགས།།
ལོ་སར་འདི་ལ་རྟགས་མཚན་སྟོན་རྒྱུ་མང་།།
བོད་ལྭ་གྱོན་ཏེ་བོད་པ་ཡིན་པའི་རྟགས།།
བོད་སྐད་བཤད་དེ་རིག་གནས་བདག་སྐྱོང་རྟགས།།
བོད་པ་འཛོམས་ཏེ་མཐུན་སྒྲིལ་ཡོད་པའི་རྟགས།།
ང་ནི་ལོ་སར་འདི་ལ་ཤིན་ཏུ་དུང་།།
འོན་ཀྱང་ད་ལྟའི་བོད་ནང་ལོ་སར་དེ།།
སེམས་པ་མི་བདེའི་ཁ་བྲལ་དུས་ཆེན་ཞིག།
བསམ་བློ་གཏོང་སའི་ཁ་བྲལ་གཏོང་བྱེད་ཅིག།
ཇ་མ་ ༢༠༡༦།༠༡།༣༠་ལ།
གཅིག་དེ་ཡོད་པ་བཙན་བྱོལ་གཞུང་།
བོད་པའི་སྲིད་བྱུས་ཟེར་བ་ཞལ་འདོན་ཞིག།
ཁ་ནས་ཇི་ལྟར་སྐྱོར་ཐུབ་བྱེད་དེ་རྒྱལ།།
དམ་བཅའ་མེད་པའི་དམ་བཅའ་སྙན་པོ་ཞིག།
བོད་འབངས་བློ་སེམས་འཐོམས་པའི་རྒྱུ་རུ་འགྲོ།
ཡང་དག་དམངས་གཙོ་རེད་དང་མ་རེད་ཅེས།།
རྩོད་རྙོག་ཁྲོད་ན་བོད་པའི་སྲིད་སྐྱོང་འདེམས།།
བོད་འབངས་ཡོངས་ཀྱི་བསམ་དོན་སྒྲུབ་མཁན་ཞིག།
༧གོང་ས་རྒྱལ་དབང་ཚང་ལས་བརྙེད་རྒྱུ་དཀའ།།
ཤི་ལ་ཉེ་བའི་རྒྱལ་ཁམས་ཤིག།
ཚར་ལ་ཉེ་བའི་མི་རིགས་ཤིག།
སྲིད་ཀྱི་ཐོག་ན་བདག་དབང་མེད།།
གཅིག་དེ་ཡོད་པ་བཙན་བྱོལ་གཞུང་།།
ཡག་བཙོག་གང་ཡིན་མང་བོ་མི་རྩོད་པར།།
མིག་མཐོང་ལག་འཛིན་ཡོད་པའི་བཙན་བྱོལ་གཞུང་།།
བོད་འབངས་ཡོད་དོ་ཅོག་གིས་མཉམ་རུབ་ཀྱིས།།
ཕྱོགས་རིས་འཐེན་ཤུགས་མེད་པར་སྐྱོར་ན་ལེགས།།
རང་གཅིག་སྤྲོ་བ་ཙམ་ལ་མ་བལྟས་བར།།
རང་གི་བསམ་བློ་གཅིག་པོར་མ་བཟུང་བར།།
མང་བོས་བཀུར་བའི་མི་དེ་སུ་ཡིན་པར།།
དེ་ལ་འོས་ཤོག་བླུགས་ན་འགྲོ་སྟངས་ཤིག།
སྐྱོན་དང་ནོར་འཁྲུལ་རྐྱང་རྐྱང་བཙལ་བསྡད་ན།།
མི་བུ་སུ་ཞིག་ཡིན་ཡང་ནོར་སྐྱོན་འདུག།
རང་གིས་རང་ལ་དཔྱད་ཅིང་བསམ་གཞིགས་ཐོངས།།
ཁྱེད་ནི་སྐྱོན་གྱི་དྲི་མས་གོས་ཡོད་དམ།།
གཅིག་གིས་གཅིག་ལ་མཛུམ་མོ་འཛུགས་རེས་བྱེད།།
གཅིག་གིས་གཅིག་ལ་ངན་སྨྲས་བྱེད་རེས་བགྱི།།
དོན་སྙིང་ལྡན་པའི་གཏམ་བཤད་བྱེད་རྒྱུ་གཙོ།།
གཏམ་གྱི་ནང་དོན་ལག་ལེན་བསྟར་རྒྱུ་གལ།།
དབུ་མའི་རྒྱུད་འཛིན་ཡིན་ཞེས་གསུང་ཁ་ལེན་ཚུལ་སྟོན།།
དབུ་མའི་ཐབས་ལམ་རང་གིས་སྤེལ་ཚུལ་འདོད་ཚུལ་སྟོན།།
གཞན་རྣམས་སྐྱེས་བུ་དམ་པའི་ཚོགས་དེར་མཐོང་ཆུང་བྱེད།།
འདི་འདྲའི་སྲིད་སྐྱོང་བོད་པ་ཚང་ལ་དགོས་ཨེ་ཡིན།།
ཡང་དང་བསྐྱར་དུ་བཟླས་དང་ཟློ་བཞིན་པའི།།
དབུ་མའི་ལམ་འདིས་བོད་ལ་བདེ་སྐྱད་ཅིག།
ཡང་ནས་བསྐྱར་དུ་བདེ་ལ་རོལ་བཞིན་པའི།།
སུད་སི་རྒྱལ་ཁབ་ནང་བཞིན་བསྐྲུན་ཡོང་ངམ།།
ཇ་མས་ ༢༠༡༦།༠༡།༣༠ ལ།
ལོ་གསར་བ་ཐོན་ནོ་ཡག་གི།
ལོ་གསར་བ་ཐོན་ནི་ཡོང་ཐལ།།
ང་ལོ་གཅིག་ཡར་ལ་འཕར་སོང་།།
ལོ་གསར་བ་ཐོན་ནོ་ཡག་གི།།
ལོ་ལོན་ནོ་ཡག་རྒྱུ་མེད་ཀི།།
ལོ་གསར་བ་གཅིག་རེ་གཉིས་རེ།།
སྐྲ་དཀར་པོ་ཇེ་མང་ཇེ་མང་།།
ཁའི་ཁ་སྤུ་ཇེ་དཀར་ཇེ་དཀར།།
གཞོན་དུས་ཀྱི་ལང་ཚོ་དྲན་སོང་།།
ལོ་ཆེ་ན་སྐྱོན་ཟིག་མེད་ཁུ།།
ལོ་ཆུང་བའི་རྒན་མོ་ཡོད་ན།།
འདི་ཧ་ལམ་སྐྱོན་ཟིག་ཡིན་འདྲ།།
ངའི་རྒན་མོ་སྙིང་ཟིག་རྗེ་སོང་།།
ལོ་ཆེ་ན་ཆེ་ནོའི་སྐྱིད་ཟིག།
སྟག་ཤར་འདྲ་བའི་བུ་གསུམ་ཡོད།།
ཨ་ཕ་ཞེས་བའི་འབོད་སྒྲ་མང་གི།
གཡས་གཡོན་ནས་སྐྱོར་ནས་ཡོང་གི།
མི་ལོ་མང་བོ་འགྱངས་སོང་རུང་།།
དཔོན་ས་ལག་ལ་ཡོང་ནི་མེད།།
བཟའ་དཔོན་བྱས་ནས་བསྡད་པ་ན།།
དཔོན་པོའི་བྲོ་བ་དེ་ནས་མྱོང་།།
རྫིག་གཏམ་བཤད་ས་བཟའ་མི་ཡིན།།
རྫིག་མདོག་སྟོན་ས་ཆུང་མ་རེད།།
བུ་ཕྲུག་ཆུང་མ་བཅས་ལ་ནི།།
དཔོན་པོའི་བཀའ་བཞིན་བཤད་ན་ཆོག།
ལོ་ལོན་ན་སེམས་ནས་མི་འདོད་ཀི།།
མ་བུ་མོར་ད་རུང་འགྲོགས་འདོད་ཡོད།།
བྲང་སྦྱར་ནས་སྙིང་གཏམ་བཤད་ན་འདོད།།
ལུས་གཉིས་ཀྱིས་འཁོར་ལོ་བསྐོར་ན་འདོད།།
གཞོན་དར་མའི་ཤུགས་ཉམས་ཡོད་ཀྱང་།།
ལུས་གཉིས་དེ་དལ་བར་སྦྱར་བའི་ཞོར།།
འགུ་བཀང་བའི་འགུལ་ཁྱུག་བྱེད་པའི་རྩལ།།
ང་རྒད་པོར་ད་རུང་ལྡན་ནི་ཞིག།
ཡིད་མི་ཆེས་ཟེར་ནིས་ཞི་མོ་རེ།།
ཡོད་བཞག་ན་རྒད་པོ་འཚོལ་དུ་ཤོག།
ཁྱེད་ལུས་དང་ཚོར་བ་ཡོད་དོ་ཅོག།
ངས་བདེ་བ་ཅན་ལ་འདྲེན་ཐག་ཆོག
ཇ་མ། ༢༠༡༦།༠༡།༣༡ལ།
མདའ་རྫོང་རྩེ་རའི་ནང་གི་མཛེས་མ་དག་ལ་རྩེ་ཞོར་དགོད་ཞོར་དུ།
འགུལ་ཙམ་ཁྲོད་ན་རྒྱག་སྟངས་རེ།།
རེ་རེ་བརྒྱབ་ན་རེ་རེ་སྐྱིད།།
རྒྱག་ཐེངས་རེ་རེ་ཐོག་མདའ་རེ།།
ངར་ཤུགས་རྗེས་སུ་མེ་ལྕེས་སྦར།།
མཛེས་མ་ཁྱེད་ནི་ལུས་གཅིག་མི་གཅིག་པུ།།
འོན་ཀྱང་གྲངས་ཀ་བརྒྱ་རུ་གྱུར་བ་ན།།
མེ་ཏོག་དགའ་ཡིས་ཟླ་བའི་ལྷ་མོ་ཞེས།།
འཚོལ་དུ་ཡོང་བར་སེམས་ཐག་སྔར་ནས་བཅད།།
མཛེས་མ་ཡིན་པའི་མཛེས་པར་དགའ་བའི་མིས།།
མཛེས་མ་ཁྱེད་ནི་ཡར་ཁྲིད་མར་ཁྲིད་ཁྲོད།།
མེ་ཏོག་དགའ་ལ་གོ་སྐབས་ཉིན་མོའི་སྐར།།
རྐྱེན་དེས་མེ་ཏོག་དགའ་ཡིས་ངག་བཅད་བགྱིས།།
ལྡེམ་ལྡེམ་གཡོ་བའི་ཤ་ལོག་གཉིས།།
མདུན་ན་ཡོད་དང་རྒྱབ་ན་ཡོད།།
ལྕེ་ཡིས་སྦྱར་འདོད་དྲགས་པོ་སྐྱེས།།
ཤུགས་ཀྱིས་འཁྱུད་ཅིང་བསྡམ་ན་འདོད།།
འདི་ལ་རེག་རེག་བྱེད་པའི་སྐལ་བ་རེ།།
མི་ཚེ་འདི་ལ་ཐོབ་རྒྱུ་དཀའ་མོ་ཞིག།
ཅི་ཡིན་ཞེ་ན་མོ་ནི་རྒྱས་མེད་ཅིག།
ས་སྒང་འདི་ན་ཡོད་མེད་ངས་མི་ཤེས།།
འོན་ཀྱང་གོང་གི་སྐལ་བཟང་མེ་ཏོག་དང་།།
ཟླ་བའི་ལྷ་མོ་མཚོ་སྐྱེས་མེ་ཏོག་སོགས།།
འཇིག་རྟེན་འདི་ན་བཞུགས་ནི་ཡོད་ནི་ཞིག།
ནམ་ཞིག་ང་ལ་གོ་སྐབས་སྤྲད་རྒྱུ་ཡིན།།
གསེར་ཉ་སེར་པོ་མཚམས་སྤྲིན་འཆར་སའི་ཕྱོགས།།
ཁྱིམ་མཚེས་རྒྱལ་ཁབ་ཕ་རཱན་སི་ལ་བསླེབས།།
ད་ནི་འཛིན་དགོས་བསམ་ནས་རྨི་ལམ་ཞིག།
རྒྱ་མཚོའི་ནང་ལ་ཤོར་རྒྱུ་ཡིན་ཐག་ཆོད།།
རྒྱལ་མོ་བལ་བཟའི་སྐྱེས་ཡུལ་རྒྱལ་ཁམས་དེར།།
མཛེས་བར་བཞད་པའི་མེ་ཏོག་ཞི་མོ་གཉིས།།
རྒད་པོ་ང་ལ་འཐུ་འདོད་ཧ་ཅང་ཡོད་།།
འོན་ཀྱང་དེ་རིང་གནམ་གྲུ་མེད་པ་འདྲ།།
མེ་ཏོག་དགའ། ༢༠༡༦།༠༢།༠༡ ལ།
ཁ་རྩོད་ཀྱི་ཁྲོད་ནས་བྱུང་བའི་ཚིགས་བཅད།
བསོད་ནམས་ཟད་པའི་མི་ཞིག་ལ།།
བསོད་ནམས་ལྡན་པའི་མི་བུ་དེ།།
བསྟན་ཀྱང་མ་བསྟན་དོན་སྙིང་མེད།།
དེ་ལས་དགོད་གཏམ་མཚར་གཏམ་ཤོད།།
བསོད་ཟད་ཡིན་པ་ཤེས་དེ་སེང་གེར་བརྫུས།།
སེང་གེའི་འཇིགས་ཉམས་ང་ལ་འགྲོ་ས་མེད།།
སྟག་ཤར་གཞོན་ནུའི་དུས་ཀྱི་དཔའ་ངར་དེ།།
ད་དུང་ད་རུང་གཤིས་ཀའི་ཁྲོད་ན་ལྡིང་།།
འོན་ཀྱང་སྤུན་ཟླའི་ནང་དུ་དགེ་ཁ་ཞིག།
རྩོད་གླེང་བྱས་ན་དོན་མེད་རྫབ་ཆེན་ཡིན།།
བོད་འབངས་དཔའ་མོ་དཔའ་བོས་མེ་ཁྲོད་ནས།།
ངེད་ཅག་གཅིག་གཅིག་གཉིས་གཉིས་བལྟས་ནས་འདུག།
ནོར་བ་ང་ལ་ཡོད་ན་དགོངས་དག་ཞུ།།
ནོར་བ་ཁྱེད་ལ་ཡོད་ན་ཤེས་སུ་འཇུག།
ཕན་ཚུན་བར་ལ་ཚིག་རྩུབ་མེད་རྒྱུ་བྱེད།།
བོད་རིགས་སྤུན་ཟླར་འདོད་དེ་སྐྱིད་པོ་བཤད།
ཇ་མ། ༢༠༡༦།༠༢།༠༡ ལ།
སྒེའུ་ཁུང་ཕྱི་ནང་།
སྒེའུ་ཁུང་དཀར་པོའི་ནང་ནས་འཁུན་སྒྲ་ཞིག།
སྒེའུ་ཁུང་ཕྱི་ལ་བསྒྲགས་ཚེ་སྙན་ངག་ཅིག།
སྒེག་མོའི་འཁུན་སྒྲའི་ཁྲོད་ཀྱི་སྙན་ངག་འདིས།།
འདྲེ་ལག་གཡོན་པར་ཚ་བ་འབུམ་ཕྲག་སྟེར།།
ཇ་མ། ༢༠༡༦།༠༢།༠༢།༠༢ ལ།
ང་ནི་ཁ་བ་དང་ཁ་བ་གཏོར་མཁན་དེའང་ང་ལགས།
ཁ་བའི་འདབ་མ་སྒེའུ་ཁུང་ནང་དུ་འཕུར།།
ཁང་ཆུང་ནང་གི་སྒེག་མོའི་ལུས་ལ་འཐིམ།།
ལུས་ན་རྔུལ་ཆུ་ཟགས་མའི་མུ་ཏིག་འཛག།
ཁ་བས་ཚ་བ་སྦྱིན་འདི་ཅི་འདྲའི་མཚར།།
གདན་སྟེང་གོས་ཕྱེད་གཡོགས་པའི་འདོད་སྦྱིན་མའི།།
མཛེས་སྐུ་ལྕེ་ཡིས་ཐེངས་བརྒྱར་ལྡག་འདོད་པར།།
ཁ་བའི་མེ་ཏོག་དལ་གྱིས་གཏོར་བཞིན་དུ།།
འཐིམ་ཞིང་འཛག་པའི་ཆུ་ཐིགས་འཇིབ་ན་འདོད།།
འདྲེ་ལག་གཡོན་པ། ༢༠༡༦།༠༢།༠༢ ལ།
ཞི་མོ་སྙན་ངག་ཀློག་མཁན་མ་ཞིག་ལ་བྲིས།
སྒེའུ་ཁུང་དཀར་པོའི་ནང་ན་ཁ་བའི་འདབ་མ་ཞིག།
དགུན་གྱི་ཉི་ལྡོག་འོག་ན་ཁ་བའི་ཆུ་ཐིགས་ཤིག།
འདི་འདྲའི་མཛེས་བའི་བརྙན་ཞིག་མདའ་རྫོང་རྩེ་ར་རུ།།
སྟོན་གྱིན་ཡོད་པ་ང་ཡི་སེམས་ཀྱིས་མཐོང་འདི་མཚར།།
བོར་སོང་བརྗེད་སོང་སྙམ་པའི་ཚོར་བ་ཞིག།
ཞི་མོ་ཁྱེད་ལ་ཉིན་མཚན་འགྲོགས་ཡོད་མོད།།
ཐོབ་སོང་བརྙེད་སོང་བསམས་པའི་སྐྱིད་སྣང་ཞིག།
ཞི་མོ་ཁྱེད་ལ་ཡོད་ན་བཟའ་མི་སྐྱིད།།
བཟའ་མི་སྐྱིད་ན་ཞི་མོའི་བསོད་ནམས་ཡིན།།
སྙིང་གྲོགས་ཤོར་བས་ཞི་མོ་མི་སྐྱིད་ཀྱང་།།
སེམས་པ་ངུ་བའི་ཚིག་གི་དབྱངས་རྟ་འདི།།
བཟའ་མི་འཛོམས་སའི་ཁོག་ལ་སྦས་ན་ལེགས།།
སྙིང་བོ་ཡོད་པར་འདོད་པའི་འཁོར་བའི་ཁྲོད།།
རང་དབང་མེད་པའི་འཁོར་ལོ་ཁྱེད་དང་ང་།།
ཆོས་ཀྱིས་སྐོར་ལ་སྲིད་ཀྱིས་སྐོར་བར་བྱེད།།
(བརྩེ་བ་དུང་བས་སྐོར་བ་ཉུང་ཉུང་ཡིན།། ཞེས་བྲིས་བ་འདི་དག་ནི་སེམས་སྐྱོ་བའི་སྙན་ངག་ཀློག་མཁན་གྱི་ཞི་མོ་ཞིག་ལ་ཡིན་ཏེ། མོས་སྙན་ངག་ཀློག་བཞིན་པའི་སྐབས་ཀྱི་སེམས་ཚོར་ཙམ་ཞིག་གོ) ཇ་མས་༢༠༡༦།༠༢།༠༢་ལ།
དྲྭ་གྲོགས་ཤིག་ལ་བྲིས་བ།
ཚོགས་མི་ཡོད་དོ་ཅོག་ལ།
བཀྲ་ཤིས་བདེ་ལེགས་ཚབ་ཏུ།
ཁ་བའི་ཁ་བཏགས་འབུལ་ཡིན།
རང་གི་སེམས་པ་མཚོན་ཡིན།
ཁྱེད་ལ་མིག་ཆུ་བཞུར་བ།།
ང་ལ་སེམས་ཁུར་ཡོད་པ།།
ཡོད་ཚད་ཕ་ཡུལ་དྲན་པས།།
ངེད་གཉིས་ཐབས་ཤེས་མ་ཡོད།།
ཕ་ཡུལ་རྒྱང་ཐག་རིང་སོང་།།
མིག་ཆུའི་གཙང་བོ་བཞུར་ཡང་།།
ཐོན་སའི་ཡུལ་ན་མི་འདུག།
ངེད་གཉིས་ཅི་འདྲའི་ལས་ངན།།
འཕུར་རྒྱུ་ཡོད་ན་བསམ་བྱུང་།།
ཕ་ཡུལ་སྦྲ་ནག་ནང་གི།།
དུང་བའི་སྙིང་གཏམ་དེ་འདྲ།།
སེམས་པས་མྱོང་བར་འདོད་ན།།
ང་ལ་ཁ་པར་བརྒྱབ་ཆོག།
འབྲོག་མོ་ལྕི་དྲི་ཅན་མའི།།
རུམ་ཁ་དྲོན་པོ་དེ་དྲན།།
ད་ལོ་དབྱར་དཀྱིལ་ཞིག་ལ།།
བོད་ལ་འགྲོ་རྩིས་བྱས་ཡོད།།
(ཅེས་དྲ་གྲོགས་མ XYZ ལ་རྩེད་མོའི་སྐད་ཆར་བསྲེས་ཏེ་བྲིས་ཡིན།) ཇ་མ་ནས།
ཉ་དང་མཚེའུ།
ཉ་བོའི་ཚུལ་དུ་མཚེའུ་ནང་ལ་ཞུགས།།
མེ་ཏོག་དམར་སེར་འདབ་མས་འགུལ་རེག་ཁྲོད།།
བདག་གི་གཅེས་ཕྲུག་དེ་ཡིས་རྐྱལ་རྩལ་ངོམས།།
མཚེའུ་བདག་མོས་དེ་ལ་སྟོད་བསྔགས་ཤོར།།
ཇ་མ། ༢༠༡༦།༠༢།༠༣ ཞོགས་པར་བྲིས།
མཉམ་བྲིས་ཤིག
རྨ་ཆུའི་འཇམ་དབྱངས་ཀྱིས།
ཉ་ཆེན་རྐྱལ་རྩལ་ཆེ་ཡང་།།
མཚེའུ་གཏིང་མཐའ་བྲལ་བས།།
འཁྱུག་འགྲོས་ཁྱ་མ་འཁྱོར་དེས།།
བདག་མོར་ཐུགས་གསོས་མ་བྱུང་།།
ཇ་མས།
བདག་མོས་སྟོད་བསྔགས་ཤོར་བ།།
ཁྱེད་ཀྱིས་རྣ་བས་གོའམ།།
འཁྱུག་འགྲོས་འདོད་པའི་གར་དེས།།
བདག་མོའི་འདོད་སེམས་ཁེངས་ཡོད།།
རྨ་ཆུའི་འཇམ་དབྱངས་ཀྱིས།
ཉ་རྒན་འཁྱུག་འགྲོས་འཁྱར་འཁྱོར།།
བདག་མོས་བསྟོད་བསྔགས་ཤབ་ཤུབ།།
འདོད་བརྩེ་རྒ་རྒས་ཤིག་གིས།།
ཆགས་ལྡན་དང་བ་མི་འདྲེན།།
ཇ་མས།
འཁྱར་འགྲོ་བྱིས་པའི་གོམ་སྟབས།།
ཁྱེད་ལ་ལྡན་པ་དེ་རེད།།
འཁུན་སྒྲ་འུར་སྒྲ་མེད་པའི།།
ཐེངས་ཤིག་ལས་ནོ་འཕྲོ་བརླག།
ཁྱེད་ནི་རྒན་པ་ཡིན་པས།།
རྒན་པའི་ཚུལ་དུ་བཞུགས་རོགས།།
བདག་མོ་ལོ་ན་གཞོན་པས།།
ལྕེ་ཡི་རྩལ་ལ་བརྟེན་རོགས།།
བདག་མོའི་མཚེའུ་ནང་ལ།།
མཆོང་རྒྱུ་ལྡིང་རྒྱུ་ཞེས་བའི།།
རྫིག་གཏམ་བཤད་ཀྱང་དོན་མེད།།
ལས་མེད་ཡིན་པ་ཤེས་སོང་།།
དེ་ལས་ང་ལ་སྐད་གཏོང་།།
སང་ཉིན་གནམ་གྲུར་བསྡད་དེ།།
བདག་མོར་ཞབས་ཞུ་བསྒྲུབ་དགོས།།
ཁྱེད་ལ་ལག་རྟགས་སྤྲད་དགོས།།
རྨ་ཆུའི་འཇམ་དབྱངས་ཀྱིས།
བདག་མོའི་འདོད་པ་འདོམ་ན་ཇ་ཁོལ་ཁོལ།།
ཉ་རྒན་འདོད་པ་སེམས་ན་མེ་འབར་འབར།།
འདོད་བརྩེའི་འཁྲིག་སྲེད་མལ་ན་དམག་རྒྱག་རྒྱག།
ཀུ་རེའི་གཏམ་གྱིས་རྒན་པོར་རྡོ་འཕེན་འཕེན།།
ཞེས་བར་སྐབས་མཇུག་རྫོགས་སོ། ༢༠༡༦།༠༢།༠༣ ལ།
མེ་ཏོག་ལམ་གྱི་བླ་མ་དག་ལ་ཕུལ།
མེ་ཏོག་ཡིན་པས་ཡག་མདོག་མཐོང་།།
མེ་ཏོག་ཁོ་རང་ཡག་ནི་རེད།།
མེ་ཏོག་ཡག་པ་ཀུན་གྱིས་ཤེས།།
འོན་ཀྱང་མེ་ཏོག་འཕྲོ་བརླག་གཏོང་།།
མེ་ཏོག་རྐང་བའི་འོག་ནས་གསོད་པ་ལས།།
གནམ་ལ་གཏོར་ཏེ་མེ་ཏོག་ཆར་བ་ཞེས།།
ས་ལ་ལྷུང་དུ་བཅུག་ན་མིག་ལ་མཛེས།།
རང་གི་བསོད་ནམས་ལ་ཡང་དེ་ནི་ཕན།།
མི་ལ་མི་ཡི་འགྲོ་ས་ཤིག།
མི་ལ་མི་ཡི་བརྙན་གཟུགས་ཤིག།
མེ་ཏོག་སྐྱེ་ས་རྩི་ཤིང་ཐོག།
མི་རྣམས་འགྲོ་ས་སྟེང་ཉིད།།
སུ་ཞིག་ས་ལམ་སྟེང་ནས་མི་འགྲོ་བར།།
མེ་ཏོག་ལས་བཟོས་མེ་ཏོག་ལམ་གྱི་ཐོག།
སུ་ཞིག་འགྲོ་བར་དགའ་བོ་ཡོད་མཁན་ཉིད།།
ཚིགས་བཅད་འདི་ནི་དེ་ལ་བྲིས་བ་ཞིག།
འདི་ལས་ལན་ཞིག་ང་ལ་ཡོད་མ་ཡིན།།
འདི་ལྟར་བྲིས་ན་ཁ་བ་ཅན་གྱི་མིས།།
ཅི་ཞིག་ཟེར་གི་ཡོད་པ་གོ་ཨེ་ཐལ།།
འགྲེལ་བཤད་གཞན་པ་བྱེད་ཚུལ་བརྙེད་མ་སོང་།།
དེང་གི་ཆར། བླ་མ་རེད་ཟེར་བ་དག་རྒྱ་མི་རྣམས་ཆེས་དགའ་སའི་ཁ་དོག་དམར་པོ་ཅན་གྱི་གདན་སྟེང་དུ་མེ་ཏོག་གཏོར་ཏེ་རྫིག་ཉམས་ལྡན་པའི་ངང་འགྲོ་བཞིན་པ་མང་བོ་ཞིག་དྲ་ལམ་ཁག་ན་མཐོང་རྒྱུ་ཡོད། དེའི་སྐོར་ལ་རང་ལ་བྱུང་བའི་ཚོར་བ་ཐར་ཐོར་རེ་ཡི་གེར་བཀོད་དེ་འདིར་བཏངས་བ་ཡིན། འདིར་མེ་ཏོག་ལམ་ཞེས་བ་དེ་ནི་མངོན་བརྗོད་ནང་གི་མེ་ཏོག་ལམ་དེ་མ་ཡིན་ནོ། སྤྱིར་བཤད་ན། བླ་མ་དེ་དག་གིས་བསམ་བློ་གཏོང་དགོས་ས་ཤིག་ནི། བོད་དང་འཛམ་གླིང་ཡོངས་ལ་བཀའ་དྲིན་ཆེན་པོ་ཅན་༧གོང་ས་ཡིད་བཞིན་ནོར་བའང་མེ་ཏོག་གི་ལམ་ཐོག་ཏུ་ཕེབས་ཀྱི་ཡོད་པ་མང་བོ་མཐོང་མ་མྱོང་ལགས། གལ་སྲིད་ཁོང་ཉིད་ཕེབས་སའི་ལམ་ཡོད་དོ་ཅོག་ལ་མེ་ཏོག་གཏོར་ཚེ། འཛམ་གླིང་ས་སྒང་འདིའི་ཐོག་ན་སྐྱེས་བའི་མེ་ཏོག་ཡོད་ཚད་བཏུས་ཀྱང་འདང་ཐུབ་ཀྱི་མ་རེད་སྙམ། འོན་ཀྱང་༧གོང་ས་རྒྱལ་དབང་ཚང་མེ་ཏོག་གིས་བཟོས་བའི་ལམ་སྟེང་ན་ཕེབས་ཀྱི་ཡོད་པ་ཉུང་ཉུང་རེད། གཞན་པས་མེ་ཏོག་ལག་ཏུ་བཟུང་སྟེ་བསུ་བ་བྱེད་པ་ནི་མང་བོ་རེད། ཇ་མ། ༢༠༡༦།༠༢།༠༣ ལ།
དགའ་བ་དེ་ནི་བདེན་པ་ཞིག
དགའ་བ་དེ་ནི་བདེན་པ་བདེན་པ་ཞིག།
དགའ་བའི་སེམས་པ་ཁྱེད་ལ་མཚོན་འདོད་སྐབས།།
ཚོགས་གཙོའི་ཕྱག་ནས་ཁྱེད་ཀྱི་སྐུ་པར་བྱོན།།
རང་ཉིད་དེ་ལ་སྦྱར་ཏེ་དགའ་བ་བསྟན།།
མི་ཚེ་འདི་ནས་བཟའ་ཚང་གཅིག་བྱས་ཤིང་།།
ཁྱིམ་ཚང་གཅིག་ལ་ལྷན་དུ་གནས་རྒྱུ་དེ།།
ཁྱེད་དང་ང་ལ་དཀའ་མོ་དཀའ་མོ་ཞིག།
སྙན་ངག་འདྲ་པར་ནང་དུ་ལྷན་ལ་འདུག།
མི་ཁ་རླུང་ཁ་ཡིན་ཞེས་ཁྱེད་ཀྱིས་གསུངས།།
རླུང་ནག་འཚུབ་མའི་ཁྲོད་ཀྱི་མི་ཚེ་འདིར།།
དགའ་བ་དུང་བ་ཡོད་ན་ཕྱི་ལ་བཏོན།།
སྐྱིད་སྡུག་སྡང་བ་ཡོད་དག་རླུང་ལ་སྐུར།།
དགའ་བའི་རྐྱེན་གྱིས་ཁྱེད་ལ་མ་དྲིས་པར།།
ཁྱེད་ཀྱི་སྐུ་པར་དང་ནི་ངའི་པར་འདི།།
མཉམ་དུ་བཞག་པ་དེ་ལ་དགོངས་དག་ཞུ།།
གཞན་ལ་སྨྱོན་པ་རེད་ཅེས་བཤད་ན་ཆོག།
ང་ནི་ཁྲིམས་ལ་སྐྲག་ནི་སྐྲག་ནི་ཞིག།
ཁྱེད་ཀྱི་སྐུ་པར་རང་འདོད་བེད་སྤྱད་པར།།
སྨྱོན་པ་ང་ཡིས་ཡང་བསྐྱར་དགོངས་དག་ཞུ།
ཁྲིམས་ཀྱི་ཐོག་ལ་ང་ནི་མི་ཁྲིད་རོགས།།
ཞེས་གསར་སྐྱེས་ནས་སེར་ཆེན་མེ་ཏོག་ལ། ༢༠༡༦།༠༢།༠༤།
ལོ་སར་སྔོན་གྱི་སྐད་ཆ།
བོད་པའི་བུ་མོའི་འཛུམ་མདངས་ཤིག།
བོད་པའི་བུ་མོའི་སྒེགས་ཉམས་ཤིག།
བོད་ཆས་གྱོན་པའི་ལོ་སར་ལ།།
བོད་ཁམས་ཡོངས་སུ་སྟོན་འདི་མཛེས།།
ཕ་ཡུལ་སྐྱེས་ལྷའི་རྩིབ་ནས་མ་བསྡད་པར།།
གཞན་ཡུལ་འགྲིམ་པའི་མཐའ་སྡོམ་གྱོང་ཀུན་གཉིས།།
གཅིག་ནི་རང་གི་རྒྱལ་ཁབ་མེད་པས་སྐྱོ།།
གཅིག་ནི་ལོ་སར་བྲོ་བ་མེད་པས་སྐྱོ།།
ཁྱེད་ནི་གོ་ལ་འདི་ཡི་ཕར་ཕྱོགས་ན།།
ང་ནི་ས་སྒང་ཟླུམ་པོའི་ཚུལ་རོལ་ན།།
རྟེན་འབྲེལ་བཀྲ་ཤིས་སྙིང་ནས་ཞུ་བའི་ཕྱིར།།
བར་སྣང་སྤྲིན་དཀར་ཁ་བཏགས་ཚུལ་དུ་འབུལ།།
སྤྲིན་པའི་ཁྲོད་ལ་སེམས་ཀྱིས་གཟིགས།།
ཁ་བཏགས་དཀར་པོ་དེ་ན་བཞུད།།
དེ་ནི་ངས་ཁྱེད་འཐེན་པ་ཞིག།
སྣེ་གཅིག་ངའི་ལག་བཟུང་ནས་ཡོད།།
ཅེས་གསར་སྐྱེས་ནས།ལོ་སར་སྔོན་ལ་བྲིས་བའི་ཤོ་ལོ་ཀ་དེ་ཚོ་མཉམ་དུ་བསྡུས་པ་ཞིག་ཡིན། ༢༠༡༦།༠༢།༠༧ ལ།
བོད་ལ་དགུ་ཐུག་མི་དགོས་བརྒྱད་ཐུག་དགོས།
དགུ་ཐུག་སྣ་དགུ་འཛོམས་པའི་ཐུག་པའི་ནང་།།
ང་ཡིས་སྣ་ཁ་གཅིག་དེ་ཕྱི་ལ་བཏོན།།
དགུ་ཐུག་ཤུལ་དུ་བརྒྱད་ཐུག་ཟེར་བས་འཚབ།།
བོད་ལ་དེ་རིང་ནས་བཟུང་དགུ་ཐུག་མེད།།
བོད་ལ་བརྒྱད་ཐུག་ཅིག་དང་དགུ་ཐུག་ཅིག།
གཉིས་ཀ་ལྡན་པར་བྱས་ན་དེ་བས་ལེགས།།
གཅིག་ནི་ལོ་རྒྱུས་ཤིག་ལ་རྗེས་དྲན་དང་།།
གཅིག་ནི་སྲོལ་རྒྱན་ཞིག་ལ་བཀུར་བ་ཉིད།།
གསར་སྐྱེས། ༢༠༡༦།༠༢།༠༧ ལ།
ལོ་སར་སྐབས་ཀྱི་ཁ་བརྡའི་ཆང་དྲི་བྲོ་བ།
ཚན་པ་དང་པོ།
སྟོད་ཉི་མ་ལྷ་སའི་གྲོང་ལ་ཐོན།།
ཐེངས་དང་པོར་ཇོ་བོར་ཐོད་པ་གཏུགས།།
སེམས་ནང་གི་རེ་བ་ཡོངས་རྫོགས་ཞུས།།
ལོ་གསར་པའི་ལོ་འགོ་དེ་ནས་བརྩམས།།
ལོ་གསར་པའི་ནང་ལ་དམ་བཅའ་ཞིག།
རྐུ་མི་བྱེད་ཟེར་ནས་དམ་བཅའ་ཞིག།
རྒྱན་མི་འཇོག་ཟེར་ནས་དམ་བཅའ་ཞིག
འཇོག་ཐུབ་ན་ཨ་མའི་བུ་ཞིག་རེད།
ཁྱེད་མཇལ་ས་ལྷ་སའི་ཇོ་བོ་རེད།།
ཁྱེད་ཞུ་ས་ལྷ་སའི་ཇོ་བོའི་མདུན།།
ཁྱེད་ཞུ་དུས་བོད་མི་ཀུན་ལ་སོམས།།
ཁྱེད་ཞུས་བ་སེམས་ལ་དམ་པོར་ཉོར།།
ཁྱེད་ཐོན་ས་ལྷ་སའི་གྲོང་ཁྱེར་རེད།།
དེ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རེད།།
ཁྱེད་རྒྱ་སྐད་ཤོད་ལ་མི་ཤོད་པས།།
གནས་འགྲིམ་སའི་ས་ཆ་དེ་མ་ཡིན།།
གང་ཐུག་ན་དེ་ལ་རང་སྐད་ཤོད།།
གང་སོང་དེ་ནས་བོད་ལུགས་སྟོན།།
རང་བོད་པ་ཡིན་པ་ཤེས་སུ་བཅུག།
གཞན་བོད་པ་ཡིན་ན་སྤུན་ཟླར་སོམས།།
རྒྱ་མི་རིགས་ཡོད་ན་འཛུམ་གྱིས་སུས།།
བརྡ་སྤྲད་རྒྱུ་ཁག་ན་རྒྱ་སྐད་ཤོད།།
བོད་ཞི་བ་ཡིན་པ་ཤེས་སུ་འཇུག།
བར་མཐུན་སྒྲིལ་དགོས་པ་ནན་གྱིས་ཤོད།།
ཚན་པ་གཉིས་པ།
བོད་འབངས་མིས་ཁེངས་བའི་བོད་ཁམས་སུ།།
ལོ་གསར་པར་ཐོན་ཅིང་ལོ་སར་རོལ།།
ཟས་སྣ་ཚོགས་བཤམས་ཤིང་མགྲོན་བསུ་བྱེད།།
གླུ་ལ་གཞས་ལེན་བཞིན་རྩེད་མོར་ཞུགས།།
མགོན་མེད་པའི་མི་རིགས་དྭ་ཕྲུག་འདྲ།།
ཕྱིའི་བལྟས་ན་དགའ་སྟོན་དཔལ་ལ་རོལ།།
དེའི་ཐོག་ལ་ཆོས་ཕྱོགས་མཛད་སྒོ་མང་།།
འདི་ཡོད་ཚད་བདེན་གྲུབ་བཅོས་མ་ཞིག།
དོན་སྟོང་བའི་ཤིས་ཚིག་སྙན་མོད་ཀྱང་།།
ས་འདི་ན་ལོ་སར་བྲོ་བ་ཉམས།།
གཡས་གཡོན་གྱི་ཁྱིམ་མཚེས་ཕྱི་རྒྱལ་བ།།
ཆོས་མི་འདྲའི་ལོ་སར་ཁ་ཁ་རེད།།
རང་གཅིག་པོས་ལོ་སར་བྱེད་པ་དེ།།
ལོ་གསར་པ་རེད་ཅེས་མཚོན་ཐུབ་མོད།།
སེམས་སྐྱིད་རྒྱུ་མེད་ཐོག་སྐྱོ་བ་ཞིག།
བོད་ཡུལ་ཁམས་དྲན་པའི་སྡུག་བསྔལ་ཞིག།
ལོ་གསར་པའི་སྡེར་ཁ་བསྒྲིགས་པ་དེ།།
རང་གཅིག་པོས་ཁེར་ཟ་བྱེད་པ་ལས།།
མགྲོན་ཕོ་མོ་ཁྱིམ་མཚེས་འབོད་རྒྱུ་མེད།།
རང་འབོད་མཁན་དེ་བས་ཡོད་མ་ཡིན།།
ཤ་མར་ཐུད་དང་འབྲི་ཞོ་གྲོ་འབྲས་སོགས།།
བོད་མིའི་ལོ་སར་བསྒྲིག་རྒྱུའི་སྡེར་ཁའི་རིགས།།
ཕྱི་རྒྱལ་ཡུལ་ནས་བསྒྲིག་རྒྱུ་དཀའ་མོ་ཞིག།
བསྒྲིགས་ཀྱང་རང་ལས་ཟ་མཁན་མེད་ནི་ཞིག།།
ཕྱི་སྡོད་བོད་མིའི་ལོ་སར་འདི་འདྲ་ཞིག།
ལོ་སར་བྲོ་བ་མེད་འདིར་ཡིད་རེ་སྐྱོ།།
འོན་ཀྱང་ལོ་འདིར་ངེད་ཅག་བོད་པ་ཚོས།།
སྲིད་སྐྱོང་འདེམས་ལོ་ཡིན་པ་དྲན་འདིས་སྐྱིད།།
གང་ལྟར་ང་དང་འདྲ་བའི་ཕྱི་སྡོད་པ།།
ཁྱིམ་མཚེས་སྡེ་བ་བོད་པ་མི་བཞུགས་སའི།།
མི་རིགས་གཞན་དང་རྒྱལ་ཁབ་གཞན་པའི་ཡུལ།།
འཁྱམ་ནས་ཡོད་ཀྱང་ཁྱེད་ལ་ལོ་སར་བཟང་།།
ཞེས་གསར་སྐྱེས་ནས། ༢༠༡༦།༠༢།༠༧ ལ།
གྱོང་གུད་གཉིས་ཀྱི་སྐོར་ལ་བསམ་ཚུལ་མི་འདྲ་བ་རེ།
ཕ་ཡུལ་སྐྱེས་ལྷའི་རྩིབ་ནས་མ་བསྡད་པར།།
གཞན་ཡུལ་འགྲིམ་པའི་མཐའ་སྡོམ་གྱོང་གུད་གཉིས།།
གཅིག་ནི་རང་གི་རྒྱལ་ཁབ་མེད་པས་གྱོང་།།
གཅིག་ནི་ལོ་སར་བྲོ་བ་མེད་པས་གྱོང་།།
གསར་སྐྱེས། ༢༠༡༦།༠༢།༠༨ ལ།
འཇིག་རྟེན་འདི
འཇིག་རྟེན་འདི།
ནད་པ་ནད་པ་ཞིག
ཁྱིམ་མི་དང་མཛའ་གྲོགས་དག
ང་ནི་འཇིག་རྟེན་འདིར།
མུ་མཐུད་དུ།
གསོན་ཤུགས་སྤྲད་ནུས་ཀྱི་སྨན་མཆོག་ཅིག
མི་ཚེ་འདི
དཀའ་མོ་དཀའ་མོ་ཞིག
ལྷ་སེམས་དང་མི་སེམས་བར།
ཚར་རྒྱུ་མེད་པའི་འཁྲུག་འཛིང་ཞིག
ང་ནི་སྐྲག་སྣང་དང་སྡུག་བསྔལ་ནང་།
མནར། འཆི།
ལོ་རྒྱུས་འདི།
རྫུན་མ་རྫུན་མ་ཞིག
བདེན་པ་དག་མི་བདེན་པར་བཟོས།
དཀར་ནག་ལ་དབྱེ་བ་མེད་ཅིང་ནག་པོར་དཀར་པོ་ཟེར་ཆོག
ང་ནི་རྫུན་མ་དང་བཅོས་མའི་ནང་།
རྒུད། འཇིགས།
འཇིག་རྟེན་འདི་ནད་པ་ནད་པ་ཞིག
མི་ཚེ་འདི་དཀའ་མོ་དཀའ་མོ་ཞིག
ལོ་རྒྱུས་འདི་རྫུན་མ་རྫུན་མ་ཞིག
ང་ཚོ་ནི་མི་ཡིན་ནམ་འདྲེ་ཡིན།
ཡང་ན་གང་ཡང་མིན་པའི་དུད་འགྲོ་ཞིག
འདྲེ་ལག་གཡོན་པས།
གྱོང་གུད་རང་གིས་ཉོས་པ་རེད།།
ཁག་འཇོག་བྱེད་ས་གཅིག་ཀྱང་མེད།།
ལོ་སར་སྤྲོ་སྣང་ཡོད་མེད་དེ།།
ཚོར་བ་ཞིག་གིས་གཞིགས་སྟངས་རེད།།
གླུ་ཞིག་ལོངས་དང་དྲག་ནི་རེད།།
རྨ་ཆུའི་འཇམ་དབྱངས་ཀྱིས།
རང་གིས་ཉོས་བ་ཞིག་ཡིན་ན།།
གཞན་ལ་ཡང་བསྐྱར་བཙོང་ན་ཆོག།
བཙན་གྱིས་ཉོ་རུ་བཅུག་པ་ཞིག།
གཞན་ལ་བཙོང་ཐབས་མེད་པ་ཞིག།
གསར་སྐྱེས་ནས།
ཁྱེད་ཀྱིས་ཁག་འཇོག་བྱེད་ས་མེད་ཅེ་ན།།
རང་ཁྱིམ་དྲོན་མོ་ཡོད་སའི་རང་སྡེ་རུ་།།
རང་དབང་འཕྲོགས་ཤིང་བཙན་དབང་བེད་སྤྱད་དེ།།
སྡོད་དུ་བཅུག་མེད་ཁྱེད་དང་ང་གཉིས་ནི་།།
ཕྱི་རྒྱལ་ཡུལ་འདིར་རླུང་གིས་ཁུར་ཡོང་ངམ།།
རྨ་ཆུའི་འཇམ་དབྱངས་ཀྱིས།
ལྷ་སའི་ཇོ་བོར་གསེར་ཞལ་ཕུལ་བ།
ལྷ་སར་མ་ཐོན་ན་ཡང་ལྷ་ཡུལ་གཉིས་པ་ཞེས།།
སུད་སི་རྒྱལ་ཁབ་འདི་ན་ང་ནི་སྐྱིད་ཅིང་བདེ།།
ཇོ་བོར་མ་མཇལ་ལོ་ནས་ལོ་ཟླ་འགྱངས་ཡོད་འདུག།
ཇོ་བོར་ཞལ་གསེར་ཕུལ་འདི་ནུ་བོར་བཀའ་དྲིན་ཞུ།།
དེ་རིང་ནས་བཟུང་ཇོ་བོའི་ཞལ་གྱི་གསེར་འོད་ནང་།།
རྟ་མགྲིན་རྒྱལ་པོ་ཚང་གི་བཟའ་མི་བཞི་བོ་འདིས།།
དད་པས་ཕུལ་བའི་གསེར་ལས་འཕྲོས་བའི་འོད་མདངས་ཤིག།
འགྲོ་ཀུན་ཡོངས་ལ་ཉི་མའི་འོད་བཞིན་འཕྲོས་འདི་དགེ།
ངེད་ཅག་རྒྱལ་ཁམས་འགྲིམ་པའི་ཡུལ་གྱར་ཚོགས།།
རེ་ཞིག་ལྷ་སའི་ཇོ་བོར་བྲལ་དགོས་བྱུང་།།
འོན་ཀྱང་སེམས་རེའི་ནང་ན་ཇོ་བོ་རེ།།
རེ་རེའི་ཕྱག་ན་ཕྱིར་ཡོང་ཁ་བཏགས་རེ།།
ཞེས་ངའི་བོད་ན་བཞུགས་པའི་བཟའ་མི་ཚོ་མདོ་སྨད་ཡུལ་ནས་ལྷ་སའི་ཇོ་བོར་མཇལ་བར་བྱིན་པ་དེ་གོ་རྗེས། སྐད་འཕྲིན་ཐོག་ཏུ་ཁོང་ཚོ་དང་ཁ་བརྡའ་བྱས་བ་ཡིན་ལ། ངའི་ནུ་བོ་ལྕགས་སོ་ཅན་དེས་བཤད་རྒྱུར། ད་ལོ་ལྷ་སའི་ཇོ་བོར་མཇལ་སྐབས། ངེད་བཟའ་མི་བཞིའི་འཚབ་བགྱིས་ཏེ།ཇོ་བོར་གསེར་ཞལ་འབུལ་རྒྱུ་ཡིན་ཟེར། དེ་ལ་བཀའ་དྲིན་ཞུ་ཆེད་ངས་རང་གི་སེམས་ལ་ཤར་བ་འགའ་རེ་ཚིགས་སུ་བཅད་དེ་བྲིས་བ་ཡིན་ནོ། ༢༠༡༦།༠༢།༡༠ ལ།
ངས་ཆབ་སྲིད་མི་ཤེས།
ཆབ་སྲིད་མ་སྲིད་ངས་མི་ཤེས།།
ང་ནི་ཆབ་རོམ་ཁ་ན་མེད།།
སྲིད་ཀྱི་ནང་ན་ངའི་མིང་མེད།།
ང་ནི་འདི་འདྲའི་ཁུངས་མེད་ཅིག།
མཁྱེན་ནི་གཅིག་དེ་༧གོང་ས་མཆོག།
བདག་དབང་བོད་འབངས་སྤྱི་ལ་གནང་།།
ཤེས་ནི་གཅིག་དེ་ཀླུ་མཁར་བྱམས།།
འོན་ཀྱང་མང་བོས་འདྲེ་རུ་མཐོང་།།
སྲིད་ཀྱི་རྒྱ་མཚོར་སྐྱོད་མཁས་གྲུ་དཔོན་གཡུགས།།
སྲིད་ཀྱི་རྦ་རླབས་ཁྲོད་ན་སྣ་ཚོགས་གར།།
ཉ་འཛིན་འགའ་རེས་རང་མོས་རྩེན་པ་དེར།།
ངས་ནི་ཡ་མཚན་མ་མཐོང་འཛུམ་རེ་བསྟན།།
གསར་སྐྱེས་ནས། ༢༠༡༦།༠༢།༡༡ ལ།
པོ་ཏི་འཁུར་བའི་བོང་བུ།
མི་གསུམ་གྱིས་བསམ་ཚུལ་འབྲི་རེས།
རྟ་མགྲིན་རྒྱལ་པོ་ནས།
དོགས་པའི་ལན་དེ་སློང་བའི་ཕྱིར།།
བསམ་གཞིགས་ཁྲོད་ཀྱི་བསམ་བློ་བ།།
དེང་རབས་དམ་པ་མང་བོ་ཞིག།
དམ་ཉམས་གྲས་སུ་བརྫངས་འདི་སྐྱོ།།
རྟ་བོར་བཅིབས་པའི་མདུང་འཛིན་ལས།།
པོ་ཏི་འཁུར་བའི་བོང་བུ་སྐྱིད།།
པོ་ཏིའི་ནང་ན་ཅི་གསུངས་ལྟར།།
གཞན་ལ་སྨྲས་པར་རྒོལ་ལན་མེད།།
ས་སྒང་འདི་ལ་ཞི་བདེ་གཙོ་ཞེས་གསུངས།།
གཏམ་གྱི་རྩོད་རྙོག་མེད་ན་ཞི་བའི་གཞི།།
འདི་རེད་འདི་འགྲིག་འདི་བདེན་རིགས་སུ་གྱུར།།
ཡིན་མིན་རྩོད་རྙོག་དོར་ན་འཛམ་གླིང་བདེ།།
འཁྲུག་རྐྱེན་ཡོད་ཚད་དང་པོ་ཚིག་ལས་འབྱུང་།།
དང་པོ་ཉིད་ནས་འགད་རྫས་འཕེན་མི་སྲིད།།
པོ་ཏི་འཁུར་བའི་བོང་བུར་ཚིག་རྩུབ་མེད།།
འཇམ་པོའི་ངག་ནི་འཆམ་མཐུན་ཀུན་གྱི་རྒྱུ།།
བསྟན་པ་ནས།
ས་སྒང་འདི་ན་རྩོད་གཞི་གང་ཡོད་རུང་།།
ཡར་རྒྱས་རང་དབང་ཆེད་དུ་ཡིན་ན་ནི།།
ཕྱི་ཡི་རྣམ་པ་བཙོག་རུང་དམིགས་འབེན་དེ།།
དགོས་མཁོ་ཡོད་པ་བརྟག་ན་ཤེས་པར་སླ།།
གངས་སྦལ་ནས།
འཐབ་དང་རྩོད་པའི་བར་ན་བདེ་བ་ཞིག།
ཡིན་དང་མིན་གྱི་བར་ན་དྲང་བདེན་ཞིག།
ཕོ་མོ་འཁྲིག་པའི་བར་ན་བུ་ཕྲུག་ཞིག།
མ་རྩད་མ་བསྒྲུབ་གང་ན་ཞི་བདེ་ཞིག།
རྟ་མགྲིན་རྒྱལ་པོ་ནས།
རྩོད་གཞིའི་ཡུལ་དུ་གྱུར་བ་གང་།།
ཕྱོགས་གཅིག་ཕན་ན་ཕྱོགས་གཅིག་ཕམ།།
རྩོད་གཞི་མེད་པའི་འཆར་འགོད་དེ།།
ད་གཟོད་ཡར་རྒྱས་གཏོང་བའི་རྒྱུ།།
འཐབ་དང་རྩོད་པའི་བར་ན་ཁོང་ཁྲོ་ཞིག།
ཡིན་དང་མིན་གྱི་མཐའ་མ་དམག་འཁྲུག་ཅིག།
རྒྱལ་འབངས་འཁྲིག་པའི་བར་ནས་ཚེ་སྲོག་བརླགས།།
ཞི་བདེའི་ལམ་ཆེན་སྟེང་དུ་འགད་རྫས་བཀང་།།
གངས་སྦལ་ནས།
ཁ་རྩང་པོ་ཏི་རྒྱབ་ལ་ཁུར།
དེ་རིང་པོ་ཏི་པང་ལ་ལེན།
སང་ཉིན་པོ་ཏི་སྙིང་ལ་འཆིང།
བསམ་གཞིག་མེད་ན་ཁུར་བོ་ཅི་ལ་འཁུར།
རྟ་མགྲིན་རྒྱལ་པོ་ནས།
རྒྱབ་ཏུ་ཁུར་བའི་པོ་ཏི་པང་ལ་བླངས།།
བསམ་གཞིཊ་ཁྲོད་ནས་དོན་སྙིང་རྟོཊ་དགོས་ཆཊ།།
དོགས་པ་ཀུན་ལ་དོགས་གཞི་མིན་པས་ན།།
ཡིན་མིན་བར་ནས་རྩོད་རྙོག་འཁྲུག་པ་ཤོར།།
མཁས་པ་འཁྲུག་ན་ཤོག་བུའི་སྟེང་དུ་འཁྲུག།
བླུན་པོ་འཁྲུག་ན་གྲི་དང་མདུང་གིས་འཁྲུག།
བོད་པ་ཚང་ལ་བླུན་པོ་མང་བའི་རྐྱེན།།
མེ་མདས་འཁྲུག་རེས་ཇེ་མང་ཇེ་མང་རེད།།
(ཞེས་གོང་གི་པར་དེའི་འགྲེལ་བཤད་དེ་བཀླགས་རྗེས་ཀྱི་སེམས་ཚོར་ཙམ་ཞིག་བྲིས་བ་ཡིན།)
རྟ་མགྲིན་རྒྱལ་པོ་ནས། ༢༠༡༦།༠༢།༡༡ ལ།
དམིགས་བསལ་མེད།
ཡོད་དང་མེད་སོགས་ཚིག་ལན་འདེབས་པར་འཇུག།
དམིགས་བསལ་ཡོད་ཅེས་ཁྱེད་ལ་སུས་ལབ་འདུག།
ཡང་ན་རང་གིས་དམིགས་བསལ་ཡོད་འདོད་པར།།
རེ་ཞིག་འཕྲུལ་བར་འདོད་པས་མེད་ཅེས་གསུངས།།
ཕོ་གསར་རྫིག་པོ་ཡིན་པ་ཐག་ཆོད་རེད།།
བོད་པའི་ཕོ་གསར་ཡིན་པས་དམིགས་བསལ་མེད།།
བོང་བུ་རྫིག་པོར་མཐོང་ན་དམིགས་བསལ་ཆགས།།
གླིང་གི་རྟ་མཆོག་གྲས་སུ་མེད་པའི་ཕྱིར།།
འཇིག་རྟེན་འདི་ན་རྦབ་ཆུ་ནག་པོ་ཞིག།
སུས་ཀྱང་མཐོང་མེད་དྲི་བ་ལྐོག་གྱུར་ཞིག།
འོན་ཀྱང་འགའ་རེས་དེ་ནི་ཡོད་འདོད་ན།།
ཁྱེད་ཀྱི་ནག་སྣུམ་སྐྲ་རིང་དེའི་དཔེར་འོས།།
ཁྱེད་གདོང་སྨུག་པོའི་ཤ་མདངས་ཁྲོད་ན་རྒྱལ་རབས་ཤིག།
མཐོ་སྒང་བཙན་པོ་བོད་མིའི་རིགས་རྒྱུད་མདོ་སྨད་ཡུལ།།
རྒྱལ་ཁམས་སྲུང་བར་བྱོན་པའི་དམག་ཚོགས་གོ་ཁྲབ་ཅན།།
ཁྱེད་ཀྱི་མེས་པོ་ཡིན་པའི་ལོ་རྒྱུས་གལ་ཆེན་ཞིག།
ཅེས་གྲོགས་ Gyarak ལགས་ཀྱིས་གོང་དུ་བཀོད་པའི་རང་ཉིད་ཀྱི་འདྲ་པར་དེའི་འགྲེལ་བཤད་ལ་དམིགས་བསལ་མེད་ཅེས་བྲིས་འདུག་པར། ངས་རྩེ་མཚར་གྱིས་གོང་གི་ཤོ་ལོ་ཀ་དེ་དག་བྲིས་ཡིན།གསར་སྐྱེས་ནས། ༢༠༡༦།༠༢།༡༢ ལ།
ཕན་མི་ཐོགས་པའི་ལོ་རྒྱུས། ཕྲུ་གུ་སྐྱེ་མི་ཐུབ་པའི་རྒན་མོ།
ལོ་རྒྱུས་སུ་ཡོད་པ། མཛད་རྗེས་མེད་པ་ཞིག ད་ལྟའང་སྤྱི་ལ་ཕན་ཐོགས་དང་གཟི་བརྗིད་ལྡན་པའི་བྱ་འགུལ་སྤེལ་མི་ཐུབ་པའི་རིགས་རྒྱུད་དང་འབྲེལ་བའི་ལོ་རྒྱུས་དེ་དགལོ་རྒྱུས་སུ་མ་འདོད་པར། ལྷ་སྒྲུང་ལྟ་བུའི་ལོ་རྒྱུས་ཀྱི་གྲས་སུ་བཞག་སྟེ། ལྷིང་འཇགས་དང་བག་ཕེབས་ངང་བཞག་ན་སྤྱི་ལ་འཆམ་མཐུན་ཡོང་པར་ཕན་པ་ཆེ་སྙམ། དེ་ལས་ལྡོག་སྟེ། ཁྱིམ་ཐོའི་རང་བཞིན་ཅན་དང་ཕྱོགས་ཞེན་རིང་ལུགས་པའི་ནད་དྲི་བྲོ་བའི་རིགས་རྒྱུད་དང་འབྲེལ་བའི་རིགས་རྒྱུད་སྨྲ་བའི་ལོ་རྒྱུས་ཏེ། དེང་སྐབས་ཁྱིམ་ཚང་དང་རུ་སྡེ་མང་བོ་མཉམ་བསྡུས། མཉམ་འཛོམས་ཀྱི་ཚ་ཚ་འུར་འུར་དང་ཟིང་ཟིང་གི་རིགས་རྒྱུད་གཅིག་པའི་འདུ་འཛོམས།རུས་གཅིག་པའི་འདུ་འཛོམས།གྲུབ་མཐའ་གཅིག་པའི་འདུ་འཛོམས། འདུ་འཛོམས་འདིའི་རིགས་དེ་གལ་ཆེན་ལས་གལ་ཆུང་། གལ་ཆུང་ལས་མེད་པར་བཟོས་ན་སྤྱིའི་འཆམ་མཐུན་ལ་ཧ་ཅང་ཕན་པ་ལྡན་སྙམ་པའི་བསམ་བློ་ཞིག་ཐོན་སོང་། ནོར་སོང་ན་དགོངས་དག་ཞུ། གང་ལྟར་ང་ལ་མཚོན་ན་རིགས་རྒྱུད་བོད། རིགས་རུས་བོད། རུས་མིང་བོད། ཁྱིམ་ཚང་བོད།
དྲི་བཀུམ་གསར་སྐྱེས ༢༠༡༦།༠༢།༡༣ ལ།
གྲགས་འགུལ་མེད་པའི་སྲོག་ལྡན་འགའ།
གྲགས་མེད་འགུལ་མེད་ཁྲོད་ན་འཇམ་ཐིང་ཐིང་།།
རླུང་སྒྲ་ཁྱི་སྐད་མེད་པའི་མྱ་ངན་ཐང་།།
ཁ་དབུགས་འབྱིན་པར་འཇིགས་པའི་སྐྱེས་བུ་དག།
ཁ་དབུགས་ཁྲོད་དུ་འགོས་ནད་ཡོད་པར་འཛེམས།།
བྱ་བྱེའུ་སྐད་འབྱིན་མེ་ཏོག་མཛེས་བར་བཀྲ།།
ལྟ་གྲུབ་སྨྲ་བའི་དུང་ཆེན་འབྲུག་བཞིག་གྲགས།།
བཅོས་མེད་སེམས་ཚོར་དབྱངས་རྟ་འཛུམ་དང་ལྷན།།
འབུད་སའི་ཡུལ་དུ་མ་གྱུར་སྟོང་འདི་ཅི།།
མི་ལོ་ཉི་ཤུར་བྲལ་རྗེས་མི་རེ་ལ།།
སོ་སོར་སོ་སོའི་ཐད་ནས་གཏམ་རྒྱུད་རེ།།
འགོ་དེ་བརྩམས་རྗེས་རིམ་བཞིན་ཉམས་མྱོང་རེ།།
སྐྱིད་སྡུག་འགྱོད་སེམས་ཁྲོད་ན་ཤེས་རྟོགས་རེ།།
(ཞེས་དེང་ཐོག་རྒྱ་ཡིག་ནང་བྲིས་བ་དེ། དེ་ནས་བོད་ཡིག་ནང་བྲིས་བ་ཡིན་དང། རྒྱ་ཡིག་དང་བོད་ཡིག་ནང་བྲིས་ཡོད་པ་ཚིག་གི་ཐད་ནས་ཅུང་མི་འདྲ་བ་ཡོད་མོད། དོན་གྱིས་ཆ་ནས་གཅིག་མཚུངས་སུ་འགྲོ་སྙམ།) འདྲེ་ལག་གཡོན་པ་ནས། ༢༠༡༦།༠༢།༢༦ ལ།
བྱ་དགའ་བྱ་འཕུར་འཕུར།
འདིར། མཁས་དབང་ཞེས་བརྗོད་དགོས་བས།
མཁས་དབང་བཞུགས་སའི་ཡུལ།
འདིར། བླུན་པོ་མེད་ཅེས་བས།
ཡོད་ཚད་མཁས་པ་ཡིན།
འདིར།
མཁས་དབང་ནི་དཔོན་པོ་ཡིན་དང་ཁྲིམས་དཔོན་ཡང་ཡིན།
མཁས་པ་ནི་འབངས།
སོ་སྟོན་འཇུག་པ་དང་སོ་སྟོན་ཐུབ་པའི་འབངས།
འདིར། སོ་སྟོན་མི་ཤེས་པའི་བླུན་པོ་མེད་སྐད།
འདི་ན། མཁས་དབང་དང་མཁས་པའི་བྱ་དགའ་ཐོབ།
བྱ་དགའ་སྤྲད། བྱ་དགའ་བཟོ། བྱ་དགའ་བྱ་འཕུར་འཕུར།
ཞེས་རང་མོས་སྙན་ངག་ལ་མི་དགའ་མཁན་གྱི་བོད་པའི་མཁས་དབང་དང་མཁས་པ་འགའ་ཞིག་ལ་ཕུལ།
གསར་སྐྱེས། ༢༠༡༦།༠༢།༢༨ ཞོགས་པར།
རྟ་མགྲིན་རྒྱལ་པོའི་གདམས་ངག
རྨི་ལམ་ངོགས་སུ་ཞུགས་རྗེས་རྨི་ལམ་ལུས།།
རྨི་ལམ་དང་བྲལ་སྒོམ་པའི་ཚུལ་དུ་གནས།།
ཤེས་པ་ཕྲ་མོས་གླིང་ཀུན་འགྲིམས་པའི་ཞོར།།
ཡུ་རོབ་གླིང་འདིར་ཐེངས་ཤིག་ཕེབས་པར་གསོལ།།
༼བོད་ཁམས་ཡུལ་དུ་ཐེངས་ཤིག་འགྲོ་ན་འདོད།།༽
རྨི་ལམ་ནང་ནས་རྨི་ལམ་ཞུགས་པའི་སྔོན།།
ཁྱེད་ནི་གང་ན་བཞུགས་པ་ཤེས་བྱས་ཏེ།།
གནས་དེར་ལུས་དང་བྲལ་བའི་ཤེས་པ་དེ།།
སྐོར་བ་ཐེངས་མང་བརྒྱབ་ན་ལམ་དེར་ཕན།།
རྨི་ལམ་ནང་དུ་ཇི་ལྟར་སྐྱིད་ཀྱང་རུང་།།
དེ་ནི་རྨི་ལམ་ཡིན་པ་ཤེས་བྱས་ཤིང་།།
རྨི་ལམ་ནང་གི་འདུ་ཤེས་ཕྲ་མོ་དེ།།
རྨི་ལམ་ཕྱི་ལ་ཐོན་པར་སྦྱང་བ་མཆོག།
ཉི་མ་རེ་རེ་དང་ནི་མཚན་རེ་རེར།།
རང་ཉིད་ཉལ་བར་འདོད་པའི་སྔོན་དེ་ལ།།
སྒོམ་གྱིས་ཚུལ་དུ་བསམ་བློ་རྩེ་གཅིག་ཏུ།།
གཏད་ཅིང་རང་ལུས་ཉལ་བར་ཤེས་སུ་ཆུགས།།
ཉལ་ཡུལ་དང་ནི་དེར་གནས་ཡོད་དོ་ཅོག།
དབྱིབས་དང་ཁ་དོག་གསལ་པོར་སེམས་ལ་བཟུང་།།
གཉིད་རྗེས་རྨི་ལམ་ངོགས་སུ་རང་ཉིད་འཚོལ།།
རང་ཉིད་རྨི་ལམ་ནང་ཡོད་ཤེས་སུ་ཆུགས།།
དེ་ལྟར་རྨི་ལམ་ནང་དུ་ཞུགས་པའི་རྗེས།།
དུས་གཅིག་ནང་དུ་ཕྱོགས་གཉིས་དྲན་པར་གྱིས།།
གཅིག་ནི་འཇིག་རྟེན་ཐོག་གི་རང་ཉིད་དང་།།
གཅིག་ནི་རྨི་ལམ་ཁྲོད་ཀྱི་རང་ཉིད་དེ།།
འདི་ལྟར་ཡང་ནས་ཡང་དུ་སྦྱངས་བའི་མཐར།།
རྨི་ལམ་ཁྲོད་ཀྱི་རང་དེས་རང་ཉིད་ལུས།།
མཐོང་བར་བྱེད་ཅིང་རང་དེ་ལུས་དེ་ལ།།
འཇུག་ཐོན་རེས་མོས་སྦྱང་བ་ཤིན་ཏུ་གཙོ།།
ཐོག་པ་མེད་པར་རྣམ་ཤེས་བཤད།།
རེག་བྱ་རེག་བྱེད་མེད་པ་གསལ།།
འབྱུང་བ་ལྔ་ལས་ཐོན་པ་གང་།།
ལུས་འཚབ་འགོད་པར་རེག་བྱ་འཚོལ།།
དེ་རིང་མི་དེའི་འཚབ་བྱེད་མཁན།།
ཁ་སང་འཚོ་ནས་འཁྱམ་སོང་བའི།།
ལུས་དང་བྲལ་བའི་རྣམ་ཤེས་དེ།།
ཡང་བསྐྱར་མི་ཡི་ཚུལ་དུ་བྱོན།།
(ཞེས་ཚེ་མཇུག་ལ་མཁོ་བའི་གདམས་ངག་ཅིག་ཚེ་དཀྱིལ་དུ་བྲིས་བ་ཡིན།) འདྲེ་ལག་གཡོན་པས། ༢༠༡༦།༠༣།༠༨ ལ།
སྟོན་མཇུག་གི་ཚེར་མ།
རྒྱ་ཡིགསྟོན་མཇུག་གི་ཚེར་མ།
བོད་པ།ཚེར་མའི་སྟེང་གི་བྱེའུ་ཕྲུག
བོད་སེམས་དེ་ཚེར་མའི་གསེབ་ན་མནར།
བོད་ཁྲག་དེའི་ལོ་གཞུག་མའི་ཚེར་མ་སྐྱེ་བ་ལ།
བརླན་གཤེར་སྤྲད།
དྲི་བཀུམ་གསར་སྐྱེས་ནས། ༢༠༡༦ ལོ།
བཙན་པོའི་སྲས་མོ།
བོད་རིགས་གཅིག་པ་ཡིན་པས་ཤ་ཁྲག་ཉེ།།
ཕོ་གསར་མོ་གསར་ཡིན་པས་སེམས་ཐག་ཉེ།།
འདོད་པའི་རིགས་ལ་སྤྲོ་བས་ཚོར་བ་ཉེ།།
བཙན་པོའི་སྲས་མོར་བཙན་པོའི་བུ་བརྒྱུད་ཉེ།།
རང་ཅག་བཙན་པོའི་སྲས་དང་སྲས་མོའི་ཚོགས།།
བཙན་སའི་ཕོ་བྲང་དཀར་དམར་མ་དབང་བར།།
ཙི་ནའི་གྲོང་ན་འཁྱམ་འདི་ཅི་འདྲའི་སྡུག།
ཀྱེ་ཧུད་བཙན་པོ་རྣམ་ཤེས་འདིར་ཕེབས་རོགས།།
དེ་རིང་འདི་ན་བཙན་པོའི་སྲས་མོ་ཞིག།
མོ་ལ་འབྲེལ་ན་བཙན་པོའི་བུ་བརྒྱུད་ཅིག།
འཇིག་རྟེན་འདི་ལ་བྱོན་རྒྱུའི་སྐལ་བཟང་དུས།།
ཡོང་རྒྱུའི་རེ་བ་ཡོད་དམ་གནས་ཆུང་ལགས།།
འདྲེ་ལག་གཡོན་པས། ༢༠༡༦།༠༣།༠༨
ཨ་སྲས་གཞོན་ནུ་ལ་སྨྲས་བའི་སེམས་གཏམ།
གནམ་གཤིས་དྲོ་ལ་མི་དྲོའི་ནང་།།
ཞི་མོའི་ཚ་ལ་མི་ཚའི་ལུས།།
ཨ་སྲས་གཞོན་ནུའི་ལུས་ལ་སྦྱར།།
སྐྱིད་ཀྱི་ཉི་མས་ཨ་སྲས་འཁྱུད།།
ང་ནི་ཨ་སྲས་གཞོན་ནུ་ལྟ་བུའི་ལོ་ཆུང་མིན།།
ཨ་བྷ་བརྩེ་བ་འདྲ་བའི་ཁ་བདེ་གླུ་བ་མིན།།
དེའི་ཕྱིར་ཞི་མོའི་ཚོགས་ན་ང་ལ་དགའ་ནི་མེད།།
ང་ནི་ཅི་འདྲའི་འཇོན་ཐང་མེད་པའི་ལས་ངན་ཞིག།
ལག་པས་འཁྱུད་པ་འདོད་ཆགས་ཏེ།།
སེམས་ཀྱིས་འཁྱུད་པ་བརྩེ་བ་ཡིན།།
ཨ་སྲས་གཞོན་ནུ་སྐྱིད་འདུག་མོད།།
འོན་ཀྱང་ད་དུང་བརྟག་རྒྱུ་ཡོད།།
ཨ་སྲས་གཞོན་ནུ་ཚོར་བའི་ནང་དུ་ལྷག།
ཞི་མོའི་ཚོར་བ་གྲིབ་མའི་ནང་ནས་བརླགས།།
ཡུན་རིང་ཞིག་ཏུ་རྒྱང་ལྟ་བྱས་ཀྱང་རུང་།།
ཞི་མོ་དེ་ནི་ནུབ་ཀྱི་ཕྱོགས་སུ་ཕྱིན།།
ཡང་གཅིག་མིན་ན་ཨ་སྲས་གཞོན་ནུ་དེ།།
ཞི་མོའི་སེམས་ཀྱི་གཅེས་ཕྲུག་ཁོ་ནར་གྱུར།།
ཨ་སྲས་གཞོན་ནུ་དཀའ་བས་མནར་བ་དེ།།
སེམས་ཀྱིས་མ་བཟོད་ཞི་མོ་ཕེབས་ནས་སོང་།།
གང་ལྟར་ཨ་སྲས་ཁྱེད་ནི་ལས་ཅན་ཞིག།
ཁྱེད་ལ་རེ་བ་ཡོད་མདོག་ཁ་བོ་རེད།།
སང་ཉིན་དེ་རིང་འཕྲད་སའི་གནས་དེ་ལ།།
ཡང་བསྐྱར་སྐོར་བ་བརྒྱབ་ན་ཐུག་ཤས་ཆེ།།
འདྲེ་ལག་གཡོན་པས།༢༠༡༦།༠༣།༠༨ལ།
ཁུག་དམར།
ཁུག་དམར་ནང་ན་ཤ་དམར་ཅིག།
ཡར་རྒྱག་མར་རྒྱག་བྱེད་འདི་ཅི།།
ཚོར་གྱི་ཡོད་པ་བདེ་བ་ཞིག།
ཕྱི་ལ་ཐོན་ཚེ་གཉིད་ནས་འདུག།
ཁུག་དམར་འདོད་ན་སེམས་དམར་པོར།།
ཁྲག་གི་མིག་ཆུ་བཞུར་དུ་བཅུག།
དམར་ཕྱོགས་ལྟ་གྲུབ་གཙུག་ཏུ་བཀུར།།
དམར་པོའི་ལམ་ལ་བསྟོད་བསྔགས་བྱོས།།
འདི་དག་ཁུག་དམར་ཐོབ་པའི་རྒྱུ།།
ཁུག་དམར་ཐོན་ས་རྒྱ་དམར་ཡུལ།།
ཁ་བའི་ཡུལ་ལྗོངས་དམར་པོར་བསྒྱུར།།
ཁུག་དམར་འཕྲོག་རྩོད་བྱེད་པ་འདིས།།
མི་སེམས་ཡོད་ཚད་ཟིང་པོར་བཟོས།།
ང་ནི་ཁུག་དམར་ནང་ན་དམར་རྗེན་རྗེན།།
ཁྱེད་ནི་ཁུག་དམར་ནང་ན་ཚ་སྲེག་སྲེག།
ཁོང་ནི་ཁུག་དམར་ནང་ན་ངག་བཅད་ཅིག།
ཡོད་ཚད་ཁུག་དམར་འདི་ཡི་བཙོན་པ་ཉིད།།
དམར་རྗེན་ལ་གསང་བ་མེད།
ཚ་བ་ནི་མེའི་རང་བཞིན།
ངག་བཅད་པར་གཏམ་མེད།
བཙོན་པ་ཡིན་པ་ནི་ཀུན་གྱིས་མཁྱེན།
འདྲེ་ལག་གཡོན་པས།
སུན་ན་སྒོའི་ཕྱི་ལ་ཕེབས་རོགས།
སུན་ན།
སྒོའི་ཕྱི་ལ་བུད་ཆོག
འདི་བཙོན་ཁང་ཞིག་མིན་པས།
ཁྱེད་ཀྱང་བཙོན་མ་ཞིག་མིན་སྟབས།
འདི་ན་རང་དབང་ཡོད།
འགྲོ་བསམ་ན་འདུག་བསམ་ན།
ཉམས་ཆུང་ངང་།
སྡུག་སྐད་ཅིག་མི་འབྱིན་རོགས།
སུན་ན།
སྒོ་ལ་ཕེབས་ན་འགྲིག
ང་ཚོར་བདེ་མོ་ཟེར་ཆོག
སྒོ་ལ་ཕེབས་སྐབས་དེར།
ང་ཚོས་ཀྱང་ཁྱེད་ལ་བདེ་མོ་བྱོས་ཟེར་ཆོག
སྐྱེལ་མ་བྱེད་ཆོག
སྒོ་ལ་འགྲོ་བདེ་ན།
ཕྱིར་ལའང་ཡོང་བདེ།
ད་བདེ་མོ།བདེ་མོ་བྱོས།
སྒོ་ལ་ཕེབས་རོགས་ཞུ།འགྲོ་བདེ།ལམ་བདེ།
འདྲེ་ལག་གཡོན་པས། ༢༠༡༦།༠༣།༠༩ ལ།
རང་སེམས་དང་གཞན་སེམས།
རང་གི་སེམས་ནི་བཟང་བསྒྱུར་བ།།
གཞན་སེམས་གནོད་འཚེ་མི་གཏོང་ཕྱིར།།
རང་སེམས་ཀུན་ནས་གཙང་བས་ན།།
གཞན་གྱི་སེམས་དེར་འཚེ་མི་སྲིད།
རང་སེམས་བཟང་དུ་བསྒྱུར་བའི་སེམས་དེ་ལས།།
གཞན་ལ་གནོད་འཚེའི་དུག་ལྕེ་ཐོན་མིན་པས།།
གཞན་དེས་ཁྱེད་ནི་སྐྱོན་མེད་ལྷ་ལ་མཐོང་།།
ལྷ་ལ་བསྒྱུར་བའི་དམིགས་དཔེ་ཁྱེད་ལས་བརྙེད།།
རང་ནི་དཀར་པོ་དཀར་རྐྱང་ཞིག།
གཞན་དེ་ནག་པོ་ཇི་ལྟར་བཟོ།།
དཀར་པོ་དཀར་རྐྱང་ཡོད་ཐུབ་པ།།
ནག་པོས་རྟོགས་དང་ཉམས་ལེན་སྲིད།།
གང་ལྟར་ཡོད་ཚད་རང་གི་སེམས་དམར་པོ།།
དཀར་ནག་གང་ལ་བཟོ་ན་རང་ལ་ཐུག།
དམར་པོ་བྱས་ནས་བསྡད་ན་དཀྱིལ་དུ་བཞུགས།།
འཇིག་རྟེན་མི་བུ་ཕར་ཆེར་དཀྱིལ་ན་གནས།།
ཉམས་སུ་ལེན་དང་བླངས་པ་གང་ཡིན་ཡང་།།
ཡོད་ཚད་སེམས་དེ་སྟོང་བའི་ཁུག་མར་འཇུག།
ཡོད་པ་མེད་པའི་འགོ་དེ་བརྩམས་པར་སེམས།།
མཐའ་མར་ཅི་ཡང་མེད་པར་རྟོགས་ཤིང་སངས།།
ཞེས་དྲ་གྲོགས་ག་གེ་མོ་ཞིག་གིས། རང་དོན་གཉེར་བློ་དང་གཞན་དོན་གཉེར་བློ་དེ་གཉིས་འགལ་བ་རེད་དམ་མ་རེད་ཅེས་དྲི་བ་དེ་འདྲ་ཞིག་གི་དྲིས་པ་ལ་རང་གི་བསམ་ཚུལ་ཁ་ཤས་བྲིས་ཡིན། འདིར་འཆད་འདོད་པ་ཞིག་ནི། རང་སེམས་དེ་བཟང་ཐག་ཆོད་དང་ཡག་ཐག་ཆོད་ཅིག་རང་གིས་བཟོས་ཐུབ་སོང་ན། ཁྱེད་ཀྱིས་གཞན་ལ་གནོད་པ་སོགས་མི་ལེགས་པའི་བྱ་བ་དེའི་རིགས་བྱེད་འདོད་པའི་བསམ་ངན་ཡིད་ལ་སྐྱེ་མི་སྲིད་པས། གཞན་དེ་ལའང་རང་བཞིན་གྱིས་ཁེ་སང་ཞིག་ཐོབ་འདུག་ལ། དེ་ནི་རང་དོན་སྒྲུབ་ཞོར་དུ་གཞན་དོན་ཡང་བསྒྲུབས་ཡོད་པ་དང་གཅིག་མཚུངས་སུ་ཆགས་ཡོད་ཅེས་འཆད་འདོད་པ་དེ་ཡིན། དེ་ལྟར་ཁྱེད་ཀྱིས་མ་བསྐུལ་ཡང་རིམ་གྱིས་གཞན་པ་དེས་ཀྱང་ཁྱེད་ལས་བཟང་ཕྱོགས་ལ་འགྲོ་བའི་བསླབ་བྱ་དང་ཡོན་ཏན་སྦྱང་སྲིད་ལ། དེ་ཡང་རང་དོན་བསྒྲུབས་པའི་འབྲས་བུ་དེ་གཞན་ཐོག་ནས་སྨིན་པ་ཞིག་ཡིན་འདུག འདྲེ་ལག་གཡོན་པའམ་དྲི་བཀུམ་གསར་སྐྱེས ནས། ༢༠༡༦།༠༣།༡༡ ལ།
འདི་ནས་འབྲོག་མོར་ཕྱག་གསུམ་འཚལ།
བུ་མོ་སྤུན་གསུམ་ཅན་གྱི་ཁྱིམ་བདག་དེས།།
འཇིགས་སུ་རུང་བའི་མེ་མདེས་འཇིགས་སྐུལ་འོག།
འབྲོག་པའི་ཕོ་གསར་རྣམས་ཀྱི་རྨི་ལམ་དཀྲོགས།།
དགའ་གྲོགས་འཚོལ་པའི་རེ་བ་ཆུ་ལ་བཏབ།།
ང་ནི་ཆུང་ཐོག་ཕོ་གསར་ཡིན་པའི་དུས།།
ཉིན་མོའི་དུས་སུ་མཛེས་མར་འདོད་པ་གང་།།
མཚན་གྱི་དུས་ལ་སླེབས་ཚེ་དེའི་ཕྱོགས་སུ།།
རྟ་དང་གཡག་ལ་ཞོན་ནས་འགྲོ་མྱོང་མང་།།
སྐྱེས་བུ་ཕོ་ལ་མ་འཕྲད་བུ་མོའི་རིགས།།
མེ་ཏོག་ཅན་ཞེས་ཀུན་གྱིས་འབོད་པས་ན།།
སྐྱེས་བུ་མོ་ལ་དེང་ཐོག་འཕྲད་ས་མ།།
གསར་སྐྱེས་ང་ལ་མཚོན་ན་འབྲོག་མོ་ལགས།།
ང་ཡི་མེ་ཏོག་ལེན་མཁན་འབྲོག་མོ་སྟེ།
ང་ཡིས་མེ་ཏོག་འབུལ་ས་འབྲོག་མོ་ལགས།།
ང་ལ་མཚོན་ན་འབྲོག་མོ་དྲིན་ཆེན་ཡིན།།
དེ་རིང་འདི་ནས་འབྲོག་མོར་ཕྱག་གསུམ་འཚལ།།
དེང་གི་བཙུན་མོ་རྒྱ་མོ་ཡིན་པ་བདེན།།
འོན་ཀྱང་འབྲོག་མོའི་བཀའ་དྲིན་བརྗེད་ཀྱི་མེད།།
མི་ཚེ་གཞུག་མར་མི་ལུས་ཐོབ་སྲིད་ན།།
ངས་ནི་མེ་ཏོག་ཡང་བསྐྱར་འབྲོག་མོར་འབུལ།།
དྲི་བཀུམ་གསར་སྐྱེས་ཏེ།མིང་གཞན་འདྲེ་ལག་གཡོན་པ། ༢༠༡༦།༠༣།༡༡ ལ།

评论
发表评论