博文

目前显示的是 十二月, 2024的博文

༄༅།། བུ་མོ་ལཱེས་ལཱེས་ལ་བྲིས།

  ༄༅།། བུ་མོ་ལཱེས་ལཱེས་ལ་བྲིས། ངས་ནི་མེ་ཏོག་བསམས་ཤིང་སྦྲང་མར་སྙམ།། ང་ནི་ཟེའུ་འབྲུའི་སྦྲང་རྩི་དཀར་པོར་ཆགས།། ང་ནི་སྦྲང་མ་ཁྱེད་ནི་མེ་ཏོག་ལགས།། ངེད་གཉིས་གར་ལ་སོང་ན་ཆོག་གམ་ཀྱེ།། ཐོ་ཐོས། 14.12.2024

༄༅།།ཁ་བ།

  ༄༅།།ཁ་བ། ཁ་བ་འབབ་ཐེངས་རེ་ལ།། ཁ་བ་གངས་རིའི་ཡུལ་གྱི།། ཁ་མཐུན་ཞེ་མཐུན་རོགས་ལོ།། ཁ་ཞེ་གཉིས་མེད་དྲན་བྱུང་།། དེ་ནི་ཆུང་དུས་རོགས་ལོ།། མེ་ཏོག་ཅན་གྱི་རོགས་ལོ།། ཁ་ཞེ་མཐུན་པའི་རོགས་ལོ།། རི་སྡེ་གཅིག་གི་ཡུལ་མི།། སྦྲ་ནག་གྲུ་བཞིའི་ནང་ནས།། འབྲོག་རྩག་དྲོན་པོ་མཐུན་མྱོང་།། རི་མགོའི་སྨུག་རླངས་དཀྱིལ་ནས།། དགའ་རབ་དུང་རབ་བཤད་མྱོང་།།

༄༅།། དེང་སང་གི་འདྲེ་ཐོ་ཐོ།

  ༄༅།། དེང་སང་གི་འདྲེ་ཐོ་ཐོ། ༼ ཐོ་ཐོ་ང་རང་གིས་རང་བརྗོད་པ།༽ དྲུག་བཅུའི་ན་སོར་ངའང་ཐོན་བསྡད་ཡོད།། ཉི་ཤུའི་ན་ཚོད་ཅན་གྱི་མཛེས་མའི་ཚོགས།། ང་དང་བར་ཐག་སྔར་ལས་རིང་དུ་སོང་།། དེང་སང་རྒན་མོ་མ་གཏོགས་བལྟ་ས་མེད།། རྒན་མོ་ལའང་མིག་གིས་བལྟ་ཙམ་དང་།། ལག་པས་རེག་ཙམ་ཕུར་མཉེ་ཙམ་ཞིག་ལས།། བཟའ་ཚང་བར་གྱི་དོན་ཆེན་ཆེས་གཙོ་བོ།། བསྒྲུབ་དང་འགྲུབ་རྒྱུའི་བསྐལ་བཟང་ཡལ་བ་འདྲ།། ཕོ་ལོ་ཉི་ཤུའི་ཡན་ཆད་སུམ་བཅུའི་བར།། མཛེས་མ་གང་མང་ཞིག་ལ་འགྲོགས་མྱོང་ཡོད།། ཧ་ལམ་རྒྱལ་ཁབ་རེ་ན་མཛེས་མ་རེ།། དེ་དུས་མགུ་བའི་དགའ་སྟོན་ཕུན་སུམ་ཚོགས།། ཐོ་ཐོས། 29.11.2024