博文

目前显示的是 五月, 2024的博文

ཧ་ཧ་ཧ

  TserangDorji Tserangdorji རྒན་པོའི་གཏམ་གྱི་གླང་ཆེན་རུས།། ཤི་ན་གསོན་ན་གསེར་སྲང་སྟོང་།། ས་མཐའི་ཡུལ་གྱི་འདྲེ་ཐོ་ལགས།། གཞོན་ན་རྒས་ན་སྣང་སྐྱིད་རེད།། མེ་ལས་མཆེད་པའི་གཟུགས་པོ་སྟེ།། རྒྱལ་སྟག་ནགས་ནས་མཆོངས་པ་འདྲ།། མགྲིན་ལས་མཆེད་པས་ངར་སྐད་དེ།། འབྲོང་རྒོད་རི་ནས་ངུར་པ་འདྲ།། གཤོག་ཟུང་བརྐྱངས་པས་ལག་ཟུང་ཏེ།། གཡང་གཟར་བྲག་གི་གླག་རྒོད་འདྲ།། སྨིན་ཟུང་བསྡུས་པས་འཇིགས་ཉམས་ཏེ།། གནམ་ས་གཡོ་བའི་རླུང་ནག་འདྲ།། གསེར་མདངས་འཕྲོས་པའི་དབུ་སྐྲ་སྟེ།། རྟ་བདུན་དབང་བོའི་བརྗིད་ཉམས་འདྲ།། མཛེས་མའི་བསྐོར་པའི་གཞས་ར་འདི།། མངའ་བདག་རྒྱལ་པོའི་ཕོ་བྲང་འདྲ།།