༄༅།། ང་ཕྱིར་ཕ་ཡུལ་དུ་ཐེངས་ཤིག་ཡོང་ན་འདོད་ཀི

 ༄༅།། ང་ཕྱིར་ཕ་ཡུལ་དུ་ཐེངས་ཤིག་ཡོང་ན་འདོད་ཀི


ང་ཕྱིར་ཕ་ཡུལ་དུ་ཐེངས་ཤིག་ཡོང་ན་འདོད་ཀི

ཡུལ་ཁམས་གཞན་ཞིག་ཏུ་གནས་རྐྱེན།

ཡུལ་མི་དང་ཁ་ཐག་ཇེ་རིང་ནས་སེམས་ཐག་ཀྱང་།

ཇེ་རིང་དུ་འགྲོ་བཞིན་པའི་ཚོར་སྣང་ཞིག འཇིགས་སྣང་ཞིག

གནས་ཚང་འདི་དང་ཁ་བྲལ་ཚེ།

ཕ་ཡུལ་གྱི་ཁྱིམ་དེ་ནས་ཁང་པ་འདིའི་ནང་དུ་བཞིན།

ནམ་རྒྱུན་སྐྱིད་སྣང་ཞིག་དང་མཉམ་དུ་གནས་ཐུབ་བམ།


ཁང་པ་འདིའི་གཡས་གཡོན་གྱི་ཁང་པ་དག་ཏུ།

མི་རྣམས་བདེ་འཇགས་དང་ཞི་འཇམ་ངང་གནས།

རྣ་བས་ཐོས་རྒྱུ་མེད་པ་ནི་ཚིག་རྩུབ།

མིག་གིས་མཐོང་རྒྱུ་མེད་པ་ནི་སྤྱོད་ངན།


སོ་སོ་ནི་སོ་སོའི་ལམ་ཁ་ཞིག་ན། 

སོ་སོ་ལ་སོ་སོའི་ལྟ་བ་ཞིག

འོན་ཀྱང་ཁོང་ཚོའི་ཁ་བརྡའི་ཁྲོད་དུ།

འདི་ལྟ་ལོག་པ་དང་དེ་བསྟན་དགྲ་རེད་ཅེས།

འཛིང་རེས་མེད། 

ཕན་ཚུན་དགྲ་རུ་འཛིན་པ་མེད།

གང་ཞིག་གདོན་འདྲེ་རུ་འདོད་མཁན་མེད།


ཁོང་ཚོའི་ནམ་རྒྱུན་གྱི་ཁ་བརྡའི་ཁྲོད་དུ།

དབུལ་པོ་ཞེས་པའི་ཐ་སྙད་དེ་གོ་རྒྱུ་མེད་ཅིང་།

འབྱོར་ལྡན་ཟེར་བའི་སྐད་ཆ་དེའང་ཐོས་རྒྱུ་མེད།


འདི་ན་ང་དང་ངའི་བཟའ་མི་དག

ཁོང་ཚོ་དང་འདྲ་མཉམ།

ཡུལ་འདིའི་འབངས་བཞིན་ནོ།


ཐོ་ཐོས། 22.05.2023

ད་ལྟ་བྲིས་ཚར་ཡིན། Päffikon ནས་ Uster ལ་ཡོང་བཞིན་པའི་ལམ་དུའམ་མེ་འཁོར་ནང་དུ་བྲིས་ཡིན།

评论

此博客中的热门博文

**Gyalpo Tamding(笔名“雪山浪子”)**

悲怆的史诗与永恒的守望——评《部落人的迁移探险避难》

"ཧ་གོ་ཚར་རྗེས་ཁྱེད་རང་ཁོང་ཁྲོ་ལངས་མི་སྲིད།"