༄༅།། འགྲོ་བ་མི་ཟེར་བ།

 ༄༅།། འགྲོ་བ་མི་ཟེར་བ།


མི་གཤིས་ཟེར་ཡང་གཡོ་བའི་སེམས།།

འདོད་ཆུང་ཆོག་ཤེས་མི་བྱེད་པ།།

ཕྱོགས་རེས་ཐེན་འཁྱེར་མི་དོར་བ།།

སེམས་ཅན་གཞན་ལ་མི་བྱམས་པ།།


མི་ཚེ་ཟེར་ཡང་ཉིན་དང་མཚན།།

བརྗེ་རེས་བྱེད་པའི་དུས་ཡུན་ཙམ།།

མཚན་མོར་མི་ཚེ་རྨི་ལམ་ནང་།།

ཉིན་མོར་མི་ཚེ་སེམས་འཁྲལ་ཁྲོད།།


མི་ལུས་ཟེར་ཡང་གཙོ་ཤོས་སེམས།།

སེམས་ཀྱི་ནུས་པ་ཁྱད་པར་བས།།

སེམས་ཅན་གཞན་གྱི་བདག་དབང་འཕྲོགས།།

འཇིག་རྟེན་བརླག་པའི་རྡུལ་རྫས་བསྐྲུན།།


ཐོ་ཐོས། 25.05.2023

 


༄༅།། འབྱོར་ལྡན་པ།


ཕྱུག་མདོག་སྟོན་ནམ་རྒྱུ་ངོམ་ཕྱིར།།

འབྱོར་ལྡན་འདུ་སའི་རྩེད་ར་དུ།།

ཤོག་དངུལ་ནམ་མཁར་རླུང་རྟ་བཞིན།།

ཕངས་མེད་གཏོར་བ་མཐོང་ངམ་ཀྱེ།།


བློས་གཏོང་ཕོད་པའི་རྒྱུ་ནོར་གང་།།

སུ་ལ་མཁོ་བ་དེར་གནང་བ།།

བྱམས་བརྩེས་་བསྟུམས་པའི་སྦྱིན་པ་ལགས།།

འབྱོར་ལྡན་དག་ལ་ལྷག་མའོ།། 


ཐོ་ཐོས། 25.05.2023

评论

此博客中的热门博文

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"

༄༅།། བུ་མོ་ལཱེས་ལཱེས་ལ་བྲིས།

If I were Trump, I would say something like this: